གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་དོན་ཚོགས་པ་༥ གིས་ ཐོ་བཀོད་འབད་ཡོདཔ།

༩/༢/༢༠༡༣  ༉ ན་ཧིང་ གནམ་ལོ་ཆུ་ཕོ་འབྲུག་ལོའི་ནང་ སྲིད་དོན་ཚོགས་པ་ གསརཔ་༣ ཐོན་ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་ སྲིད་དོན་ཚོགས་པ་ བསྡོམས་ཀྱི་༥ ཡོདཔ་ཨིན་པས།
དེ་འབདཝ་ལས་བརྟེན་ འབྲུག་རྒྱལ་ཁབ་ནང་ འགོ་དང་པ་འགོ་འདྲེན་འཐབ་ནི་ཨིན་མི་ སྤྱིར་བཏང་བཙག་འཐུ་ འབད་ནི་ཨིན་པས།



སྲིད་དོན་ཚོགས་པའི་ནང་ བཅའ་མར་གཏོགས་མི་ཚུ་ཡང་ མི་སེར་དམངས་གཙོའི་འཐུས་མི་ ཞི་གཡོགཔ་ སློབ་དཔོན་ དམག་མི་ གྲོས་སྟོན་པ་ དེ་ལས་ སྒེར་མི་ཚུ་ཡོདཔ་ཨིན་པས།
མ་གཞི་ སྲིད་དོན་ཚོགས་པ་༤ བཟོ་ཡོདཔ་ཨིན་རུང་ དེ་གི་གྲས་ལས་ ཚོགས་པ་གཅིག་གིས་ བཅའ་མར་མ་གཏོགསཔ་ལས་ ད་ལྟོ་འབྲེལ་གཏོགས་ཡོད་མི་གསུམ་དེ་ འབྲུག་ཀུན་མཉམ་པར་ཊི་ འབྲུག་མཉམ་རུབ་ཚོགས་པ་ དེ་ལས་ འབྲུག་སྤྱིར་དབང་ཚོགས་པ་ཨིན་པས།
སྲིད་དོན་ཚོགས་པ་ སོ་སོར་གྱིས་ རང་སོའི་དམིགས་དོན་ཡང་ སོ་སོར་སྦེ་ཡོདཔ་ད་ འབྲུག་ཀུན་མཉམ་པར་ཊི་གི་ དམིགས་དོན་འབད་བ་ཅིན་ སྲིད་དོན་ཟེར་སླབ་པའི་སྐབས་ལུ་ དང་པ་དེ་ མི་སེར་དང་ དེ་གི་ཤུལ་ལས་ སྲིད་དོན་འོང་ནི་ཨིནམ་ གཏན་གཏན་བཟོ་ནི་དེ་ཨིནམ་ད་ འབྲུག་མཉམ་རུབ་ཚོགས་པའི་ དམིགས་དོན་འབད་བ་ཅིན་ རྒྱལ་ཁབ་ཀྱི་ འགྱུར་བ་དང་འཁྲིལ་ཏེ་ གནས་སྐབས་ གསརཔ་བཏོན་ནི་ཚུ་ཨིནམ་ད་  འབྲུག་སྤྱིར་དབང་ཚོགས་པའི་དམིགས་དོན་དེ་  གཡུས་སྒོའི་གནས་ཚད་ཚུ་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ དར་ཁྱབ་གཏང་ནི་དེ་ཨིན་པས།
སྲིད་དོན་ཚོགས་པ་ཚུ་གིས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ནང་ ལོ་མཇུག་ཁམས་ཅིག་ཁ་ལས་བརྒལ་ ཐོ་བཀོད་འབད་མ་ཚུགསཔ་ཨིན་རུང་ འབྲུག་ཀུན་མཉམ་པར་ཊི་དང་ འབྲུག་སྤྱིར་དབང་ཚོགས་པ་༢ སྤྱི་ཟླ་༡ པའི་ཚེས་༡ ལུ་ ཐོ་བཀོད་འབད་བའི་ཁར་ འབྲུག་མཉམ་རུབ་ཚོགས་པ་དེ་ སྤྱི་ཟླ་༡ པའི་ཚེས་༡༨ ལུ་ ཐོ་བཀོད་འབད་ཡོདཔ་ཨིན་པས།
སྲིད་དོན་ཚོགས་པ་ཚུ་གི་ དམིགས་དོན་དང་ ངོ་རྟགས་ཚུ་ ལེགས་ཤོམ་སྦེ་ བཟོ་ཚར་རུང་ བཙག་འཐུའི་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ དགོས་མཁོ་ཆེ་བའི་ མི་ངོམ་༤༧ དགོཔ་ཡོད་མི་དེ་ འཚོལ་བའི་བསྒང་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་དོན་ཚོགས་པ་གསརཔ་ཚུ་ རྫོང་ཁག་དང་ རྒེད་འོག་ སྤྱི་འོག་ཚུ་ནང་ སྲིད་དོན་ཚོགས་པའི་ངོ་སྤྲོད་འབད་ནིའི་ གོ་སྐབས་བྱིན་ཡོདཔ་ཨིན་པས།
ད་ལྟོ་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཀྱི་སྲོད་དོན་ཚོགས་པ་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་༢ བཙག་འཐུའི་ནང་ བཅའ་མར་གཏོགས་ཚུགས་ནིའི་དོན་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ཧེ་མའི་ དངུལ་འབྲེལ་གྱི་ རྩིས་ཁྲ་ཚུ་ ཧིང་སངས་ས་བཟོ་བཅུག་སྟེ་ཡོདཔ་ཨིན་པས།
རྩིས་ཁྲ་ཚུ་ཧིང་སངས་ས་བཟོ་ནིའི་དོན་ལུ་ གཞུང་སྐྱོང་ འབྲུག་ཕུན་སུམ་ཚོགས་པ་གིས་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ལས་ དངུལ་འབོར་ཆེ་ཏོག་ཏོ་སྦེ་ བསྡུ་ལེན་འབད་དེ་ རྩིས་སྦྱོར་འབད་དེ་ དཀའ་ངལ་མ་ཐོནམ་ཨིན་རུང་ ལྡོག་ཕྱོགས་ཀྱི་ སྡེ་ཚན་ཚུ་ དུམ་གྲ་ཅིག་ ཡར་མར་ རྒྱུག་དགོཔ་ཐོན་ཡོདཔ་ཨིན་པས།
དངུལ་འབྲེལ་གྱི་རྩིས་ཁྲ་ཚུ་ སྤྱི་ཟླ་༦ པའི་ཚེས་༣༠ ལུ་ མཇུག་བསྡུ་དགོཔ་སྦེ་ སླབ་ཡོད་མི་ ལྡོག་ཕྱོགས་ཚོགས་པ་གིས་ འབད་མ་ཚུགས་པའི་སྐབས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ དེ་བསྒང་ར་ སྲིད་དོན་ནང་ བཅའ་མར་གཏོགས་མ་ཆོགཔ་བཟོ་དགོཔ་འདུག་ཟེར་ བློན་ཆེན་གྱིས་ བཤད་ཡོདཔ་ཨིན་པས།
མ་གཞི་ རྩིས་ཁྲ་མཇུག་བསྡུ་ཚེས་གྲངས་དེ་ སྤྱི་ཟླ་༦ པའི་ཚེས་༣༠ ཚུན་ལུ་ཨིན་རུང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས  ཉིན་གྲངས་༡༦ ཕར་ཕུད་འབད་དེ་ དུས་ཚོད་ཀྱི་དགོངས་ཡངས་གནང་ཡོདཔ་ཨིན་པས།
ཨིན་རུང་ མཐའན་མཇུག་ལུ་ལྷོདཔ་ད་ སྲིད་དོན་ཚོགས་པ་གཉིས་ཆ་ར་གིས་ དངུལ་བཙུགས་ཐོག་ལས་ རྩིས་ཁྲ་མཇུག་བསྡུ་ཡོདཔ་མ་ཚད་ བཙག་འཐུའི་ནང་བཅའ་གཏོགས་ནིའི་དོན་ལུ་ ཐོ་བཀོད་འབད་ཡོདཔ་ཨིན་པས།
སྲིད་དོན་ཚོགས་པ་ཚུ་དང་ རྒྱལ་ཁབ་ནང་གི་ མི་སེར་ཚུ་ བཙག་འཐུ་དེ་ ནམ་འགོ་འདྲེན་འཐབ་ནི་ཨིན་ནའི་སྐོར་ལས་ བཙག་འཐུའི་ ཉིནམ་ཁྱབ་བསྒྲགས་འབད་ནི་ལུ་ བསྒུག་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment