གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་ལུ་ དགེ་སློང་༡ ལུ་ ཤི་རྐྱེན་དང་ གཞན་༦ ལུ་རྨ་སྐྱོན།

༡/༢/༢༠༡༣   གནོད་སྐྱོན་བྱུང་མི་ཚུ་གི་གྲས་ལས་༢ ཨ་ལུ་ཨིནཔས།
༉ ཁ་ཙ་ཉིན་མར་ འབྲུག་གི་སྣུམ་འཁོར་མ་རུ་ཏི་བེན་ཅིག་ རྒྱ་གར་ཨ་སམ་གྱི་ཁྲོམ་སྡེ་ བོང་གའི་གཱོན་ལུ་ ཐུག་རྐྱེན་བྱུངམ་ལས་ སྐྱེས་ལོ་༢༨ ལང་མི་ དགེ་སློང་ཅིག་ ཁ་འཐུམ་མར་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ལམ་འགྲུལཔ་གཞན་༦ ལུ་ རྨ་སྐྱོན་ཚབས་ཆེན་བྱུང་ཡོདཔ་ཨིན་པས།


ཚེ་འདས་དགེ་སློང་དེ་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པའི་ དཀྱུས་མ་ཅིག་ཨིན་མི་ དེད་གཡོགཔ་གི་ སྐུདཔོ་ཨིནམ་ད་ བཟའ་ཚང་དེ་ བསམ་གྲུབ་ལྗོངས་མཁར་ མར་ཚ་ལ་ལུ་ འགྱོ་བའི་བསྒང་ཨིན་པས།
ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པའི་ ལོ་རྒྱུས་དང་འཁྲིལཝ་ད་ ཁོང་གིས་ ཐུག་རྐྱེན་བྱུང་མིའི་སྐོར་ལས་ ཉིན་མའི་ཆུ་ཚོད་༢.༣༠ ལུ་ སྙན་ཞུ་ཐོབ་པའི་ཤུལ་ལུ་ ཅ་པའི་གུ་རི་ལུ་ཡོད་མི་ རྒྱ་འབྲུག་མཐུན་ཚོགས་པའི་ འཐུས་མི་ཅིག་ལས་ གྲོགས་རམ་ལེན་ཡི་ཟེར་ཨིན་པས།
རྒྱ་འབྲུག་མཐུན་འབྲེལ་ཚོགས་པའི་ འཐུས་མི་དེ་གིས་ གནད་དོན་དེ་གི་སྐོར་ལས་ བོང་གའི་གཱོན་གྱི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་མ་ཚད་ རྨ་སྐྱོན་བྱུང་མི་ཚུ་ ས་གནས་ཀྱི་ སྨན་ཁང་ནང་ བསྐྱལ་ཡོདཔ་སྦེ་ སླབ་དེས་ཟེར་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
ཐུག་རྐྱེན་དེ་ ག་དེ་སྦེ་ བྱུང་བྱུངམ་ཨིན་ན་ མ་ཤེསཔ་ལས་ ཕུན་ཚོགས་གླིང་ལུ་སྡོད་མི་ ལ་ལུ་ཅིག་གིས་འབད་བ་ཅིན་ སྣུམ་འཁོར་དེ་ ལམ་འགྱོ་བའི་བར་ན་ ཐུག་རྐྱེན་བྱུང་ཡོད་རུང་ དགེ་ལེགས་ཕུག་གི་ མི་ཚུ་གིས་ སླབ་མིའི་ནང་ མ་རུ་ཏི་བེན་དེ་ སྣུམ་འཁོར་ཊཱག་དང་ ཁ་ཐུག་རྐྱབ་ནུག་ཟེར་ཨིན་པས།
དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་དེ་ ཁ་ཙ་ ཕྱི་རུའི་ཆུ་ཚོད་༤ དེ་ཅིག་ཁར་ སྙན་ཞུ་ཐོབ་པའི་ཤུལ་ལུ་ ཞིབ་དཔྱད་འབད་བར་ བོང་གའི་གཱོན་ལུ་ སོང་ཡོདཔ་ལས་ ལོག་མ་ལྷོདཔ་ཨིན་པས།
ཐུག་རྐྱེན་བྱུང་མི་ སྣུམ་འཁོར་དེ་ བསམ་གྲུབ་ལྗོངས་མཁར་ལུ་ འགྱོ་ནིའི་དོན་ལུ་ སྤྱི་ཟླ་༡ པའི་ཚེས་༢༩ ལུ་ ཕུན་ཚོགས་གླིང་ས་མཚམས་སྒོ་ར་ནང་ འཛུལ་ཡོདཔ་ཨིན་རུང་ ངོ་རྒོལ་འགྲེམ་སྟོན་ལུ་བརྟེན་ ལམ་བཀག་ཡོདཔ་ལས་ འགྱོ་མ་ཚུགས་པས་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment