གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཇ་པཱན་གཞུང་ལས་ འབྲུག་ལུ་ གྲོགས་རམ་མ་དངུལ་ ཡེན་ས་ཡ་༡༦༤.༩།

༦/༢/༢༠༡༣   དེ་ཡང་ བཟའ་སྤྱོད་ཉེན་སྲུང་དང་ ལྟག་ལའི་ཆུ་གཡུར་ཉམས་བཅོས་ དེ་ལས་ ཕྱགས་སྙིགས་འཛིན་སྐྱོང་གི་ ས་རྐོ་འཕྲུལ་ཆས་བཀྲམ་སྤེལ་འབད་ཐབས་ལུ་ཨིན་པས།
༉ ཇ་པཱན་གཞུང་གིས་ དགེ་ལེགས་ཕུག་ལྟག་ལའི་ ཆུ་གཡུར་ཉམས་བཅོས་འབད་ནི་དང་ གོ་སྐབས་དམན་པའི་ སོ་ནམ་ཞིང་པ་ཚུ་གི་ ཀེ་ཨར་༢ ལས་འགུལ་ དེ་ལས་ ཐིམ་ཕུ་ཁྲོམ་ཁར་ ཕྱགས་སྙིགས་འཛིན་སྐྱོང་གི་ ས་རྐོ་འཕྲུལ་ཆས་བཀྲམ་སྤེལ་འབད་ནིའི་དོན་ལུ་ མ་དངུལ་གྲོགས་རམ་ ཇ་པཱན་གྱི་ཏི་རུ་ ཡེན་ས་ཡ་༡༦༤.༩ བྱིན་ནི་ཨིན་པས།
རྒྱ་གར་ནིའུ་ལྡི་ལི་ལུ་ ཇ་པཱན་ལུ་ འབྲུག་གི་གཞུང་ཚབ་ གུང་བློན་འོག་མ་ བྲེ་སྲང་རྣམ་རྒྱལ་དང་ འབྲུག་ལུ་ ཇ་པཱན་གྱི་གཞུང་ཚབ་ ཏ་ཀི་ཤི་ ཡ་གི་གཉིས་ཀྱིས་ མ་དངུལ་གྲོགས་རམ་གྱི་ ཡིག་ཆ་བརྗེ་སོར་འབད་བའི་བསྒང་།


དེ་ཡང་ ཁ་ཙ་ རྒྱ་གར་ནིའུ་ལྡི་ལི་ལུ་ ཇ་པཱན་ལུ་ འབྲུག་གི་གཞུང་ཚབ་ གུང་བློན་འོག་མ་ བྲེ་སྲང་རྣམ་རྒྱལ་དང་ འབྲུག་ལུ་ ཇ་པཱན་གྱི་གཞུང་ཚབ་ ཏ་ཀི་ཤི་ ཡ་གི་གཉིས་ཀྱིས་ མ་དངུལ་གྲོགས་རམ་གྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
ནིའུ་ལྡི་ལིར་ འབྲུག་གི་གཞུང་ཚབ་ལས་ཁང་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ མ་དངུལ་ཡེན་ས་ཡ་༡༦༤.༩ ལས་ ཡེན་ས་ཡ་༡༡༠ ཀེ་ཨར་༢ འབད་མི་ སོ་ནམ་པ་,སྤྱང་ཀ་ཚུ་གི་ བཟའ་སྤྱོད་ཉེན་སྲུང་ལས་འགུལ་གྱི་དོན་ལུ་དང་ ལྟག་ལའི་ཆུ་གཡུར་ཉམས་བཅོས་ལུ་ ཡེན་ས་ཡ་༤༦ དེ་ལས་ ཕྱགས་སྙིགས་འཛིན་སྐྱོང་གི་ ས་རྐོ་འཕྲུལ་ཆལ་ལས་འགུལ་གྱི་དོན་ལུ་ ཡེན་ས་ཡ་༨.༩ ཨིན་པས།
གསར་སྤང་རྫོང་ཁག་ ཆུ་གཟར་སྒང་དང་ གསེར་གཞོང་རྒེད་འོག་གཉིས་བརྒྱུད་དེ་བབས་མི་ ལྟག་ལའི་གཙང་ཆུ་མཐའམ་བདའ་སྟེ་ སེལ་ཡོད་མི་ ལྟག་ལའི་ཆུ་གཡུར་དེ་ འབྲུག་རྒྱལ་ཁབ་ནང་ རྙིང་ཤོས་ཅིག་ཨིནམ་ད་ འདས་པའི་ལོ་ངོ་དག་པ་ཅིག་ལས་ ལྟག་ལའི་གཙང་ཆུ་བྲེས་ཏེ་ ཆུ་རུད་གནམ་བྱཱར་ཨ་རྟག་ར་ ཐོན་མི་ལུ་བརྟེན་ ལྟག་ལའི་ཆུ་གཡུར་གྱི་ ཆུ་མཛོད་དང་ ཆུ་ལམ་ཚུ་ ཆུ་རུད་ཀྱིས་ འཕྱག་བདའ་ནི་གི་ ཉེན་ཁ་ཡོད་པའི་ཁར་ ས་ཁོངས་དེ་ནང་ སོ་ནམ་གྱི་ ལཱ་ཚུ་ལུ་ ཐོ་ཕོག་ཉེན་སྦོམ་ཡོདཔ་ཨིན་པས།
འབྲུག་གཞུང་གིས་ རྒྱལ་ཁབ་ནང་ སོ་ནམ་གྱི་ ཐོན་སྐྱེད་ཡར་དྲག་གཏང་ཐབས་ལུ་ སོ་ནམ་གྱི་ལཱ་ཚུ་ འཕྲུལ་ཆས་ལག་ལེན་འཐབ་ཐོག་ལས་ འབད་ནི་ལུ་ ཁྱབ་སྤེལ་གཏང་བཞིན་དུ་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་ཡོདཔ་ད་ ད་ཚུན་གྱི་བར་ན་ འབྲུག་གིས་ ཇ་པཱན་གཞུང་ལས་ སོ་ནམ་ཞིང་པ་སྤྱང་ཀ་ཚུ་གི་དོན་ལུ་ ཀེ་ཨར་༢ ལས་འགུལ་ཐོག་ལས་ མ་དངུལ་གྲོགས་རམ་ལན་ཐེངས་༨ ཐོབ་སྟེ་ རྒྱལ་ཁབ་ནང་འཁོད་ཀྱི་ སོ་ནམ་ཞིང་པ་ཚུ་ལུ་ འཁོར་ལོ་གཉིས་འབད་མི་ ཞིང་རྨོ་འཕྲུལ་ཡུ་ནིཊི་༡.༥༡༩ བགོ་བཀྲམ་འབད་ཡོདཔ་ཨིན་པས།
གྲོགས་རམ་གྱི་ ཡིག་ཆ་བརྗེ་སོར་འབད་བའི་ རྟེན་འབྲེལ་སྐབས་ འབྲུག་གི་གཞུང་ཚབ་ བྲེ་སྲང་རྣམ་རྒྱལ་གྱིས་ ཇ་པཱན་དེ་ འབྲུག་གི་ཆ་རོགས་རྙིང་ཤོས་ཅིག་དང་ གོང་འཕེལ་གྱི་ མཉམ་རོགས་ཅིག་ཨིན་ཟེར་ བཤད་ཡོདཔ་མ་ཚད་ ཇ་པཱན་གཞུང་གིས་ ལས་དོན་ལེ་ཤ་ཅིག་གི་ནང་ལས་ དམིགས་བསལ་དུ་ སོ་ནམ་གོང་འཕེལ་གྱི་དོན་ལུ་ བརྩེ་བའི་གྲོགས་རམ་ཚུ་ འབད་མི་དེ་གིས་ དཔལ་འབྱོར་རང་ལྡང་བཟོ་ནི་གི་ རྒྱལ་ཡོངས་དམིགས་ཡུལ་འགྲུབ་ནི་ལུ་ ལྷན་ཐབས་སྦོམ་བྱུང་ཡི་ཟེར་ སླབ་ཡོདཔ་ཨིན་པས།
གཞུང་ཚབ་ཀྱིས་ འདས་པའི་རིང་ལུ་ ཇ་པཱན་གྱིས་ འབྲུག་ལུ་ མཉམ་འབྲེལ་དང་ རྒྱབ་སྐྱོར་འཕྲོ་མཐུད་འབད་མི་ལུ་ འབྲུག་གཞུང་དང་ མི་སེར་གྱི་ ཁ་ཐུག་ལས་ ཇ་པཱན་གཞུང་དང་ མི་སེར་ཚུ་ལུ་ ཧིང་དྭངས་མའི་ དཀྱིལ་ལས་ར་ བཀྲིན་དགའ་ཚོར་ཡོད་ལུགས་ བཤད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment