གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་སྲིད་བློན་པོ་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྒྲུབ་བྱེད་སྙན་གསན།

༥/༢/༢༠༡༣   ས་ཆ་གནང་ནིའི་དབང་ཚད་ འབྲུག་མངའ་བདག་རྒྱལ་པོ་རྐྱངམ་གཅིག་ལུ་ཡོདཔ།
༉ ཁ་ཙ་ མོང་སྒར་རྫོང་ཁག་གི་ ཁྲིམས་ཀྱི་འདུན་སར་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་བར་ན་ སྒྲུབ་བྱེད་སྙན་གསན་མཛད་པའི་སྐབས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྒྲུབ་བྱེད་སྦེ་ གཞུང་གི་བཀའ་ཤོག་དང་ བཀའ་རྒྱ་ དེ་ལས་ ཚོགས་ཆུང་གི་འཐུས་མི་ལ་ལུ་ཅིག་གི་ ངག་བརྗོད་ཚུ་ ཁྲིམས་འདུན་ལུ་ཕུལ་ཡི།


དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྒྲུབ་བྱེད་བཀོད་མི་ཚུ་གི་ནང་ལས་ གཅིག་ སྤྱི་ལོ་༡༩༨༧ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་གནང་མི་ བཀའ་རྒྱ་དེ་ཨིནམ་ད་ བཀའ་རྒྱ་དེ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཁྲོམ་ས་གནང་ནི་དེ་ གཞུང་གིས་ལམ་ལུགས་ཅིག་ བཟོ་ཞིནམ་ལས་མ་གཏོགས་ གཞན་ག་གིས་ཡང་ ས་ཏོག་ལེབ་གང་ཡང་ གནང་མ་ཆོགཔ་སྦེ་ བཀོད་དེ་ཡོད་ཟེར་ཨིན་པས།
ཨིན་རུང་ ཤུལ་ལས་ གོང་གི་ཆ་རྐྱེན་ཅན་གྱི་ བཀའ་རྒྱ་དེ་ སྤྱི་ལོ་༡༩༩༡ ལུ་ ཞབས་ཏོག་ལྷན་ཁག་གིས་གནང་མི་ ཡི་གུ་དང་ རྫོང་སྡེ་སྤྱི་ཁྱབ་ཀྱིས་གནང་མི་ ཡི་གུ་དང་འཁྲིལ་ ཆ་རྐྱེན་དེ་གྲུབ་ཨིན་ཟེར་ཨིནམ་ད་ རྫོང་བདག་གིས་ ས་ཆ་བགོ་བཀྲམ་འབད་བ་ཅིན་ དེ་ནང་ཡང་ བགོ་བཀྲམ་གྱི་ལམ་ལུགས་ སྒྲིང་སྒྲིང་ཡོད་ཟེར་ཨིན་པས།
དེ་ཡང་ དང་པ་ར་ ས་གནས་ཁར་ ཁྲིམས་མཐུན་ཆོག་ཐམ་འཆང་མི་ཚོང་པ་དང་ ས་གནས་ཁར་གཞི་ཆགས་སྡོད་མི་ མཇུག་ར་ གཞན་དང་གཞན་ལུ་ བགོ་བཀྲམ་འབད་དགོ་པའི་ལམ་སྟོན་ཚུ་ ཡི་གུ་ནང་ གསལ་རི་རི་སྦེ་ བཀོད་དེ་ཡོད་རུང་ གཞུང་གི་ལམ་ལུགས་དང་ བཀའ་རྒྱ་ཚུ་ རྒྱབ་ལུ་སྐྱུར་ཏེ་ གོང་མའི་བཀའ་གྱེན་ལུ་ལོག་སྟེ་ ས་ཆ་བགོ་བཀྲམ་འབད་མི་དེ་ལུ་བརྟེན་ ཡིག་ཚང་གི་ བྱ་སྤྱོད་ངན་པའི་ ཉེས་འཛུགས་སྨིན་དགོ་ཟེར་ཨིན་པས།
དེ་མ་ཚད་ སྤྱི་ལོ་༡༩༨༩ ལས་ ༢༠༠༢ ཚུན་ རྒྱལ་པོའི་ཞིང་ལུ་ ས་ཆ་དགོ་ནིའི་དོན་ལུ་ ཞུ་ཡིག་བཙུགས་མི་༡༥༡ གིས་ ད་ལྟོའི་བར་ན་ཡང་ ས་ཆ་ཐོབ་མ་ཚུགས་པར་ ལུས་ཏེ་འདུག་ཟེར་ཨིནམ་ད་ དེ་ཡང་ གཙོ་བོ་ར་ གཞུང་གི་ལམ་ལུགས་དང་འཁྲིལ་ བགོ་བཀྲམ་མ་འབད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ བློན་པོའི་རྒྱབ་མི་གིས་ སྤྱི་ཟླ་༡ པའི་ཚེས་༣༡ ལུ་ ངག་ཐོག་ཞུ་མིའི་ནང་ བདག་སྐྱོང་དང་འབྲེལ་བ་ཡོདཔ་ལས་ བློན་པོ་ལུ་ ཞི་གཡོག་བཅའ་ཁྲིམས་ཀྱི་ དོན་ཚན་༡༩ པ་དང་འཁྲིལ་དགོཔ་མ་གཏོགས་ ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༢༩༤ ཀ་པའི་ ཉེས་འཛུགས་བཀལ་དགོཔ་མེད་ཟེར་ ཞུ་བའི་ལན་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དང་པ་ དབང་ཚད་སྤྱོད་མ་ཆོག་པའི་ཁར་ གལ་སྲིད་སྤྱོད་དེ་འབད་རུང་ གཞུང་གི་ལམ་ལུགས་དང་འཁྲིལ་ སྤྱོད་དགོཔ་ཨིན་རུང་ ལོག་སྤྱོད་འབད་མི་ལུ་བརྟེན་ ཉེས་འགལ་གྱི་ ཁྲིམས་དེབ་དང་འཁྲིལ་དགོཔ་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁ་ཙ་ བློན་པོ་མི་འགྱུར་རྡོ་རྗེ་གི་རྒྱབ་མི་ འཇམ་དབྱངས་ཤེས་རབ་དབང་འདུས་ལུ་ སྤྱི་ཟླ་༢ པའི་ཚེས་༣༡ གི་བར་ན་ བརྒལ་ལན་ཁྲིམས་འདུན་ལུ་ ཕུལ་མིའི་ནང་ བློན་པོ་མི་འགྱུར་རྡོ་རྗེ་དེ་ འབྲུག་གི་ ཉེས་འགལ་ཁྲིམས་དེབ་ཀྱི་ དོན་ཚན་༢༩༤ པའི་ ཀ་པ་དེ་ ཉེས་འཛུགས་རྩ་ལས་ར་ སྨིན་དགོ་མེད་ཟེར་ཨིན་པས།
དེ་ཡང་ དོན་ཚན་དེ་ནང་ དབང་ཚད་ལོག་སྤྱོད་ཀྱི་སྐོར་ལས་མ་གཏོགས་ བཀོད་དེ་མེདཔ་ལས་ བྱ་སྒོའི་ལམ་ལུགས་དང་དབང་ཚད་༢ རྩ་ལས་ར་ མི་འདྲ་ཟེར་ཨིནམ་ད་ ཉེས་འགེལ་ཁྲིམས་དེབ་ཀྱི་ ཉེས་འཛུགས་སྨིན་དགོ་པ་ཅིན་ མི་དེ་གིས་ མནོ་ཞིང་བསམ་བཞིན་དུ་འབད་དེ་ རྒྱལ་ཁབ་ལུ་མ་བཏུབ་པའི་ ལཱ་ངན་ཅིག་འབད་དགོཔ་ ཨིན་ཟེར་ཨིན་པས།
དེ་མ་ཚད་ རྫོང་སྡེ་སྤྱི་ཁྱབ་དང་ ཞབས་ཏོག་ལྷན་ཁག་གིས་གནང་མི་ ཡི་གུ་དང་འཁྲིལ་བ་ཅིན་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་༢༩༤ པའི་ ཀ་པ་དེ་ ཕོག་དགོཔ་མེད་ཟེར་ཨིན་པས།
དེ་ཡང་ བྱ་སྒོའི་ལམ་ལུགས་དང་ དབང་ཚད་༢ མ་འདྲ་ནི་དེ་གིས་ བློན་པོ་གིས་འབད་བ་ཅིན་ མཁར་ཆུ་གྲྭ་ཚང་དང་ དགྲ་མེད་རྩེ་གྲྭ་ཚང་༢ དེ་བཟུམ་སྦེ་ ཀུན་བཟང་སྒྲོལ་མ་ཡང་ འབྲུག་གི་མི་ཁུངས་ཨིནམ་ལས་ ཁོང་གིས་ ས་ཆ་མི་ཐོབ་ཟེར་ འབྲུག་གི་ཁྲིམས་དེབ་ག་ཅི་ནང་ཡང་ འཐོབ་ཁུངས་མེདཔ་སྦེ་ བཀོད་དེ་མེད་ཟེར་ཨིན་པས།
རྒྱབ་མི་གིས་འབད་བ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བློན་པོ་གིས་ ཁོང་༣ ལུ་ ས་ཆ་སྐྱིད་སྡུག་སྦེ་གནང་ནུག་ཟེར་ ཁྲིམས་འདུན་ལུ་ ཞུ་མི་དེ་ལུ་ རྩ་ལས་ར་ བདེན་པ་མེད་མི་དེ་ཡང་ སྐྱིད་སྡུག་གི་ ས་ཆ་གནང་ནིའི་དབང་ཚད་དེ་ མི་དབང་མངའ་བདག་རིན་པོ་ཆེ་ སྐུ་ཉག་ཅིག་མ་གཏོགས་མེད་ཟེར་ཨིན་པས།
དེ་མ་ཚད་ སྐྱིད་སྡུག་དེ་ཡང་ རིན་མེད་སྟོང་པར་སྦེ་ གནངམ་ཨིན་རུང་ རྒྱལ་པོའི་ཞིང་གི་ས་ཆ་དེ་ གཞུང་ལུ་ ས་རིན་ཕུལ་ཏེ་འདུག་ཟེར་ཨིནམ་ད་ གཞུང་གིས་ ས་ཆ་བཞེས་མི་ཚུ་ཡང་ ས་ཚབ་དང་ ས་རིན་ཚུ་ གནང་ནུག་ཟེར་ཨིནམ་ད་ ཁོང་༣ ཡང་ གཞུང་གིས་བཀོད་མི་ ཚད་གཞི་༣ ལས་ མ་འགལ་ནུག་ཟེར་ཨིན་པས།
དེ་མ་ཚད་ བློན་པོ་དེ་ རྫོང་བདག་སྦེ་ བཞུགས་པའི་སྐབས་ལུ་ ས་ཆ་བགོ་བཀྲམ་ཐེངས་༣ འབད་ཚར་ནུག་ཟེར་ཨིནམ་ད་ རྒྱབ་མི་གིས་འབད་བ་ཅིན་ རྒྱལ་པོའི་ཞིང་གི་ས་ཆ་དེ་ གཞུང་གིས་ ལེན་ཡོདཔ་ལས་ འབྲས་སྤུངས་ཀྱི་མི་སེར་ཚུ་ རྒྱལ་པོའི་ཞིང་ལུ་ སྡོད་མིའི་གྲས་ཁར་ མི་ཚུད་ཟེར་ཨིན་པས།
དེ་མ་ཚད་ ཞུ་ཡིག་བཙུགས་མི་༡༥༢ ཡོད་མི་ཚུ་ཡང་ ཞུ་ཡིག་དེ་ ཚར་གཅིག་བཙུགས་ཞིནམ་ལས་ བསྐྱར་གསོ་མ་འབད་བ་ཅིན་ ཧེ་མའི་ཞུ་ཡིག་དེ་ དོན་སྟོང་ཨིནམ་ལས་ སྒྲུབ་བྱེད་འབད་མི་བཏུབ་ཟེར་ཨིན་པས།
ཨིན་རུང་ མོང་སྒར་ཁྲིམས་འདུན་གྱི་དྲང་དཔོན་ མགོན་པོ་རྡོ་རྗེ་གིས་ སླབ་མིའི་ནང་ རྩ་བོ་༢ ཀྱི་ཧོངས་ལས་ བདེན་ཁུངས་ཚུ་ག་དེ་སྦེ་བཟང་རུང་ ཁྲིམས་འདུན་གྱིས་འབད་རུང་ དྲང་ཁྲིམས་འཐོབ་ནིའི་དོན་ལུ་ རྩ་ཕན་༢ ཀྱིས་ ཞུ་མི་ཚུ་ལུ་ བསམ་ཞིབ་འབད་དེ་ བལྟ་འོང་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment