གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕྱི་འབྲེལ་བློན་པོ་ལུ་ངོས་འཛིན་རྟཊ་མ།

༡/༢/༢༠༡༣   ༉ བང་ལ་དེཤ་རྒྱལ་ཁབ་ཀྱི་ རང་དབང་དམག་འཐབ་སྐབས་ ལྷན་ཐབས་འབད་ཡོད་པའི་ ངོས་འཛིན་རྟགས་མ་དེ་ ཁ་ཙ་ ཕྱི་འབྲེལ་ལྷན་ཁག་གི་ ཞལ་འཛོམས་ཁང་ནང་སྦེ་ བློན་པོ་ཨྱོན་ཚེ་རིང་ལུ་ ཕུལ་ཡོདཔ་ཨིན།
བང་ལ་དེཤ་གི་གཞུང་ཚབ་ ཨིམ་ཏི་ཡཱཛ་ ཨ་མེཌ་གིས་ ཕྱི་འབྲེལ་བློན་པོ་ ཨྱོན་ཚེ་རིང་ལུ་ ངོས་འཛིན་རྟགས་མ་ ཕུལ་བའི་བསྒང་།


ངོས་འཛིན་རྟགས་མ་དེ་ཡང་ བང་ལ་དེཤ་གི་གཞུང་ཚབ་ ཨིམ་ཊི་ཨཱཛ་ ཨ་མེཌ་གིས་ཕུལ་ཡི།
ཕྱི་འབྲེལ་བློན་པོ་ལུ་ དེ་བཟུམ་མའི་ རྟགས་མ་ཕུལ་དགོ་མི་དེ་ཡང་ སྤྱི་ལོ་༡༩༧༡ ལུ་ བང་ལ་དེཤ་གིས་ རང་དབང་གི་ དམག་འཁྲུག་ལང་པའི་སྐབས་ ཆ་རོགས་དང་ ལྷན་ཐབས་འབད་གནང་ཡོད་པའི་ ངོས་འཛིན་ལུ་ ཨིན་པས།
བློན་པོ་ཨྱོན་ཚེ་རིང་གིས་ མིག་ཆུ་་ཤོར་ཡི་ར་ དེ་བཟུམ་མའི་ རྟགས་མ་ཐོབ་མི་དེ་ལུ་ གནམ་མེད་ས་མེད་ སེམས་དགའ་ཡི་ཟེར་ གསུངས་ཡི།
བློན་པོ་གིས་ བཤད་མི་དང་འཁྲིལཝ་ད་ དེ་བསྒང་ ཁོ་གིས་ བདུན་ཕྲག་༣ དང་༤ དེ་ཅིག་གི་རིང་ སྐྱབས་བཅོལ་བ་ཚུ་ ཐོ་བཀོད་འབད་ནིའི་ནང་ ཁས་བླངས་ཐོག་ལུ་ ལཱ་འབད་མི་ཚུ་ དཔྱད་རིག་བཏངམ་མས་ཟེར་ཨིན་པས། མ་གཞི་ མི་སེར་ཚུ་ལུ་ དཀའ་སྡུག་མྱོང་མི་དེ་ ག་ཏེ་ཡང་ཡོདཔ་ཨིན་རུང་ དེའི་ནང་ལས་ཡང་ ཨ་ལུ་ཚུ་ལུ་ དཀའ་ངལ་བྱུངམ་ད་ མནོ་མི་ཚུགས་པས་ཟེར་ཨིན་པས།
གཞུང་ཚབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༡༩༧༡ ལུ་ བང་ལ་དེཤ་གི་ རང་དབང་དམག་འཐབ་ཀྱི་སྐབས་ གྲོགས་རམ་དང་ ལྷན་ཐབས་འབད་མི་ མི་ངོ་༦༠ དེ་ཅིག་ལུ་ རྗེས་སུ་ཡིད་རངས་ཀྱི་ རྟགས་མ་ཚུ་ བྱིན་ཡི་ཟེར་ཨིན་པས།
བང་ལ་དེཤ་རྒྱལ་ཁབ་ཀྱི་ ཁ་ཐུག་ལས་ ཕྱི་འབྲེལ་བློན་པོ་ ཨྱོན་ཚེ་རིང་ལུ་ ལག་ཁྱེར་དང་འབྲེལ་ཏེ་ དམིགས་བསལ་དུ་ རང་དབང་དམག་འཐབ་སྐབས་ བཅའ་མར་གཏོགས་མི་ཚུ་གི་དོན་ལུ་ བཟོ་ཡོད་པའི་ རྟགས་མ་གནང་ཡོདཔ་ཨིན་པས།
བློན་པོ་ལུ་ཕུལ་མི་ རྟགས་མ་བཟུམ་ཅིག་ བསྟན་རྒྱས་ལྷན་ཁག་གི་ དྲུང་ཆེན་བགྲེསཔ་ དྲགོས་ཀརྨ་རྡོ་རྗེ་ལུ་ཡང་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༡༥ ལུ་ བང་ལ་དེཤ་གི་ བློན་ཆེན་གྱིས་ གནང་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment