གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བདེ་སྲུངཔ་ཚུ་ རྒྱལ་ཁབ་ཀྱི་ ཞི་བདེ་དང་ ཕན་བདེ་བདག་འཛིན་འཐབ་མི་ཨིནམ།

༤/༢/༢༠༡༣   ༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབང་འདུས་ཕོ་བྲང་བསྟན་སྐྱོང་གླིང་ལུ་ སྤྱི་ཟླ་༡ པའི་ཚེས་༢༡ ལས་ སྤྱི་ཟླ་༢ པའི་ཚེས་༢ ཚུན་ བདེ་སྲུང་གི་ སྦྱོང་བརྡར་འབད་མི་ སློབ་གྲྭའི་སློབ་དཔོན་༡༢༥ དང་ མཇལ་ཕྲད་གནངམ་ད་ བདེ་སྲུངཔ་འབད་ཞིནམ་ལས་ རང་སོའི་སློབ་ཁང་ནང་ལས་ མཐར་འཁྱོལ་འགྱོ་མི་ སློབ་ཕྲུག་རེ་རེ་བཞིན་དུ་ལུ་ མ་འོངས་གནས་སྟངས་ཀྱི་ ལེགས་ལམ་བཟོ་དགོ་པའི་ བཀའ་སློབ་གནང་ཡི།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ བདེ་སྲུང་གི་ སྦྱོང་བརྡར་མཇུག་བསྡུ་མི་ སློབ་དཔོན་༡༢༥ དང་ ལྷན་བཞུགས་གནང་པའི་བསྒང་།


སློབ་སྟོན་འབད་ནི་དེ་ ལཱ་འགན་ཅིག་ཨིནམ་ལས་ རང་གི་ལཱ་གཡོག་ལུ་ སྤྲོ་སྣང་མེད་པ་ཅིན་ ཁྱེད་ཀྱིས་ རེ་འདུན་འགྲུབ་མི་ཚུགས་ཟེར་ མི་དབང་མངའ་ཞབས་མཆོག་གིས་ བདེ་སྲུང་གི་ སྦྱོག་བརྡར་འབད་མི་ སྡེ་ཚན་༦ པ་ལུ་ གསུངས་གནང་ཡི།
སློབ་དཔོན་ཚུ་ ལཱ་རྩ་འགེངས་ཏེ་འབད་མི་ཨིནམ་མ་ཚད་ ཁོང་ལུ་ དཀའ་སྡུག་ཅན་དང་ གདོང་ལེན་འབད་དགོཔ་ ལེ་ཤ་ཡོད་རུང་ ཁོང་གིས་ འཐུས་ཤོར་མེད་པར་ ཐ་དམ་ཚིག་བརྟེན་ཏེ་ ཕྱག་ཞུ་མི་ལུ་བརྟེན་ ང་བཅས་རའི་ སློབ་དཔོན་ཚུ་ལུ་ མི་དབང་སྐུ་ཉིད་ལས་ ཐུགས་གཏད་ཧྲིལ་བུ་ཡོད་ཟེར་ མི་དབང་མཆོག་གིས་ གསུངས་ཡི།
སློབ་ཕྲུག་ཚུ་གིས་ མི་ཚེ་སྐྱོང་ཐངས་སྐོར་ལས་ སློབ་དཔོན་ཚུ་ལས་ ལྷབ་དོ་ཡོདཔ་ལས་ སློབ་དཔོན་ཚུ་ དཔེ་སྟོན་མིའི་ འགན་ཁུར་འབག་དགོཔ་ཨིན་ཟེར་ མི་དབང་མཆོག་གིས་ གསུངས་པའི་ཁར་ སློབ་དཔོན་ཚུ་ལུ་ ཡོན་ཏན་དང་ ཀུན་སྤྱོད་རྣམ་གཞག་ སྒྲིག་ལམ་ཆོས་གསུམ་ ཞི་བའི་ཁྱད་ཆོས་ཚུ་ཡོདཔ་ལས་ སྤྱོད་པ་བཟང་པོ་ཙང་ཙ་ཨིན་ཟེར་ གསུངས་ཡི།
མི་དབང་མངའ་ཞབས་མཆོག་གིས་ བདེ་སྲུང་ནང་འཛུལ་མི་ སློབ་དཔོན་ཚུ་ལུ་ བདེ་སྲུང་གི་ སྦྱོང་བརྡར་ནང་ལས་ ལྷབ་མི་ཚུ་ ཁོང་རའི་སློབ་ཕྲུག་ཚུ་ལུ་ སྟོན་ཐོག་ལས་ མ་འོངས་པ་ལུ་ བདེ་སྲུང་ནང་ འཛུལ་ནི་གི་ སེམས་ཤུགས་བསྐྱེད་བཅུག་དགོ་པའི་ བཀའ་སློབ་གནང་ཡི།
མི་དབང་མཆོག་གིས་འབད་བ་ཅིན་ སློབ་དཔོན་ཚུ་གིས་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ རྒྱལ་ཁབ་ཀྱི་ ཕན་བདེ་སྲུང་འཛིན་འབད་ནིའི་ འགན་ཁུར་དང་ རྒྱལ་ཁབ་ལུ་ ཕྱག་ཞུ་ནི་གི་ རྒྱུད་བསྐུལ་འབད་ཚུགས་ཟེར་ཨིན་པས།
མི་དབང་མཆོག་གིས་ སློབ་དཔོན་ཚུ་ལུ་ བདེ་སྲུང་གི་ སྦྱོང་བརྡར་ལས་རིམ་ འགོ་བཙུགས་མི་དེ་ཡང་ རྒྱལ་ཁབ་ནང་ བྱ་སྟབས་མ་བདེཝ་སྦོམ་བྱུང་པའི་ ནམ་དུས་ལུ་ ཕྱག་ཞུ་ནི་དང་ དགོས་མཁོ་བྱུངམ་ད་ གཅིག་གིས་གཅིག་ལུ་ ཁས་བླངས་ཐོག་ལས་ ཆ་རོགས་འབད་ནི་གི་ རེ་འདོད་ཡོད་མི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གིས་ ཞུ་བ་ནན་བསྐྱར་ཕུལ་མི་དང་འཁྲིལ་ཨིན་ཟེར་ གསུངས་པའི་ཁར་ བདེ་སྲུང་ཟེར་ མིང་གནས་གདམ་ཁ་གནང་མི་དེ་ཡང་ ཁྱེད་ཆ་ཁྱབ་ རྒྱལ་ཁབ་ཀྱི་ ཞི་བདེ་དང་ ཕན་བདེ་སྲུང་མི་འབད་བ་ལུ་བརྟེན་ཨིན་ཟེར་ གསུངས་གནང་ནུག།
ད་རུང་ མི་དབང་མངའ་ཞབས་མཆོག་གིས་ ན་གཞོན་ཚུ་ བཙག་འཐུ་འགོ་འདྲེན་འཐབ་རན་མི་ཚུ་ནང་ བཅའ་མར་གཏོགས་དགོཔ་ གལ་ཆེ་བའི་སྐོར་ གསུངས་གནང་ཡོདཔ་ད་ འབྲུག་གིས་ སྤྱི་ལོ་༢༠༠༨ ལུ་ བཙག་འཐུ་འགོ་དང་པ་འབད་མི་ལས་ བཙག་འཐུ་ཐེངས་གཉིས་པ་དེ་ མཐར་འཁྱོལ་མངམ་ཡོདཔ་ ངེས་བརྟན་བཟོ་དགོ་ཟེར་ བཀའ་སློབ་གནང་ཡི།
ང་བཅས་ཆ་ཁྱབ་ རྒྱལ་ཁབ་འདི་གི་ མི་སེར་སྦེ་ སྐྱེས་མི་དང་ བཀྲིན་ཅན་གྱི་བདག་ཉིད་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ སྐུ་བསོད་དབང་ཐང་ལུ་བརྟེན་ ཁ་རྗེ་བཟང་ཡོད་ཟེར་ མི་དབང་མཆོག་གིས་ བདེ་སྲུངཔ་ཚུ་ལུ་ གསུངས་གནང་པའི་ཁར་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་འགོ་བཙུགས་གནང་ཐངས་དང་ ང་བཅས་རའི་ མི་སྡེའི་ནང་འཁོད་ལུ་ མཐུན་ལམ་དམ་ཟབ་ གནས་ཡོདཔ་མ་ཚད་ ང་བཅས་རའི་ ལམ་སྲོལ་དང་ གོམས་གཤིས་བཟང་པོ་ཚུ་གིས་སྦེ་ འབྲུག་འདི་ དམིགས་བསལ་ཅན་གྱི་ རྒྱལ་ཁབ་སྦེ་ གནས་ཏེ་ཡོད་རུང་ ང་བཅས་ཀྱིས་ བློ་བདེ་ཐོག་ལས་ ཐང་བཏང་བཞག་ནི་མི་འོང་ཟེར་ དྲན་གསལ་གནང་ཡི།
ང་བཅས་ཀྱིས་ རྒྱལ་ཁབ་གཞན་ཚུ་ནང་ མཐོང་གསལ་བྱུང་མི་ དཀའ་ངལ་ཚུ་ ང་བཅས་ཀྱི་ རྒྱལ་ཁབ་ནང་ འབྱུང་བཅུག་ནི་མི་འོང་ཟེར་ མི་དབང་མཆོག་གིས་ གསུུངས་མི་དེ་ཡང་ རྒྱལ་ཁབ་ལ་ལུ་ཅིག་ནང་ གཞུང་གི་ལམ་ལུགས་ལུ་ལྟ་སྟེ་ མི་སེར་ཚུ་ བློ་གཏད་ཡིད་ཆེས་མེདཔ་ སོང་ཡོདཔ་མ་ཚད་ སྲིད་དོན་པ་ཚུ་ ངན་ལྷད་དང་ ཆགས་སྡང་ཕྱོགས་རིས་ལུ་ ཤུགས་ཐལ་བའི་ཁར་ གཞུང་སྐྱོང་དྭངས་གསལ་མེད་པའི་ཁར་ ཕྱུགཔོ་དང་ སྤྱང་ཀའི་བར་ན་ ཁྱར་པར་སྦོམ་ཞུགས་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་མི་ཚུ་ སྤྲོ་སྣང་མེདཔ་ཐལ་ནུག་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment