གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྱེགས་མཚོ་བཞུ་བའི་ཉེན་འཚུབས།

༩/༢/༢༠༡༣   ༉ གནམ་ལོ་ཆུ་ཕོ་འབྲུག་ལོ་ནང་ ལུང་ནག་ནང་གི་ ཐོར་ཐོ་མི་མཚོའི་གཏིང་ཚད་དེ་ མར་ཕབ་རྐྱབ་ནིའི་ནང་ མཐར་འཁྱོལ་ཅན་ཅིག་ སོང་ཡོདཔ་ཨིན་པས།


འདས་པའི་ལོ་ལྔའི་རིང་ ཕོ་སྐྱེས་༣༠༠ དེ་ཅིག་གིས་ ཧེམ་དང་ཐགཔ་ཚུ་ ལག་ལེན་འཐབ་ཐོག་ལས་ ལོ་རེའི་ནང་ ཆུ་ ཀིའུ་བིཀ་ མི་ཊར་༡༧ དེ་རེ་ བཏོན་བཏང་དོ་ཡོད་པའི་ཁར་ སྤྱི་ལོ་༡༩༩༤ ལུ་ ཆུ་བཏོན་བཏང་པའི་སྐབས་ལུ་ མི་༢༡ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
ཁྱེགས་མཚོའི་མཁས་མཆོག་གིས་ མཚོ་ནང་ལས་ ཆུ་བཏོན་གཏང་ནི་དེ་ མཐར་འཁྱོལ་ཅན་ཅིག་ སོང་ཡི་ཟེར་སླབ་སྟེ་འབད་རུང་ དེ་གིས་ མཚོ་རྦད་འགྱོ་ནི་གི་ཉེན་ཁ་དེ་ མར་ཕབ་འགྱོཝ་མ་གཏོགས་ མཐའ་གཅིག་ཏུ་ བཀག་ཐབས་འབད་མི་ཚུགས་ཟེར་ཨིན་པས།
མཁས་མཆོག་གིས་ གསལ་བཤད་འབད་མི་དང་འཁྲིལཝ་ད་ གནམ་གཤིས་འགྱུར་བགྲོད་དང་ ཁྱེགས་བཞུ་འགྱོ་མི་ལུ་བརྟེན་ སྤུ་ན་ཁ་ ཕོ་ཆུ་དང་མོ་ཆུའི་ ལུང་གཤོང་ནང་ མཚོ་རྦད་འོང་ནིའི་ཉེན་ཁ་སྦོམ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མཚོ་ག་ཡོད་ས་ལུ་ ཉེན་ཁ་དེ་ ཡོད་ར་ཡོད་ཟེར་ཨིནམ་ད་ ས་གཏེར་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཐོར་ཐོ་མིའི་མཚོ་དེ་ གཏིང་ཚད་ག་དེམ་ཅིག་ཡོདཔ་ཨིན་ན་ སླབ་མ་ཚུགས་མི་ལུ་བརྟེན་ དེ་དང་བསྟུན་པའི་ཉེན་ཁ་ཚུ་ ག་དེ་སྦེ་འོང་ག་ སླབ་མི་ཚུགས་པས་ཟེར་ཨིན་པས།
ཐོར་ཐོ་མིའི་མཚོ་དེ་ ད་ལྟོ་ གངས་རི་གུ་ཡོད་པའི་ ཁྱེགས་བཞུ་སྟེ་ མཚོ་ནང་འགྱོ་ནི་དེ་གིས་ མཚོ་སྦོམ་སུ་འགྱོ་བའི་བསྒང་ར་ ཨིནམ་ད་ མཚོ་དེ་ ཧྲིལ་བུམ་སྦེ་ སྦོམ་འགྱོ་ནིའི་དོན་ལུ་ ད་རུང་ ལོ་༥ དང་༡༠ ལྷགཔ་ཅིག་ འགོར་འོང་ཟེར་ཨིན་པས།
འདས་པའི་ལོ་༥ འི་ནང་འཁོད་ལུ་ རི་ཁའི་ ཁྱེགས་བཞུ་འོང་མི་ལུ་བརྟེན་ མཚོ་ཚུ་ཡང་ སྦོམ་ར་ཐལ་སོ་ནུག་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་ཀྱི་ གངས་རི་གུར་ ཁྱེགས་༦༧༧ དང་ ཁྱེགས་མཚོ་༢,༧༩༤ ཡོད་པའི་ནང་ལས་༢༥ དེ་ ཉེན་ཁ་ཅན་ཅིག་ཨིན་ཟེར་ཨིན་པས།
མཚོའི་གཏིང་ཚད་ མར་ཕབ་འབད་སའི་ས་ཁོངས་ནང་ ས་མར་ཁུའི་ཐབ་དང་ ཉིན་དྲོད་གློག་ཤུགས་ལུ་བརྟེན་པའི་ བཞེས་སྒོ་འབད་ནིའི་རྫ་ཆས་ཚུ་ ལག་ལེན་འཐབ་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
ཨིན་རུང་ ཕོ་ཆུ་དང་ མོ་ཆུ་ནང་ལུ་ ཆུ་རུད་ཀྱི་ཉེན་བརྡ་བྱིན་ནིའི་ འཕྲུལ་ཆས་བཙུགས་ཏེ་ཡོདཔ་ཨིན་རུང་ འཕྲལ་ཁམས་ཅིག་ཁར་ དེ་གིས་ ཉེན་བརྡ་ཕྱི་འགྱུར་སྦེ་ བྱིན་ཡོདཔ་ཨིན་པས།
ཆུ་དང་གནམ་གཤིས་ལྟ་རྟོག་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ འདི་བཟུམ་གྱི་ ཉེན་བརྡ་ཕྱི་འགྱུར་བྱིན་མི་དེ་ཡང་ ཁྱེགས་བཞུ་འོང་མི་ལུ་བརྟེན་ ཆུ་སྦོམ་འགྱོ་བའི་ཤུལ་ལུ་ འཕྲུལ་ཆས་དེ་གིས་ མ་བདེན་པའི་ ཉེན་བརྡ་བྱིན་ནུག་ཟེར་ཨིན་པས།
རྒྱལ་ཁབ་ནང་གི་ཁྱེགས་ཚུ་ ལོ་ངོ་དག་པ་ཅིག་གི་ཤུལ་ལས་ བརྒྱ་ཆ་༡༠ དེ་ཅིག་ བཞུ་འགྱོ་ནི་མས་ཟེར་ཨིན་མི་དེ་ མ་འོངས་པའི་དོན་ལུ་ གནས་ཚུལ་བཟང་པོ་ཅིག་མིན་པའི་ཁར་ ས་གནས་ཀྱི་ ཁྱེགས་མཚོ་སྐོར་ལས་ སློབ་སྦྱོང་འབད་མི་ཚུ་གིས་ མ་འོངས་པ་ནང་ ཁྱེགས་བཞུ་འགྱོ་མི་ལུ་བརྟེན་ ཆུའི་ཐོན་སྐྱེད་ མར་ཕབ་འགྱོ་ནིའི་ཉེན་ཁ་འདུག་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment