གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ལྟ་བཤལ་ཚོགས་སྡེ་གིས་ དམིགས་གཏད་གྲུབ་ཡོདཔ།

༩/༢/༢༠༡༣   ༉ གནམ་ལོ་ཆུ་ཕོ་འབྲུག་ལོ་ནང་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ལྟ་བཤལཔ་གྱངས་ཁ་༡༠༠,༠༠༠ ལེན་ནི་གི་ དམིགས་གཏད་བསྐྱེད་མི་ལས་ལྷག་སྟེ་ ལྟ་བཤལཔ་༡༠༥,༤༡༤ འོང་ཡོདཔ་ལས་ འབྲུག་ལྟ་བཤལ་ཚོགས་སྡེ་ལུ་ ལེགས་ཤོམ་སོང་ཡོདཔ་ཨིན་པས།


སྤྱི་ལོ་༢༠༡༡ ལུ་ རྒྱལ་ཁབ་ནང་ ལྟ་བཤལཔ་༡༠༠,༨༣༣ འོང་ཡོདཔ་ཨིན་པས།
ཨ་རྟག་བཟུམ་སྦེ་ ལྟ་བཤལཔ་ཚུ་ ཌོ་ལར་སྤྲོད་དེ་འོང་མི་ རྐྱངམ་གཅིག་མེན་པར་ ལུང་ཕྱོགས་ཀྱི་ ལྟ་བཤལཔ་དང་ ཕྱིའི་རྒྱལ་ཁབ་ཀྱི་ ཞལ་འཛོམས་ནང་འོང་མི་ དེ་ལས་ བརྡ་བརྒྱུདཔ་ཚུ་ཡང་ འོང་ཡོདཔ་ཨིན་པས།
ལྟ་བཤལ་ཚོགས་པའི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ དུས་ཅི་ གནམ་ལོ་ཆུ་མོ་སྦྲུལ་ལོཔ་དེ་ཡང་ ལེགས་ཤོམ་འོང་ནི་བཟུམ་ཅིག་སྦེ་ མཐོངམ་མས་ཟེར་ཨིན་པས།
སྤྱི་ལོ་༢༠༡༣ གྱི་དོན་ལུ་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ལྟ་བཤལ་གྱི་དོན་ལུ་ ས་གནས་དྲག་ཤོས་༡༠ གྱི་ ནང་འཁོད་ལུ་ ཚུད་ཡོདཔ་ལས་ དེ་གིས་ ལྟ་བཤལ་ཚོགས་སྡེ་ལུ་ ཕན་ཐོགས་སྦོམ་འབྱུང་ནི་བཟུམ་ཅིག་ འདུག་ཟེར་ཨིན་པས།
དེ་མ་ཚད་ འཕྲལ་ཁམས་ཅིག་ཁར་ འབྲུག་ལྟ་བཤལ་ཚོགས་སྡེ་གི་ བརྡ་བརྒྱུད་ཞལ་འཛོམས་ནང་ ལྟ་བཤལ་ཚོགས་སྡེ་གིས་ ན་ཧིང་གི་ལོ་ནང་ དཔེ་འབད་བ་ཅིན་ བཟང་ཁང་དང་ འབྲུག་མཁའ་འགྲུལ་ ལག་བཟོ་ཁང་ཚུ་ནང་ ལཱ་གཡོག་གི་གོ་སྐབས་༢༥,༩༨༧ སྤྲོད་ཅི་ཟེར་ཨིན་པས།
མ་གཞི་ ལྟ་བཤལ་ཚོགས་སྡེ་གིས་ ལྟ་བཤལ་ལུ་བརྟེན་པའི་ ལཱ་གཡོག་སྤྲོད་ནིའི་དམིགས་གཏད་དེ་༢༥,༠༠༠ ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ཕྱི་ཁར་ལས་ལྟཝ་ད་ བྱ་ཆི་ཆི་དང་ ཡིད་ཁར་འོང་ཏོག་ཏོ་སྦེ་ འབད་དོ་ཡོདཔ་ཨིན་རུང་ ལྟ་བཤལ་པའི་ གློག་རིག་ཡོངས་འབྲེལ་གི་ཁ་བྱང་ མང་རབས་ཅིག་ནང་ བཞེས་སྒོ་དང་ གཙང་སྦྲ་ལུ་ གཙོ་བོར་བཏོན་དགོ་པའི་སྐོར་ལས་ ལེ་ཤ་ཅིག་ར་ བྲིས་ཡོདཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེ་དེ་ ཞི་གཡོག་ནང་ལས་ སོ་སོར་སྦེ་ ཁག་དབྱེ་བའི་ཤུལ་ལུ་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ཉིནམ་རེ་ནང་ གཞུང་ཁྲལ་ཌོ་ལར་༡༥ ཡར་སེང་འབད་བའི་སྐོར་ལས་ ཚོགས་སྡེ་དང་ ལྟ་བཤལ་པའི་ ཚོང་ལཱ་འབད་མི་ཚུ་གི་བར་ན་ དུམ་གྲ་ཅིག་ མ་མཐུནམ་སྦེ་ཐོན་སོཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེ་དང་ ལྟ་བཤལ་པའི་ཚོང་ལཱ་འབད་མི་གཉིས་ ཁ་འཆམ་མ་ཚུགསཔ་ཅིག་གི་བར་ན་ རྒྱལ་གཞུང་ཞི་གཡོག་ལྷ་ཚོགས་ཀྱིས་ འབྲུག་ལྟ་བཤལ་ཚོགས་སྡེ་དེ་ ཞི་གཡོགཔ་ལས་ སོ་སོར་ཕྱེ་ནིའི་དོན་ལུ་ སྤྱི་ཚོགས་ནང་ལས་ གྲོས་ཐག་བཅད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེ་དེ་ ཞི་གཡོག་ལས་ སོ་སོར་སྦེ་ ཁག་དབྱེ་ནི་དེ་ དེ་ཅིག་སྦེ་ར་ ལུས་ཡོད་པའི་བར་ན་ ལྟ་བཤལ་པའི་ དུས་ཚོད་མེན་རུང་ ལྟ་བཤལ་ཡར་འཕེལ་འགྱོ་མི་དེ་གིས་ ཚོགས་སྡེ་ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས།
འབྲུག་རྒྱལ་ཁབ་འདི་ ལོ་ཧྲིལ་བུམ་སྦེ་ ལྟ་བཤལཔ་ཚུ་ འོང་ཚུགསཔ་བཟོ་ནི་ལུ་ རྩ་འགེངས་པའི་ཤུལ་ལས་ སྤྱི་ཟླ་༧ པ་དང་༨ པ་༡༢ དེ་ལས་ སྤྱི་ཟླ་དང་པའི་ནང་ ལྟ་བཤལཔ་འོང་ནི་དེ་ དུམ་གྲ་ཅིག་ ཡར་དྲག་སོང་ཡོདཔ་ཨིན་པས།
དེ་ཡང་ ཇ་པཱན་རྒྱལ་ཁབ་དང་ ཐའི་ལེནཌི་རྒྱལ་ཁབ་ དེ་ལས་ སིང་ག་པུར་རྒྱལ་ཁབ་ཚུ་ལས་ ལྟ་བཤལ་འོང་མིའི་ གྱངས་ཁ་ཡར་སེང་འགྱོ་མི་ལས་བརྟེན་ཏེ་ཨིན་པས།
ན་ཧིང་ སྤྱི་ཟླ་༧ པའི་ནང་ལས་ ཨ་མི་རི་ཀའི་ ལྟ་བཤལཔ་འོང་མི་ལས་ ཇ་པཱན་རྒྱལ་ཁབ་ཀྱི་ ལྟ་བཤལ་པའི་གྱངས་ཁ་ མང་སྦེ་ཐོན་ཡོདཔ་ཨིན་པས།
ན་ཧིང་ལས་ འགོ་བཙུགས་ཏེ་ རྒྱ་ནག་རྒྱལ་ཁབ་དང་ ཨེ་ཤི་ཡན་རྒྱལ་ཁབ་ཀྱི་ ལྟ་བཤལ་པའི་གྱངས་ཁ་ ཡར་སེང་སོང་ཡོདཔ་བཞིན་དུ་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ འབྲུག་རྒྱལ་ཁབ་འདི་ ལོ་བསྟར་བཞིན་དུ་ ལྟ་བཤལཔ་གི་ ས་ཁོངས་བཟོ་ནིའི་དོནལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment