གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་མཉམ་རུབ་ཚོགས་པ་གིས་ འགོ་ཐོག་འདེམས་ངོ་༨ ཀྱི་ངོ་སྤྲོད།

༢༦/༡/༢༠༡༣   ༉ ཁ་ཙ་ འབྲུག་མཉམ་རུབ་ཚོགས་པ་གིས་ འགོ་དང་པ་ ཚོགས་པའི་འདེམས་ངོ་༨ ཀྱི་ ངོ་སྤྲོད་འབད་ཡོདཔ་ཨིན་པས།
འཇིགས་མེད་བཟང་པོ་(མོང་སྒར་འདེམས་ཁོངས)
འཇིགས་མེད་བཟང་པོ་(མོང་སྒར་འདེམས་ཁོངས)
ཌོག་ཊར་ སེངྒེ་རྣམ་རྒྱལ་(མཁར་དང་ གཡུ་རུང་འདེམས་ཁོངས)
ཌོག་ཊར་ སེངྒེ་རྣམ་རྒྱལ་(མཁར་དང་ གཡུ་རུང་འདེམས་ཁོངས)
ཡེ་ཤེས་དཔལ་འབྱོར་(ནུབ་སྦིས་དང་
སྟང་སི་སྦྱིས་འདེམས་ཁོངས)
ལས་སྐྱིད་རྡོ་རྗེ་(བར་དོ་དང་
ཀྲོང་འདེམས་ཁོངས)
ཌོག་ཊར་ རྟ་མགྲིན་རྡོ་རྗེ་(སྟོད་ཝང་དང་ གླིང་མུ་འདེམས་ཁོངས)
ཉི་མ་ཚེ་རིང་(རྡོ་སྒར་དང་ ཤར་པ་འདེམས་ཁོངས)


འདེམས་ངོ་༨ ཀྱི་གྲས་ལས་ ཤེས་རིག་གི་ སློབ་སྟོན་ནང་ ལོ་ངོ་མང་རབས་ཅིག་སོང་ཡོད་མི་དང་ དྲང་དཔོན་བགྲེསཔ་ གསོ་བ་དང་དཔལ་འབྱོར་གྱི་ གྲོས་སྟོན་མཁས་མཆོག་ དེ་ལས་ རང་བཞིན་གནས་སྟངས་ནང་ གནམ་གཤིས་འགྱུར་བགྲོད་ཀྱི་མཁས་མཆོག་ མི་མང་འཛིན་སྐྱོང་ནང་ གཙུག་ལག་ཤེས་ཡོན་ཅན་གྱི་ མཁས་མཆོག་ཚུ་ ཡོདཔ་ཨིན་པས།
ཚོགས་པ་དེ་ མི་མང་ལུ་ གདམ་ཁ་ལེགས་ལྡན་བྱིན་ནིའི་དོན་ལུ་ གཞི་བཙུགས་འབད་ཡོདཔ་སྦེ་ སླབ་མི་དང་བསྟུན་ འདེམས་ངོ་ཚུ་ཡང་ ཉམས་མྱོང་ཅན་དང་ ཤེས་ཡོན་ཅན་ དེ་ལས་ ལྕོགས་གྲུབ་ཅན་ཙང་ཙ་ར་ གདམ་འཐུ་འབད་ཡི་ཟེར་ བཤདཔ་ཨིན་པས།

འདེམས་ངོ་༨ པོ་དེ་ ཚོགས་པ་ཐོ་བཀོད་གྲུབ་པའི་ བདུན་ཕྲག་༡ དེ་ཅིག་གི་ཤུལ་ལས་ ངོ་སྤྲོད་འབད་ཡོད་པའི་ཁར་ ཚོགས་པ་དེ་ནང་ རྫོང་ཁག་༢༠ ནང་ལས་ ཐོ་བཀོད་ཅན་གྱི་འཐུས་མི་༡༣༥ ཡོདཔ་མ་ཚད་ ཚོགས་པ་ཐོ་བཀོད་འབད་བའི་སྐབས་ འོས་འབབ་ཅན་གྱི་ འདེམས་ངོ་༤༡ གཏན་འཁེལ་སོང་ཡོདཔ་སྦེ་ བཤདཔ་ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།

No comments:

Post a Comment