གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་བདའ་སོང་མིའི་ འཁྲུན་ཆོད་ལུ་ བསྒྱུར་བཅོས་མེདཔ།

༡/༢/༢༠༡༣   ༉ གནང་བ་མེད་པར་ སྣུམ་འཁོར་བདའ་སོང་མི་ལུ་བརྟེན་ ཉེས་འཛུགས་ཅན་མགོན་པོ་ལུ་ ཐིམ་ཕུ་རྫོང་ཁག་ཁྲིམས་ཁྲི་༣ པ་ལས་ ཉེས་ཁྲིམས་ལོ་༡ དང་ཟླ་༣ བཀལ་ཡོད་མི་ལུ་ ཁ་ཙ་ ཆེ་མཐོ་ཁྲིམས་ཁྲི་༡ པ་ལས་ བསྒྱུར་བཅོས་མེད་པའི་འཁྲུན་ཆོད་གནང་ཡི།


དེ་ཡང་ ཐོག་མའི་འཁྲུན་ཆོད་དང་འཁྲིལཝ་ད་ ཉམས་རྒུདཔ་ནུ་གཅུང་ ཐུགས་རྗེ་རྒྱལ་མཚན་གྱིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ སྤྱི་ལོ་༢༠༡༢ ཟླ་༩ པའི་ཚེས་༢༦ གི་དྲོ་པ་ སྣུམ་འཁོར་དེ་ ཐིམ་ཕུ་ལྕང་བང་འབྲུ་ ཁོ་རའི་ཁྱིམ་གྱི་རྩ་བ་ སྣུམ་འཁོར་བཞག་ས་ལས་ གར་སོང་མེདཔ་སྦེ་ བྱང་ཡོད་པའི་ཤེས་རྟོགས་བྱུང་བའི་ཤུལ་ལུ་ ཕུན་ཚོགས་གླིང་ལས་ ཆ་རོགས་ཅིག་གིས་ སྣུམ་འཁོར་དེ་ ཁོ་གི་ཕོ་རྒནམ་ མགོན་པོ་གིས་ ཇའི་སྒང་ལས་ཕར་ མདའ་འགྱོ་དེས་ཟེར་ འགྲུལ་འཕྲིན་ལྷོད་ཅི་ཟེར་ ཞུ་ནུག།
དེ་གི་ཤུལ་ལས་ ཕུན་ཚོགས་གླིང་ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་དེ་ སྤྱི་ཟླ་༩ པའི་ཚེས་༢༧ ལུ་ རྒྱ་གར་མངའ་སྡེ་ མོན་པོའི་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་དེ་ སྤྱི་ཟླ་༩ པའི་ཚེས་༢༨ ལུ་ དར་རྗེ་གླིང་ མོན་པོའི་ཁྲིམས་སྲུང་འགག་པ་གིས་ ས་གནས་ དར་རྗེ་གླིང་ལས་ འཛིན་བཟུང་འབད་དེ་ ཕུན་ཚོགས་གླིང་ཁྲིམས་སྲུང་འགག་པ་ལུ་ སྣུམ་འཁོར་དང་སྦྲགས་ཏེ་ ཉེས་འཛུགས་ཅན་དེ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
ཉམས་རྒུདཔ་ནུ་གཅུང་ཐུགས་རྗེ་རྒྱལ་མཚན་གྱི་ སྣུམ་འཁོར་ ཨའེ་༢༠ དེ་ ཕོ་རྒནམ་མགོན་པོ་གིས་ གནང་བ་མེད་པར་ བདའ་སོང་སྟེ་ རྒྱ་གར་དར་རྗེ་གླིང་ལུ་ལྷོདཔ་ད་ འཛིན་བཟུང་འབད་ཡོདཔ་ལས་ བཙོན་ཁྲིམས་ཕོག་ཡོདཔ་ཨིན་པས།
ཁོ་གིས་ སྣུམ་འཁོར་མ་བྱིན་ལེན་པའི་ ཉེས་འཛུགས་བཀོད་མི་དེ་ རྩ་ལས་ར་ བདེན་པ་མེད་ཟེར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ སྣུམ་འཁོར་ཚོང་འབྲེལ་འཐབ་འཐབ་མེད་པའི་ཁར་ ཧེ་མ་ཡང་ འགྲུལ་འཁོར་བདའ་སོང་ཡོད་པའི་ བཟའ་ཚང་གཅིག་ཨིན་རུང་ ད་རེས་ ཨར་རྐུན་འབད་ནུག་ཟེར་འཁོད་དེ་ ཉེས་ཁྲིམས་བཀལ་མི་ལུ་བརྟེན་ ཁེ་རྒུད་མ་བཏུབ་ཟེར་ ཁྲིམས་འདུན་ལུ་ ཞུ་ནུག།
ཆེ་མཐོ་ཁྲིམས་ཁྲི་༡ པ་ལས་ བཀའ་རྒྱ་གནང་མིའི་ནང་ཐོག་མ་ཁྲིམས་འདུན་ལས་ ཉེས་ཁྲིམས་བཀལ་མི་དེ་ བསྒྱུར་བཅོས་མཛད་དགོཔ་མེད་པའི་ཁར་ མཐོ་གཏུགས་ཀྱིས་ཞུ་མི་ ཉེས་ཁྲིམས་ལྷོད་ཡངས་དང་ ཁྲིམས་འཐུས་བཏབ་ཆོག་པའི་གནང་བ་ཞུ་མི་ཚུ་ ཕྱིར་འབུད་མཛད་དེ་ རང་འཇགས་ སྦེ་ ཐོག་མའི་འཁྲུན་ཆོད་ལུ་ གཞི་འཛིན་འབད་ནུག།
གལ་སྲིད་ འཁྲུན་ཆོད་དེ་ལུ་ བསམ་པ་མ་རྫོགས་པ་ཅིན་ ཞག་༡༠ གྱི་ནང་འཁོད་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཆོག་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment