ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་འཇགས་སྐུ་ཚབ་ ལྷ་ཕྲུག་དབང་ཕྱུག་དང་ ཨ་ཟར་བཱ་ཡེ་ཇཱན་གྱི་ གཏན་འཇགས་སྐུ་ཚབ་ ཨག་ཤིན་ མེ་དི་ཡེབ་གཉིས་ཀྱིས་ མཉམ་འབྲེལ་གསལ་བསྒྲགས་གུ་མཚན་རྟགས་བཀོད་པའི་བསྒང་། |
དེ་ཡང་ འབྲུག་དང་ ཨ་ཟར་བཱ་ཡེ་ཇཱན་ མི་སེར་རྒྱལ་ཁབ་གཉིས་དང་ མི་སེར་ཚུ་གི་བར་ན་ ཕན་ཚུན་ཕན་པའི་ མཐུན་འབྲེལ་གོང་འཕེལ་དང་ རྩ་བརྟན་བཟོ་ནི་ལུ་དམིགས་ཡུལ་བསྐྱེད་དེ་ སྤྱི་ཟླ་༢ པའི་ཚེས་༧ ལུ་ དོན་གཅོད་མཐུན་འབྲེལ་གཞི་བཙུགས་ཀྱི་ མཉམ་འབྲེལ་གསལ་བསྒྲགས་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
མཚན་རྟགས་དེ་ཡང་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་འཇགས་སྐུ་ཚབ་ ལྷ་ཕྲུག་དབང་ཕྱུག་དང་ ཨ་ཟར་བཱ་ཡེ་ཇཱན་གྱི་ གཏན་འཇགས་སྐུ་ཚབ་ ཨག་ཤིན་ མེ་དི་ཡེབ་གཉིས་ཀྱིས་ བཀོད་ཡོདཔ་ཨིན་པས།
མཚན་རྟགས་བཀོད་པའི་སྐབས་ལུ་ སྐུ་ཚབ་གཉིས་ཆ་ར་གིས་ རང་སོའི་གཞུང་གིས་ ཟུང་ཕྱོགས་དང་ མང་ཕྱོགས་ལས་དོན་ཚུ་ནང་ མཉམ་འབྲེལ་དམ་ཟབ་བཟོ་ནི་གི་ སྤྲོ་བ་ཡོད་ལུགས་ བཤད་ཡོདཔ་ཨིན་པས།
དེ་མ་ཚད་ ཁོང་གིས་ རྒྱལ་ཁབ་གཉིས་ཀྱི་བར་ན་ འཛམ་གླིང་སྤྱི་ཚོགས་དང་ མང་ཕྱོགས་གྲོས་གནས་གཞན་ཚུ་ནང་ ད་ལྟོའི་ མཉམ་འབྲེལ་གནས་ཚད་དེ་ ལྷག་པར་དུ་ དམ་ཟབ་བཟོ་ནི་གི་ སྤྲོ་བ་ཡོད་ལུགས་ཚུ་ བཤད་པའི་ཁར་ ལྟ་བཤལ་དང་ ཚོང་འབྲེལ་ལས་དོན་ནང་ མཉམ་འབྲེལ་འབད་ནི་གི་ འོས་འབབ་སྐོར་ལས་ཡང་ གྲོས་བསྡུར་འབད་ཡོད་པའི་གནས་ཚུལ།
No comments:
Post a Comment