གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ན་གཞོན་ལཱ་གཡོག་མ་ཐོབ་མིའི་ཚད་གཞི་དེ་ བརྒྱ་ཆ་༡ མར་བབས།

༩/༢/༢༠༡༣    ༉ མ་གཞི་ རྒྱལ་ཁབ་ནང་ གཡོག་འཚོལ་མི་ ལེ་ཤ་ཅིག་ར་ ཡོད་དེ་འབད་རུང་ ན་ཧིང་གི་ ལས་མིའི་མི་སྟོབས་བརྟག་ཞིབ་དང་འཁྲིལཝ་ད་ ན་གཞོན་ལཱ་གཡོག་མ་ཐོབ་མིའི་ཚད་གཞི་དེ་ བརྒྱ་ཆ་༡ མར་བབས་སོང་ཡོདཔ་སྦེ་ཨིན་པས།


སྤྱི་ལོ་༢༠༡༡ ལུ་ གཡོག་མ་ཐོབ་པའི་ ཚད་གཞི་དེ་ བརྒྱ་ཆ་༣.༡ འབད་ས་ལས་ སྤྱི་ལོ་༢༠༡༢ ལུ་ ཚད་གཞི་དེ་ བརྒྱ་ཆ་༢.༡ ལུ་ མར་བབས་སོང་ནུག།
ཨིན་རུང་ ལས་གཡོག་ལྷན་ཁག་གིས་ ལཱ་གཡོག་མ་ཐོབ་པའི་ ཚད་གཞི་དེ་ བརྒྱ་ཆ་༣.༡ ལས་༢.༡ ལུ་ མར་བབས་སོང་ཡོད་པའི་སྐོར་ལས་ ཁྱབ་བསྒྲགས་འབད་བའི་སྐབས་ ལ་ལུ་ཅིག་གིས་ བརྟག་ཞིབ་དེ་ག་དེ་སྦེ་ འབད་དོ་ཡོདཔ་ཨིན་ན་ཟེར་བའི་ དྲིས་བ་བཀོད་མི་ཡང་ ཐོན་ཡོདཔ་ཨིན་པས།
བརྟག་ཞིབ་དང་འཁྲིལཝ་ད་ ན་གཞོན་ལཱ་གཡོག་མ་ཐོབ་པའི་ཚད་གཞི་དེ་ སྤྱི་ལོ་༢༠༡༡ ནང་ བརྒྱ་ཆ་༩.༢ ལས་ ན་ཧིང་འབད་བའི་བསྒང་ལས་ བརྒྱ་ཆ་༧.༣ ལུ་ མར་བབས་སོང་ཡོདཔ་ཨིན་པས།
གཞུང་གི་ཁ་ཐུག་ལས་འབད་རུང་ ཁོང་གི་དམིགས་དོན་དེ་ ལཱ་གཡོག་མ་ཐོབ་པའི་ཚད་གཞི་ བརྒྱ་ཆ་༢.༥ ལུ་ བཟོ་ནི་ཨིན་རུང་ བརྒྱ་ཆ་༢.༡ ལུ་ལྷོད་ཚུགས་མི་དེ་ དམིགས་དོན་ལེགས་ཤོམ་སྦེ་ གྲུབ་ཚུགས་པའི་གྲངས་སུ་ཨིནམ་སྦེ་ སླབ་དོ་ཡོདཔ་ཨིན་པས།
དེ་འབདཝ་ད་ ད་རེས་ནངས་པ་ གཙུག་ལག་གཞི་རིམ་ལྷབ་ཚར་མི་དང་ སློབ་རིམ་༡༢ པ་མཐར་འཁྱོལ་མི་ ག་ར་ ལཱ་གཡོག་འཚོལ་སར་མཐོང་དོ་ཡོདཔ་ལས་ ཡིག་ཐོག་ལུ་བཀོད་ནི་དེ་ ཡིད་ཆེས་བསྐྱེད་མ་ཚུགསཔ་ཨིན་པས།
གཡོག་མ་ཐོབ་པའི་ གྱངས་ཁ་དེ་༦,༩༠༤ སྦེ་བཀོད་དེ་ཡོདཔ་ཨིན་རུང་ ན་ཧིང་གི་ལོ་ནང་ གཡོག་འཚོལ་བར་འོང་མི་ ཡོངས་བསྡོམས་༡༩,༡༦༠ དེ་ཅིག་ ལྷོད་ཡོདཔ་ཨིན་པས།
ལོ་རེ་ནང་ ལཱ་གཡོག་འཚོལ་མི་༢༡,༠༠༠ དེ་ཅིག་འོང་ནིའི་ རེ་བ་ཡོདཔ་ལས་ ལོ་ལྔའི་འཆར་གཞི་༡༡ པའི་ནང་ ན་གཞོན་གཡོག་འཚོལ་མི་ཚུ་གི་དོན་ལུ་ ལས་ཁུངས་དང་ལས་སྡེ་ཁག་ཚུ་ནང་ གཡོག་གི་གོ་སྐབས་༡,༢༢,༠༠༠ དེ་ཅིག་ བཟོ་དགོ་ནི་ཨིན་པས།
གནས་སྡུད་དང་འཁྲིལཝ་ད་ ལཱ་གཡོག་མེད་མི་ཚུ་ གཡོག་འཚོལ་བར་འོང་མི་ཨིན་ན་ དབྱེ་དཔྱད་འབད་དགོཔ་ཡོདཔ་ལས་ སྤྱིར་བཏང་ རང་གི་དགའ་མི་ལཱ་གཡོག་དེ་ ཐོབ་མ་ཚུགས་ དེ་ལས་ གཡོག་གི་གོ་སྐབས་ཡོད་མི་དེ་ རང་གིས་མ་དགའ་མི་ལུ་བརྟེན་ རྒྱལ་ཁབ་ནང་ གཡོག་མེད་པར་ལུས་མིའི་ དོན་དག་གཙོ་བོ་ཅིག་ དེ་ལུ་བརྟེན་ཨིན་པས།
སྐྱེས་ལོ་༡༥ ལས་༢༤ འི་བར་ན་འབད་མི་ ན་གཞོན་ ལཱ་གཡོག་མ་ཐོབ་པར་ལུས་མིའི་ཚད་གཞི་དེ་ བརྒྱ་ཆ་༧.༣ ཨིནམ་བཞིན་དུ་ ན་གཞོན་༡༠༠༠ ཡོད་པའི་གྲས་ལས་༧༣ གཡོག་མེད་པར་ཡོདཔ་ད་ ལྷོ་ཨེ་ཤི་ཡའི་ལུང་ཕྱོགས་ནང་ལས་ འབྲུག་རྒྱལ་ཁབ་འདི་ ན་གཞོན་གཡོག་མེད་པའི་ཚད་གཞི་ནང་ལས་ མཐོ་ཤོས་ཅིག་ཨིན་པས།
ན་གཞོན་ལཱ་གཡོག་མ་ཐོབ་པ་ལུས་མི་ཚུ་ གཡོག་གི་གོ་སྐབས་ སྤྲོད་མི་དེ་ ལེན་མ་བཏུབ་མི་དང་ ཡང་ཅིན་ རིག་རྩལ་མེདཔ་ལས་བརྟེན་ གཡོག་མ་ཐོབ་མི་དེ་ དཀའ་ངལ་ཅིག་སྦེ་གནས་ཡོད་མི་དེ་ ན་ཧིང་གི་ལོ་ནང་ཡང་ དེ་སྦེ་ར་ལུས་ཏེ་ ཡོདཔ་ཨིན་པས།
བཟོ་སྐྲུན་གྱི་ས་ཁོངས་ནང་ ཉེན་སྲུང་དང་ལྡནམ་སྦེ་ བཟོ་ནིའི་ཁྲིམས་ལུགས་ཚུ་ བཟོ་ཡོད་རུང་ ཁྲིམས་ལུགས་དེ་ ལེགས་ཤོམ་ཅིག་སྦེ་ འགྱོ་མ་བཏུབ་པའི་ཁར་ བཟོ་སྐྲུན་གྱི་ཇོ་བདག་ཚུ་གིས་ ཅ་ཆས་ཚུ་སྤྲོད་དགོཔ་ཨིན་རུང་ བཟོ་སྐྲུན་གྱི་ ས་ཁོངས་ནང་ ལཱ་འབད་མིའི་ལས་བྱེདཔ་ ཤི་རྐྱེན་བྱུང་མི་དེ་ འགྱུར་བ་མེད་པར་ གནས་བཞིན་དུ་ར་འདུག་ཟེར་ཨིན་པས།
འདས་པའི་ལོ་ཚུ་ནང་ ཁྲིམས་ལུགས་ག་དེ་སྦེ་བཟོ་རུང་ ལས་མི་ཚུ་གིས་ དྲན་པ་བཏོན་ཏེ་ ལཱ་མི་འབད་བས་ཟེར་ཨིན་པས།
ཨིན་རུང་ ན་ཧིང་ ཆུ་ཕོ་འབྲུག་ལོའི་ནང་ སྒེར་སྡེ་ཚུ་ནང་ ལཱ་གཡོག་འབད་མི་ཚུ་ལུ་ གཡོག་གི་ ཡུན་བརྟན་དང་ཉེན་སྲུང་ མི་སྡེ་ཉེན་སྲུང་ དགོངས་ཞུ་དང་ ཟུར་ཕོགས་ལམ་ལུགས་ མི་སྟོབས་གོང་འཕེལ་དང་ ལཱ་གཡོག་ཡུན་བརྟན་ཚུ་གི་ དཀའ་ངལ་ཚུ་ བྱུང་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment