གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་སྤྱིར་དབང་ཚོགས་པའི་དམིགས་དོན་གཙོ་བོ་ ན་གཞོན་ལཱ་གཡོག་མེད་མི་ཚུ་ལུ་ཨིནམ།

༡/༢/༢༠༡༣   ༉ འབྲུག་སྤྱིར་དབང་ཚོགས་པའི་ དམིགས་དོན་འགྲུབ་ནི་ལུ་ གལ་གནད་ཅན་གྱི་རྩ་དོན་༢༥ ཡོད་མིའི་གྲས་ལས་ གཅིག་ མ་འོངས་རྒྱལ་ཁབ་ སྒྲིང་སྒྲིང་བཟོ་ཐབས་ལུ་ ན་གཞོན་ཚུ་ ཁག་ཆེ་ཤོས་ཅིག་སྦེ་ ཡོད་ནི་དེ་གིས་ ན་གཞོན་ལུ་ དབང་ཆ་བྱིན་ནི་དེ་ཨིན་ཟེར་ ཁ་ཙ་ བརྡ་བརྒྱུད་ཀྱི་ཞལ་འཛོམས་ཐེངས་༣ པ་ འགོ་འདྲེན་འཐབ་པའི་སྐབས་ལུ་ བཤདཔ་ཨིན་པས།
གཙོ་འཛིན་ལི་ལི་དབང་ཕྱུད་དང་ ན་གཞོན་ཚུ།


འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ནངས་པ་ རྒྱལ་ཁབ་ནང་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་དང་ སྨྱོ་རྫས་ལག་ལེན་འཐབ་ནི་ དེ་ལས་ ཁྱིམ་ནང་ ཕམ་ཚུ་འཐབ་རྩོད་འབད་མི་ལུ་བརྟེན་ ན་གཞོན་གྱི་ དཀའ་ངལ་ལེ་ཤ་ཅིག་ར་ ཐོནམ་མས་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པ་དང་ འབྲུག་པའི་ན་གཞོན་ ལཱ་གཡོག་མ་ཐོབ་པར་ཡོད་མི་ཚུ་ སྤྱི་ཟླ་༡ པའི་ཚེས་༦ ལུ་ ཞལ་འཛོམས་འཚོགས་པའི་སྐབས་ ན་གཞོན་དང་འབྲེལ་བའི་ དཀའ་ངལ་དང་ དེ་ཚུ་ བསལ་ཐབས་ཀྱི་སྐོར་ལས་ གྲོས་བསྡུར་ཚུ་ཡང་ འབད་ཡོདཔ་ཨིན་པས།
ད་ཚུན་གྱི་བར་ན་ ན་གཞོན་དང་འབྲེལ་བའི་དཀའ་ངལ་ སྦོམ་ཤོས་དེ་ ལཱ་གཡོག་མ་ཐོབ་པར་ ཡོད་མིའི་ དཀའ་ངལ་དེ་ ཨིན་མས་ཟེར་ཨིན་པས།
འདི་བཟུམ་གྱི་ དཀའ་ངལ་བྱུང་མི་དེ་ཡང་ ན་གཞོན་ཚུ་གིས་ ཁོང་ར་གིས་ མནོ་དོན་ལྟར་ ལཱ་གཡོག་ཐོབ་མ་ཚུགས་པའི་ཁར་ ལཱ་གཡོག་གི་ས་སྟོང་ཡོད་མི་ཚུ་ ན་གཞོན་ཚུ་གིས་ མ་དགའ་མི་ལུ་བརྟེན་ དཀའ་ངལ་དེ་བསལ་མ་ཚུགས་པར་ འཐོན་བཞིན་དུ་ར་ ལུས་སོ་ནུག་ཟེར་ཨིན་པས།
ན་གཞོན་མང་ཤོས་ཅིག་གིས་ར་ སྒེར་སྡེ་ཚུ་ནང་ ལཱ་གཡོག་གི་གནས་སྟངས་དེ་ ཏན་ཏན་མེད་ནི་དེ་གིས་ དེ་ནང་ འཛུལ་མ་བཏུབ་པར་ཡོདཔ་ལས་ གལ་སྲིད་ག་དེམ་ཅིག་སྦེ་ འབྲུག་སྤྱིར་དབང་ཚོགས་པ་དེ་ བཙག་འཐུ་གྲུབ་པ་ཅིན་ སྒེར་སྡེ་ཚུ་དང་ ཁ་སླབ་ཞིནམ་ལས་ གཡོག་བྱིན་ཏེ་ཡོད་མི་ཚུ་ སྒྲིང་སྒྲིང་བཟོ་ནི་དང་ ཐོབ་ཁུངས་ཀྱི་ ཐད་ལས་འབད་རུང་ ཡར་དྲག་གཏང་ནིའི་ནང་ སྒེར་སྡེ་དང་ མཉམ་འབྲེལ་གྱི་ཐོག་ལས་ ཁ་སླབ་ཞིནམ་ལས་ ལེགས་བསྒྱུར་འབད་ནི་ཟེར་ཨིན་པས།
འདི་དང་འདྲཝ་སྦེ་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་ཚུ་ཡང་ ཡར་སེང་འབད་ནིའི་ འཆར་གཞི་ཚུ་ཡོད་ཟེར་ཨིན་པས།
ན་གཞོན་དང་འབྲེལ་བའི་ དཀའ་ངལ་གཞན་མི་ སྨྱོ་རྫས་ལག་ལེན་འཐབ་ནི་ རང་སྲོག་བཅད་ནི་ བྱ་ངན་འབད་ནི་ དེ་ལས་ ལོ་ན་ཆུང་ཀུའི་བསྒང་ལས་ ཨ་ལོ་སྐྱེ་ནི་ཚུ་ བཀག་ཐབས་འབད་ནི་དེ་ ཨིན་ཟེར་ཨིན་པས།
རྒྱལ་ཁབ་ནང་ དེ་བཟུམ་གྱི་དཀའ་ངལ་ཐོན་དགོ་མི་དེ་ སྨྱོ་རྫས་ཚུ་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགས་ནི་དེ་གིས་ཨིནམ་ད་ ཕྱོགས་ཅིག་ལས་ བཟའ་ཚང་སྡུག་རྩུབ་ཀྱི་དཀའ་ངལ་དང་ དབུལ་ཕོངས་ཀྱི་དཀའ་ངལ་ཚུ་གིས་ཡང་ འདི་ལུ་ལྷན་གྲོགས་འབད་བའི་ངོས་འཛིན་བྱུང་ཡི་ཟེར་ ལི་ལི་དབང་ཕྱུག་གིས་ བཤདཔ་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་ ཁ་ཐུག་ལས་འབད་བ་ཅིན་ ན་གཞོན་གྱི་ དཀའ་ངལ་ཚུ་ ལེགས་ཤོམ་སྦེ་ དབྱེ་དཔྱད་འབད་དེ་དཀའ་ངལ་བསལ་ཐབས་འབད་ནི་ཨིན་མི་དེ་ཡང་ དཔེར་ན་ སློབ་གྲྭ་ནང་ བཟུམ་ཅིག་འབད་བ་ཅིན་ ན་གཞོན་ཚུ་དང་འབྲེལ་བ་ཡོད་མི་ ལས་རིམ་འདྲ་མིན་སྣ་ཚོགས་གཞི་བཙུགས་འབད་ཞིནམ་ལས་ ན་གཞོན་ཚུ་ འབྲེལ་གཏོགས་འབད་བཅུག་ནི་དང་ རྒྱལ་ཁབ་གཞན་ནང་གི་ ན་གཞོན་ཚུ་ཡང་ རང་གི་རྒྱལ་ཁབ་ནང་ འབོ་ཞིནམ་ལས་ དཔེ་སྟོན་ལེགས་ཤོམ་ཚུ་ སྟོན་བཅུག་ནི་གིས་མ་ཚད་ འབྲུག་པའི་ན་གཞོན་ཚུ་ཡང་ ཕྱི་རྒྱལ་ཁབ་ཚུ་ནང་ བཏང་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
ད་ལྟོ་ འབྲུག་སྤྱིར་དབང་ཚོགས་པ་གིས་ ཐིམ་ཕུ་ལུ་ཡོད་པའི་ ན་གཞོན་ཚུ་དང་ཅིག་ཁར་རྐྱངམ་གཅིག་ གྲོས་བསྟུན་འབད་དེ་ དཀའ་ངལ་ཚུ་གི་སྐོར་ལས་ ཤེས་རྟོགས་བྱུང་ཡོདཔ་ཨིན་རུང་ རྫོང་ཁག་༢༠ གི་ ན་གཞོན་ཚུ་དང་གཅིག་ཁར་ཡང་ གྲོས་བསྟུན་ཚུ་ འབད་ནི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment