གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གླ་དབང་ལེན་ཐོག་གི་ འཕུར་འགྲུལ་དོན་ལུ་ གླ་ཆའི་ཚད་གཞི་བཟོ་བའི་བསྒང་ཡོདཔ།

༥/༢/༢༠༡༣   ༉ སྤྱི་ཟླ་༧ པ་དང་༨ པའི་ནང་ ཇ་པཱན་དང་ ཀོ་རི་ཡ་རྒྱལ་ཁབ་ཚུ་ལས་ ལྟ་བཤལཔ་ཚུ་ རྒྱལ་ཁབ་ནང་ འོང་ནིའི་དོན་ལུ་ རྒྱལ་ཁབ་༢ ཀྱི་ ལས་སྡེ་ཚུ་ལས་ གླ་དབང་ལེན་ཐོག་ གནམ་གྲུའི་ཞབས་ཏོག་ མཁོ་འདོད་བཀོད་མི་དང་འཁྲིལ་ ད་རེས་ རྒྱལ་ཡོངས་ཀྱི་མཁའ་འགྲུལ་ འབྲུག་ཨེ་ཡར་གྱིས་ ཞབས་ཏོག་སྤྲོད་ནི་ལུ་ གླ་ཆའི་ཚོད་རྩིས་ བཏོན་པའི་བསྒང་ཡོདཔ་ཨིན་པས།


འབྲུག་ཨེ་ཡར་གྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་འཛིན་གྱིས་ གླ་ཆའི་ཚོད་རྩིས་ཚུ་བཏོན་ཏེ་ དང་འདོད་ཅན་གྱི་ རྒྱལ་ཁབ་༢ ལུ་སྤྲོད་ནི་དང་ གལ་སྲིད་ གླ་ཆ་དེ་ལུ་ ངོས་ལེན་འབྱུང་པ་ཅིན་ རྒྱལ་ཁབ་རེ་ནང་ གནམ་གྲུ་ཚར་༦ རེ་ འཕུར་འགྲུལ་འབད་འོང་ཟེར་ཨིན་པས།
འབྲུག་ཨེ་ཡར་གྱི་ ཚོང་འབྲེལ་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་རེས་ཀྱི་གནད་དོན་དེ་ ཞབས་ཏོག་གོང་འཕེལ་གྱི་དོན་ལུ་ དམིགས་ཏེ་ཨིནམ་བཞིན་དུ་ གླ་འཐུས་ཚུ་ཡང་ དུམ་གྲ་ཅིག་ དམའ་སུ་སྦེ་བཟོ་དོ་ཟེར་ཨིན་པས།
ན་ཧིང་ཡང་ དེ་བཟུམ་མའི་ མཁོ་འདོད་བཀོད་མི་ དག་པ་ཅིན་ཐོན་ཡོདཔ་ཨིན་རུང་ ཕྱི་ཁའི་ལས་སྡེ་ཚུ་གིས་ འབྲུག་ཨེ་ཡར་གྱིས་ བཟོ་མི་གོང་ཚད་དེ་ལུ་ ངོས་ལེན་མ་བྱུངམ་ལས་ འགོ་འདྲེན་འཐབ་མ་ཚུགས་ཟེར་ འགོ་དཔོན་ཚུ་གིས་སླབ་ཨིན་པས།
ཚོང་འབྲེལ་སྡེ་ཚན་གྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ འཕུར་འགྲུལ་འབད་མི་ འགྲུལ་པ་༢༠ ལས་༣༠ དེ་ཅིག་ཡོད་རུང་ གླ་དབང་ཐོག་ གནམ་གྲུའི་ཞབས་ཏོག་ལེན་མི་ ཐོནམ་མས་ཟེར་ཨིནམ་ད་ རྒྱལ་ཁབ་ནང་ ལྟ་བཤལཔ་ལེ་ཤ་སྦེ་ འོང་བའི་དུས་ཚོད་ལུ་ ཨ་རྟག་གི་མཁོ་འདོད་ཚུ་ཡང་ གྲུབ་མི་ཚུགས་དོ་ཡོདཔ་ལས་ དེ་བཟུམ་མའི་ཞབས་ཏོག་ མཁོ་འདོད་བཀོད་མི་ཚུ་ལུ་ ངོས་ལེན་འབད་ནི་མེད་ཟེར་ཨིན་པས།
ད་རེས་ ལས་འཛིན་ལུ་ གནམ་གྲུ་༣ དང་ ཨེ་ཊི་ཨར་༡ ལས་བརྒལ་མེདཔ་ལས་ རྒྱལ་ཁབ་ནང་ ལྟ་བཤལཔ་འོང་ནིའི་ དུས་ཚོད་ངོ་མ་ཚུ་གི་སྐབས་ གནམ་གྲུ་ཐེབས་ཡང་ བཙུགས་དགོཔ་ཐོནམ་མས་ཟེར་ འགོ་དཔོན་ཚུ་གིས་སླབ་ཅི།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འབྲུག་ཨེ་ཡར་གྱིས་ ཨ་རྟག་འཕུར་འགྲུལ་འབད་སའི་ ས་གནས་ཚུ་ནང་འབད་བ་ཅིན་ གླ་དབང་ཐོག་གི་ འཕུར་འགྲུལ་ཞབས་ཏོག་ཚུ་ སྤྲོད་དོ་ཡོདཔ་ད་ ས་གནས་དེ་ཚུའི་དོན་ལུ་ གོང་ཚད་ཚུ་ཡང་ བཟོ་སྟེ་ཡོད་ཟེར་ཨིན་པས།
དཔེ་འབད་བ་ཅིན་ ཨ་རྟག་འཕུལ་འགྲུལ་འབད་སའི་ས་གནས་ ཀཱཐ་མན་ཌུ་དང་ བེང་ཀཱོག་ཚུ་ལུ་ དེ་བཟུམ་མའི་ ཞབས་ཏོག་ཚུ་ སྤྲོད་དོ་ཡོདཔ་ད་ གནམ་ཐང་གི་ ཁྲལ་ཚུ་མ་བརྩིས་བར་ ཀཱཐ་མཱན་ཌུ་ཚུན་ ལམ་ཕྱོགས་ཅིག་ལུ་ འཕུར་འགྲུལ་འབད་ནིའི་དོན་ལུ་ གླ་ཆ་ཡུ་ཨེསི་ཌོ་ལར་༡༩,༨༠༠ དང་ བེང་ཀཱོག་ཚུན་འབད་བ་ཅིན་ ཡུ་ཨེསི་ཌོ་ལར་༤༨,༤༠༠ རེ་ ཕོགསཔ་ཨིན་པས།
འབྲུག་ཨེ་ཡར་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཨ་རྟག་འཕུར་འགྲུལ་འབད་སའི་ ས་གནས་ཚུ་གི་དོན་ལུ་ གླ་ཆའི་ཚད་གཞི་ཚུ་ཡང་ ཧེ་མ་ལས་ བཟོ་སྟེ་ཡོད་མི་ལུ་བརྟེན་ གླ་དབང་ལེན་ཐོག་གི་ ཞབས་ཏོག་ཚུ་སྤྲོད་ནི་ལུ་ འཇམ་པས་ཟེར་ཨིནམ་ད་ ཨིན་རུང་ གཞན་མི་དུས་ཚོད་ཚུ་ནང་ གླ་དབང་ལེན་ཐོག་གི་ འཕུར་འགྲུལ་ཞབས་ཏོག་ཚུ་ གོང་འཕེལ་གཏང་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ས་གནས་གསརཔ་ཚུ་ནང་འབད་བའི་བསྒང་ལས་ འཕུར་འགྲུལ་གྱི་དོན་ལུ་ ཧེ་མ་ལས་ ལཱ་ལེ་ཤ་འབད་དགོཔ་ཡོད་པའི་གུ་ གནམ་ཐང་གི་ཁྲལ་ཚུ་ཡང་ མཐོ་དྲགས་སྦེ་ སྤྲོད་དགོ་ཟེར་ཨིན་པས།
ལྟ་བཤལ་འགོ་འདྲེན་འཐབ་མི་ཚུ་གིས་འབད་བ་ཅིན་ གླ་དབང་ལེན་ཐོག་གི་ འཕུར་འགྲུལ་ཞབས་ཏོག་ཚུ་ ལྟ་བཤལ་སྡེ་ཚན་ སྦོམ་འབད་མི་ཚུ་འོང་བའི་སྐབས་ ལེནམ་མས་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༡ ལུ་ རྒྱ་གར་གྱི་ ལྟ་བཤལ་ལས་སྡེ་ སྦོམ་ཤོས་ཅིག་ཨིན་མི་ ཨི་བཱན་ མེཀ་མའི་ ཊིཔ་དེ་ འབྲུག་ལྟ་བཤལ་ཚོགས་སྡེ་དང་ མཉམ་འབྲེལ་འབད་བའི་ཤུལ་ལུ་ གླ་དབང་ལེན་ཐོག་ འཕུར་འགྲུལ་ཞབས་ཏོག་ ཚར་ལེ་ཤ་ཅིག་ར་ ལེན་ཡི་ཟེར་ཨིན་པས།
གླ་དབང་ལེན་ཐོག་གི་ འཕུར་འགྲུལ་ཞབས་ཏོག་ལུ་ མཁོ་འདོད་བཀོད་མི་ མང་ཤོས་ར་ ཨེ་ཤི་ལུང་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་ལས་ ཐོན་དོ་ཡོདཔ་ཨིན་པས།
ན་ཧིང་ རྒྱལ་ཁབ་ནང་ ལྟ་བཤལཔ་༡༠༥,༤༡༤ འོང་ས་ལས་ ཌོ་ལར་བཏང་ཐོག་ལས་འོང་མི་ ལྟ་བཤལཔ་༥༣,༥༠༤ ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment