གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་བཙོང་འདོད་སྤྱོད་ཀྱི་ ཁ་ཉེས་ལུ་བརྟེན་ འགོ་དཔོན་ཅིག་ དགོངས་ཕོག་བཏོན་ཡོདཔ།

༤/༢/༢༠༡༣   འགོ་དཔོན་དེ་ལུ་ ཉེས་པ་ཡོད་པའི་ ངོས་འཛིན་འབྱུང་པ་ཅིན་ ཁྲིམས་ཀྱི་བྱ་རིམ་དང་འཁྲིལ་ ངོས་ལེན་འབད་འོང་ཟེར་ཨིན་མས།
༉ དགེ་ལེགས་ཕུག་ལུ་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ ཁོ་རའི་ཁྱིམ་ནང་ ལཱ་གཡོག་འབད་མི་ གཡོགམོ་སྐྱེས་ལོ་༡༦ ལང་མི་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ ཁ་ཉེས་བཀལ་མི་ལུ་བརྟེན་ ཁྲིམས་སྲུང་འགག་སྡེ་གིས་ འགོ་དཔོན་དེ་ལུ་ ཆེ་མཐོའི་གནས་རིམ་གྱི་ དྲི་ཞིབ་ཅིག་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།


དེ་ཡང་ ཁྲིམས་སྲུང་འགག་པའི་ ལིང་དཔོན་དེ་ བདུན་ཕྲག་ཧེ་མའི་ནང་ དགོངས་ཕོག་བཏོན་ཡོདཔ་བཞིན་དུ་ དྲི་ཞིབ་དེ་ཡང་ ཁྲིམས་སྲུང་འགག་སྡེའི་(བདག་སྐྱོང)གཙོ་འཛིན་འོག་མ་གིས་ འགོ་ཁྲིད་འབད་མི་ སྡེ་ཚན་ཅིག་གིས་ འབད་དོ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་དེ་གི་ གནས་ཚང་གིས་ སྐྱེས་ལོ་༡༦ ལང་མི་ གཡོགམོ་དེ་ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ མོ་གི་རྨགཔ་གིས་ དབང་བཙོང་གི་སྒོ་ལས་ འདོད་སྤྱོད་འབད་ནུག་ཟེར་ ཁ་ཉེས་བཀལ་ཐོག་ལས་ དགེ་ལེགས་ཕུག་ལུ་ རི་ནིའུ་ཟེར་མི་ ཨམ་སྲུ་ཆ་བཞག་དང་ ལྕོགས་གྲུབ་ ཤེས་ཡོད་ཡར་སྐྱེད་ལྟེ་བའི་ ཁས་བླངས་པ་ཅིག་འབད་སར་ སྤྱི་ཟླ་༡ པའི་ཚེས་༢༣ ལུ་ ཁྱིད་བསྐྱལ་ཡོདཔ་ཨིན་པས།
དེ་ལས་ རི་ནིའུ་ཁས་བླངས་པ་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་དེ་ ཉམས་རྒུད་པ་དེ་ སྨན་ཁང་ནང་ བསྐྱལ་ཡོདཔ་ད་ དགེ་ལེགས་ཕུག་སྨན་ཁང་གི་ སྨན་བཅོས་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ལོ་ན་མ་སྨིན་པའི་ བུམོ་དེ་ལུ་ འདོད་སྤྱོད་འབད་ཡོད་པའི་ རྨ་ཤུལ་དེ་ཚུ་ཡོད་རུང་ བྱུང་རྐྱེན་དེ་ ཟླཝ་༡ ལྷགཔ་ཅིག་གི་ཧེ་མར་ བྱུང་ཡོདཔ་ལས་ ཉེས་འགལ་འབད་མི་ ག་ཨིན་ན་ སྨན་ཁང་གི་ ཁ་ཐུག་ལས་ སླབ་མི་ཚུགས་པས་ཟེར་ཨིན་པས།
ཉམས་རྒུད་པ་དེ་གིས་ སྨན་ཁང་གི་ ལས་བྱེདཔ་དང་ རི་ནིའུ་ཁས་བླངས་པ་ཚུ་ལུ་ སླབ་མི་དང་འཁྲིལཝ་ད་ འགོ་དཔོན་དེ་གིས་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༤ དང་༢༥ ལུ་ ལན་ཐེངས་༢ དབང་བཙོང་ལུས་འབྲེལ་འབད་ཡི་ཟེར་ཨིནམ་ད་ བུམོ་དེ་ རྐྱེན་ངན་མ་བྱུང་པའི་ བདུན་ཕྲག་གཉིས་དེ་ཅིག་གི་ཧེ་མར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་དང་ ཁོ་གི་གནས་ཚང་གི་དོན་ལུ་ ཁྱིམ་ནང་གཡོག་ལཱ་རྐྱབ་མི་སྦེ་ གཞལམ་སྒང་གི་ མཐའ་ཟུར་གཡུས་ཚན་ཅིག་ནང་ལས་ ཁྱིད་འོང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་གཙོ་འཛིན་ མདོ་འཛིན་སྐྱིབས་ཅུ་རྣམ་རྒྱལ་གྱིས་འབད་བ་ཅིན་ གལ་སྲིད་ ཞིབ་དཔྱད་འབདཝ་ད་ འགོ་དཔོན་དེ་ལུ་ ཉེས་པ་ཡོདཔ་ བདེན་ཁུངས་འཐོན་པ་ཅིན་ ཁྲིམས་སྲུང་འགག་པ་གིས་ ས་གནས་ཀྱི་ ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་ལུ་ རྩིས་སྤྲོད་འབད་ཞིནམ་ལས་ ཁྲིམས་དང་འཁྲིལ་ཏེ་ ཁྲིམས་དཔྱད་འབད་འོང་ཟེར་ཨིན་པས།
ཁྲིམས་ཀྱི་ལྟག་ལས་ ག་ཡང་མེདཔ་ཨིན་རུང་ སྒྲིག་གོ་གྱོན་མི་ཅིག་འབད་བ་ལུ་བརྟེན་ ཞིབ་དཔྱད་འབད་ནི་དེ་ བྱ་སྒོའི་ལམ་ལུགས་ཅིག་ཨིན་ཟེར་ ཁྲིམས་སྲུང་འགག་སྡེའི་ གཙོ་འཛིན་གྱིས་ སླབ་ཨིན་པས།
དེ་འབདཝ་ད་ དགེ་ལེགས་ཕུག་གི་ མི་ཚུ་གིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་པ་གིས་ ཁ་ཉེས་ཕོག་མི་ འགོ་དཔོན་དེ་ དོ་དམ་འོག་ལུ་ མ་བཞག་མི་ལུ་ལྟ་སྟེ་ ཧ་ལས་དགོཔ་ བྱུང་ཡི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཁྲིམས་དང་འཁྲིལ་ཏེ་ ཞིབ་དཔྱད་འབད་ནི་ཨིན་པ་ཅིན་ ཁྲིམས་སྲུང་འགོ་དཔོན་དེ་ དོ་དམ་འོག་ལུ་བཞག་སྟེ་ ཞིབ་དཔྱད་མཐིལ་ཕྱིན་འབད་དགོ་ཟེར་ དགེ་ལེགས་ཕུག་ལུ་ སྡོད་མི་ཅིག་གིས་ སླབ་ཨིན་པས།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ཐིམ་ཕུ་ལས་ ཞིབ་དཔྱད་འབད་མི་ སྡེ་ཚན་དེ་ དགེ་ལེགས་ཕུག་ལུ་ ལྷོད་པའི་ཤུལ་ལུ་ ཁ་ཉེས་ཕོག་མི་ འགོ་དཔོན་གྱི་ གནས་ཚང་དེ་གིས་ ངག་བརྗོད་བསྒྱུར་བཅོས་རྐྱབ་སྟེ་ གཡོགམོ་དེ་ལུ་ མོ་ དབང་བཙོང་ལུས་འབྲེལ་འབད་ཡི་ཟེར་ ཤོབ་སླབ་བཅུག་ཅི་ཟེར་ བཀོད་ཡོདཔ་ཨིན་པས།
གནད་དོན་ག་དེ་སྦེ་ར་ཨིན་རུང་ རི་ནིའུ་གིས་ བུམོ་དེ་ ཐིམ་ཕུ་ལུ་ ཁྱིད་སོང་ཡོདཔ་ད་ རི་ནིའུ་གི་ བསླབ་སྟོན་པ་གིས་ སླབ་མིའི་ནང་ ན་ཆུང་ཚུ་ ཉེན་སྐྱོབ་འབད་ནི་དེ་ ཁོང་གི་ འགན་ཁུར་ཨིནམ་ལས་ ད་ལྟོ་ བུམོ་དེ་ ཁོང་གི་ སྡོད་གནས་ཁང་ནང་ བཞག་ཡོད་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment