གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨེ་ཊི་ཨེམ་ཀཱཌ་ ཐོགས་ལུས་མི་ལུ་བརྟེན་ འཕྲུལ་ཆས་བཅག་དཀྲུམ་བཏང་ཡོདཔ།

༡/༢/༢༠༡༣   ༉ ཁ་ཙ་ དྲོ་པའི་ཆུ་ཚོད་༡:༤༥ དེ་ཅིག་ཁར་ ཕོ་སྐྱེས་ཅིག་གིས་ ཐིམ་ཕུ་ཁྲོམ་གྱི་སྦུག་ལུ་ འབྲུག་གི་དངུལ་ཁང་རྙིངམ་གི་ སྒོ་ར་ལུ་ཡོད་པའི་ དངུལ་བཏོན་འཕྲུལ་ཆས་ ཨེ་ཊི་ཨེམ་ཅིག་ བཅག་དཀྲུམ་བཏང་ཡོདཔ་ཨིན་པས།
བཅག་དཀྲུམ་བཏང་མི་ ཨེ་ཊི་ཨེམ་འཕྲུལ་ཆས།


བྱ་ངན་དེ་ཡང་ ཆང་གིས་འགྲངས་མི་ ཕོ་སྐྱེས་ཅིག་གིས་ ཨེ་ཊི་ཨེམ་ནང་ལས་ ཏི་རུ་བཏོན་ནི་སྦེ་ ཁོ་རའི་ ཨེ་ཊི་ཨེམ་ཀཱཌ་དེ་ འཕྲུལ་ཆས་ནང་ བཙུགས་པའི་ཤུལ་ལས་ ནང་ན་ཐོགས་ལུས་ཏེ་ ཐོན་མ་བཏུབ་ད་ ཙིགཔ་ཟ་བའི་ཤུགས་ཀྱིས་ རྡོ་འཐུ་སྟེ་ འཕྲུལ་ཆས་གུ་ བླུགས་བྱིན་ཡོདཔ་ཨིན་པས།
དེ་བསྒང་ ས་ཁོངས་ནང་ཡོད་པའི་ སྲུང་རྒྱབ་ཚུ་གིས་མཐོང་སྟེ་ ཕོ་སྐྱེས་དེ་ བཟུང་བཞག་ཞིནམ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ འཛིན་བཟུང་ཐོག་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
ང་བཅས་ ས་གནས་དེ་ཁར་ལྷོད་པའི་སྐབས་ སྒོ་བསྡམས་བཞག་མི་ འཕྲུལ་ཆས་བཞག་ཁང་ནང་ འཕྲུལ་ཆས་ཀྱི་ གདོང་ཁའི་ཤེལ་དེ་ དཀྲུམ་ཡོདཔ་ད་ དེ་གི་ཉེ་འདབས་ལུ་ གནས་སྐབས་ཅིག་གི་དོན་ལུ་ དངུལ་ཁང་གི་ འགོ་དཔོན་ཚུ་གིས་ སྣུམ་འཁོར་ཐོག་ལས་ ཨེ་ཊི་ཨེམ་འཕྲུལ་ཆས་ཀྱི་ ཞབས་ཏོག་སྤྲོད་སར་མཐོང་ཡི།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྐྱེས་ལོ་༢༥ ལང་མི་ ཁག་འབག་སློབ་དཔོན་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ ཁོ་ར་ དངུལ་བཏོན་འཕྲུལ་ཆས་ ཨེ་ཊི་ཨེམ་ནང་ལས་ ཏི་རུ་བཏོན་པའི་སྐབས་ ཨེ་ཊི་ཨེམ་ཀཱཌ་དེ་ ནང་ན་ཐོགས་ལུསཔ་ད་ ཆང་གིས་འགྲངས་མི་ལུ་བརྟེན་ ཙིགཔ་བཟའ་སྟེ་ རྡོ་གིས་བླུགས་བྱིན་པའི་ ངག་བརྗོད་སྤྲོད་ཡི་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ རྐྱེན་ངན་བྱུང་བའི་སྐབས་ ཕོ་སྐྱེས་དེ་ ཆང་གིས་འགྲངས་མི་ལུ་བརྟེན་ དབྱེ་ཞིབ་ལེགས་ཤོམ་སྦེ་ འབད་མ་ཚུགསཔ་ཨིན་རུང་ ཤུལ་ལས་ ཁོ་ལས་ཐོབ་མི་ ངག་བརྗོད་དང་འཁྲིལ་ དངུལ་ཁང་གི་ འགོ་དཔོན་ཚུ་དང་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ མཉམ་འབྲེལ་ཐོག་ལས་ དབྱེ་ཞིབ་འབད་བའི་སྐབས་ ཁོ་གི་ ཨེ་ཊི་ཨེམ་ཀཱཌ་དེ་ འཕྲུས་ཆས་ནང་ ཐོགས་ལུས་ཡོདཔ་ མཐོང་ནི་དེ་གིས་ ཁོ་གི་ངག་བརྗོད་ལུ་ བདེན་རྟགས་བྱུང་ཡི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཕོ་སྐྱེས་དེ་གིས་ ངག་བརྗོད་སྤྲོད་མི་བཟུམ་སྦེ་ ཁོ་ར་ ཆང་གིས་འགྲངས་པའི་ཁར་ དབུག་འགམས་མི་ལུ་བརྟེན་ རྡོ་བླུགས་ཡོདཔ་མ་གཏོགས་ ཨརཝ་བརྐུ་ནི་དང་ ལཱ་ངན་འབད་ནི་ལུ་ དམིགས་གཏད་བསྐྱེད་དེ་ འབད་འབདཝ་མེན་པས་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ ཞིབ་དཔྱད་མཐིལ་ཕྱིན་ འབད་ནི་ཨིནམ་མ་ཚད་ ཁོ་ལུ་ མནོ་ཞིང་བསམ་བཞིན་དུ་ གནོད་བཀལ་གྱི་ལཱ་འབད་བའི་ ཉེས་འཛུགས་འབད་འོང་ཟེར་ཨིན་པས།
ཨེ་ཊི་ཨེམ་འཕྲུལ་ཆས་རེ་ལུ་ གོང་ཚད་དངུལ་ཀྲམ་༨༠༠,༠༠༠ རེ་ གནས་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment