གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་འཁོད་ཐོན་སྐྱེད་ཀྱི་གྱོན་ཆས་ལུ་ གཙོ་རིམ་བཟུང་དགོཔ་གལ་ཅན།

༢༩/༡/༢༠༡༣   ༉ རང་ལུགས་ཀྱི་ གྱོན་ཆས་དང་ ཅ་ཆས་ཚུ་ གོང་ཚད་མཐོ་དྲགས་ནི་དེ་གིས་ ལྟ་བཤལཔ་ལུ་ ཚོང་འབྲེལ་འཐབ་ད་ གོང་ཚད་ཀྱི་ ཐད་ཁར་ ཨ་ཙི་རེ་ དཀའ་ངལ་ཡོད་ལུགས་ཚུ་གི་སྐོར་ལས་ འབྲུག་ལག་བཟོ་ཚོགས་པའི་ཁྲི་འཛིན་ བསྟན་རྡོ་རྗེ་གིས་ འདས་པའི་བདུན་ཕྲག་གི་ བརྡ་བརྒྱུད་ཞལ་འཛོམས་ནང་ སླབ་ཡོདཔ་ཨིན།


ཁྲི་འཛིན་གྱིས་ བཤད་མི་དང་འཁྲིལཝ་ད་ ད་རེས་ནངས་པ་ ལག་བཟོ་ཚོང་ཁང་ མང་ཤོས་ཅིག་ནང་ རྒྱལ་ཁབ་ནང་འཁོད་ཀྱི་ ཅ་ཆས་དང་ ཕྱི་རྒྱལ་ཁབ་ལས་ ནང་འདྲེན་འབད་བའི་ཅ་ཆས་ཚུ་ སླ་བསྲེ་རྐྱབ་སྟེ་ བཞག་ཡོདཔ་ཨིན་ཟེར་ཨིན་པས།
དེ་སྦེ་བཞག་དགོ་མི་དེ་ཡང་ ཁྱིམ་ཚང་རྒྱལ་ཁབ་ རྒྱ་གར་དང་ ནེ་པཱལ་ལས་ ནང་འདྲེན་འཐབ་མི་ གྱོན་ཆས་ཚུ་ གོང་ཚད་རན་ཏོག་ཏོ་སྦེ་ ཡོད་མི་དེ་གིས་ཨིནམ་ད་ ང་བཅས་རའི་ རྒྱལ་ཁབ་ནང་ལས་ ཐོན་སྐྱེད་འབད་མི་ཚུ་ གོང་ཚད་མཐོ་དྲགས་ནི་དེ་གིས་ བཙོང་ནི་ལུ་ དུམ་གྲ་ཅིག་ ལཱ་ཁག་རྐྱབ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
རྒྱབ་ཁབ་ ནང་འཁོད་ལས་ཐོན་མི་ རང་ལུགས་ཀྱི་ གྱོན་ཆས་དང་ཅ་ཆས་ཚུ་ གོང་ཚད་མཐོ་དྲགས་དགོ་མི་དེ་ཡང་ དང་པ་ཟེརཝ་ད་ རྒྱུ་ཆས་ཚུ་ ནང་འདྲེན་འབད་དགོཔ་མ་ཚད་ གཉིས་པ་ཟེརཝ་ད་ དུས་ཚོད་འགོར་ནི་དེ་གིས་ གོང་ཚད་མཐོ་སུ་སྦེ་ རྐྱབ་དགོཔ་བྱུངམ་མས་ཟེར་ཨིན་པས།
ལག་བཟོ་ཚོང་ཁང་ནང་ དཀའ་ངལ་ཡོད་ལུགས་སྐོར་ལས་ འབྲུག་ལག་བཟོ་ཚོགས་པའི་ བཀོད་ཁྱབ་འཐུས་མི་ འཆི་མེད་ཀྱིས་ སླབ་མི་དང་འཁྲིལཝ་ད་ རང་ལུགས་ཀྱི་ཅ་ཆས་ མཁོ་མངགས་འབད་བའི་སྐབས་ དཔེར་ན་ ཡ་ཁྲ་བཟུམ་ཅིག་འབད་བ་ཅིན་ ཧེ་མ་འཐག་མི་དང་ ཤུལ་ལས་འཐག་མིའི་ ཡ་ཁྲ་ཚུ་ བཅོག་རང་འཐདཔ་སྦེ་ ཐོན་མ་ཚུགས་པའི་དཀའ་ངལ་ཚུ་འདུག་ཟེར་ཨིན་པས།
གཞུང་གིས་ མ་དངུལ་རྒྱབ་སྐྱོར་ཚུ་ གནང་ཐོག་ལས་ རང་ལུགས་ཀྱི་ ཅ་ཆས་གོང་འཕེལ་དང་ ལྟ་བཤལཔ་ཡར་སེང་འབད་ཐབས་ལུ་ ཕྱི་རྒྱལ་ཁབ་ སིང་ག་པོར་དང་ རྒྱ་ནག་ཚུ་ནང་ རང་ལུགས་ཀྱི་ཅ་ཆས་ འགྲེམས་སྟོན་འབད་བར་སོང་ཡི་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་ཀྱི་ ཅ་ཆས་ལུ་ སྤྲོ་བ་དང་ དག་སྣང་བསྐྱེད་མི་ མང་རབས་ཅིག་ ཐོན་ཡོདཔ་ལས་ གཞུང་གི་ཁ་ཐུག་ལས་འབད་རུང་ ད་ལས་ཕར་ ན་གཞོན་ཚུ་ལུ་ སེམས་ཤུགས་བསྐྱེད་བཅུག་ཐབས་ལུ་ ལས་རིམ་ཚུ་བཟོ་ཐོག་ལས་ རྒྱལ་ཁབ་ཀྱི་ ན་གཞོན་ཚུ་ བཟོ་རིག་༡༣ གྱི་ ལཱ་ཚུ་ནང་ སྤྲོ་བ་དང་ སེམས་ཤུགས་བསྐྱེད་བཅུག་ནི་དེ་ ཁག་ཆེ་བས་ཟེར་ བསྟན་རྡོ་རྗེ་གིས་ བཤདཔ་ཨིན་པས།
ད་ཚུན་གྱི་བར་ན་ ལག་བཟོ་ཚོང་ཁང་ཚུ་ནང་ ཕྱི་རྒྱལ་ཁབ་ལས་ ནང་འདྲེན་འབད་བའི་ཅ་ཆས་ཚུ་ གོང་ཚད་ཁེ་སུ་སྦེ་ ཡོད་མི་དེ་ཡང་ དང་པ་ གྱངས་ཁ་ལེ་ཤ་སྦེ་ཐོབ་ཚུགསཔ་མ་ཚད་ གོང་ཚད་རན་ཏོག་ཏོ་ཡོད་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་ནང་ལས་ ཐོན་སྐྱེད་འབད་མི་ཅ་ཆས་ཚུ་ གྱངས་ཁ་ ག་དེ་མང་མང་བཟོ་སྟེ་ ཚོང་འབྲེལ་འཐབ་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་ ཤུལ་ལས་ ཕྱིར་ཚོང་གི་ གོ་སྐབས་སྦོམ་འདུག་ཟེར་ བདེ་སྐྱིད་ཀྱིས་ སླབ་ཨིན་པས།
རྒྱལ་ཁབ་ནང་ རང་ལུགས་ཀྱི་ཅ་ཆས་ཚུ་ མི་ཉམས་གོང་འཕེལ་གཏང་དགོཔ་འདྲཝ་ཅིག་འབད་བ་ཅིན་ ནང་འདྲེན་འབད་ནི་དེ་ མར་ཕབ་རྐྱབ་ཞིནམ་ལས་ ང་བཅས་རའི་ རང་ལུགས་ཀྱི་ ཅ་ཆས་ཚུ་ལུ་ གཙོ་བོར་བཏོན་ཏེ་ ཚོང་འབྲེལ་འཐབ་དགོཔ་དེ་ གནམ་མེད་ས་མེད་ ཁག་ཆེ་བས་ཟེར་ཨིན་པས།
ལག་བཟོ་ཚོང་ཁང་ཚུ་ནང་འབད་རུང་ ནང་འདྲེན་འབད་མིའི་ ཅ་ཆས་ཚུ་རང་ དར་ཁྱབ་བཏང་སྟེ་ བཞག་དཔ་འདྲཝ་ཅིག་འབད་བ་ཅིན་ རང་ལུགས་ཀྱི་ཅ་ཆས་ཚུ་ དུས་ནམ་ཡང་ གོང་འཕེལ་འགྱོ་མི་ཚུགས་ནི་མས་ཟེར་ འབྲུག་ལག་བཟོ་ཚོགས་པའི་ ཁྲི་འཛིན་ བསྟན་རྡོ་རྗེ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment