གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨར་རྐུན་ཤོར་མི་ བརྒྱད་སྟོང་པ་གསེར་བྲིསམ་ ལོག་ཐོབ་ཡོདཔ།

༉ གཞལམ་སྒང་ལུ་ བརྒྱད་སྟོང་པ་གསེར་བྲིསམ་ཅིག་ ཨར་རྐུན་འབད་མིའི་ནང་ འབྲེལ་བ་ཡོད་མི་ ཕོ་སྐྱེས་༡༠ ཁྲིམས་སྲུང་འགག་པ་ཚུ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཤོག་གྲངས་༣༣༠ འབད་མི་ བརྒྱད་སྟོང་པ་གསེར་བྲིསམ་དེ་ གཞལམ་སྒང་ ནང་སྐོར་རྒེད་འོག་ ཉ་མཁར་ལྷ་ཁང་ནང་ལས་ ཨརཝ་ཤོར་ཡོདཔ་ཨིན་པས།



ལྷ་ཁང་གི་ དཀོན་གཉེར་དེ་གིས་ སྤྱི་ཟླ་༡ པའི་ཚེས་༡༧ ལུ་ ཉ་མཁར་གཡུས་ཚན་གྱི་ མི་སེར་ཚུ་ལུ་ བརྒྱད་སྟོང་པ་གསེར་བྲིསམ་དེ་ ལོ་བསྟར་བཞིན་དུ་ ཚེས་བཅུའི་སྐབས་ མཇལ་ཁ་གནང་སྲོལ་ཡོད་དོ་བཟུམ་སྦེ་ མཇལ་ཁ་གནང་ནི་སྦེ་ ཨིས་ཊིལ་ལྕགས་སྒྲོམ་ནང་ལས་ བཏོན་པར་འགྱོཝ་ད་ ག་ཏེ་ཡང་མེད་པའི་ ངོས་འཛིན་བྱུང་ཡི་ཟེར་ཨིན་པས།
ཐིམ་ཕུའི་ ཁྲིམས་སྲུང་འགག་པ་ཚུ་གིས་ སྤྱི་ཟླ་༡ པའི་ཚེས་༡༩ ལུ་ ཐིམ་ཕུ་རཱམ་ཏོག་ཏོ་ལས་ སྐྱེས་ལོ་༣༤ དང་༤༥ ལང་མི་ ཕོ་སྐྱེས་༢ བརྒྱད་སྟོང་པ་གསེར་བྲིསམ་དང་གཅིག་ཁར་ འཛིན་བཟུང་འབད་ཡོདཔ་ཨིན་པས།
བུམ་ཐང་ལས་ཨིན་མི་ ཕོ་སྐྱེས་༢ པོ་དེ་གིས་ སྣུམ་འཁོར་ཀཱར་ སུ་ཡིཕ་ ཌི་ཛ་ཡེར་ཅིག་ བདའ་ཞིནམ་ལས་ ཐིམ་ཕུ་ལུ་ བརྒྱད་སྟོང་པ་གསེར་བྲིསམ་དེ་ བཙོང་པར་འབག་འོང་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་གིས་ སྙན་ཞུ་ཐོབ་མི་དང་འཁྲིལ་ཏེ་ སྐྱེས་ལོ་༦༥ ལང་མི་དང་༣༠ ལང་མི་ དོགས་ཅན་ཕོ་སྐྱེས་༢ པོ་དེ་ ཐིམ་ཕུ་སེམས་རྟོགས་ཁ་ལས་ འཛིན་བཟུང་འབད་ཡོདཔ་ད་ དེ་བསྒང་ ཁོང་༢ ཆ་ར་ བརྒྱད་སྟོང་པ་གསེར་བྲིསམ་དེ་ གོང་ཚད་འགྲིག་པར་ འགྱོ་བའི་བསྒང་་ཨིན་པས།
ཨར་རྐུན་ནང་ འབྲེལ་བ་ཡོད་མི་ ཀྲོང་གསར་ལས་ སྐྱེས་ལོ་༥༦ ལང་མི་ ཕོ་སྐྱེས་༡ བུམ་ཐང་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ བུམ་ཐང་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དེ་ནང་འབྲེལ་གཏོགས་འབད་མི་ ད་རེས་འབདཝ་ད་ གཞལམ་སྒང་ལས་སྐྱེས་ལོ་༥༢ ལང་མི་ ཕོ་སྐྱེས་༡ དང་ ཀྲོང་གསར་ལས་ཕོ་སྐྱེས་༡ བུམ་ཐང་ལས་སྐྱེས་ལོ་༤༩ ལང་མི་ ཕོ་སྐྱེས་༡ གསར་སྤང་ལས་སྐྱེས་ལོ་༤༨ ལང་མི་ཕོ་སྐྱེས་༡ གཞལམ་སྒང་ལས་ སྐྱེས་ལོ་༤༥ ལང་མི་ཕོ་སྐྱེས་༡ དང་ ད་རུང་ སྐྱེས་ལོ་༣༦ ལང་མི་ གཞལམ་སྒང་ལས་ ཕོ་སྐྱེས་༡ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་བཙུགས་ཡོདཔ་ཨིན་པས།
ཨིན་རུང་ ཁྲིམས་སྲུང་འགག་པ་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ ཞིབ་དཔྱད་ཚུ་འབད་བའི་བསྒང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་དང་གཅིག་ཁར་ ཞིབ་དཔྱད་འབད་བར་སོང་མི་ ནང་སྐོར་རྒེད་འོག་གི་ བདག་སྐྱོང་གི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ས་གནས་ཀྱི་ མི་ཚུ་གིས་ཡང་ ཨར་རྐུན་ནང་ འབྲེལ་གཏོགས་འབད་བའི་ དོགས་པ་ཡོད་ཟེར་ སླབ་ཨིན་པས།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ བརྒྱད་སྟོང་པ་གསེར་བྲིསམ་དེ་ ལྕགས་སྒྲོམ་ནང་ལས་ འཐུ་འབག་ཞིནམ་ལས་ ལོག་སྟེ་ར་ ལྡེ་མིག་རྐྱབ་བཞག་ཡོདཔ་མ་ཚད་ བརྒྱད་སྟོང་པ་དེ་ ལྕགས་སྒྲོམ་ག་ཏེ་ནང་ བཙུགས་བཞག་ཡོདཔ་ཨིན་ན་ ལེགས་ཤོམ་སྦེ་ར་ ཤེས་ནུག་ཟེར་ སླབ་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ

No comments:

Post a Comment