གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚ་དྲོད་ཡར་སེང་མ་འགྱོ་རུང་ འབྲུག་པའི་ཁྱེགས་ལྡན་ས་ཁོངས་བརྒྱ་ཆ་༣༠ མར་འབབ་འགྱོ་ནི།

༥/༢/༢༠༡༣   ༉ ད་རེས་ནངས་པ་ མི་ཚུ་གིས་ ལོ་བསྟར་ཁཝ་རྐྱབ་མི་ལུ་ ཧ་ཕྱིས་ཀྱི་སྐོར་ལས་ ལོ་རྒྱུས་ཚུ་ སླབ་དོ་ཡོདཔ་ཨིན་རུང་ དེ་ལུ་ ཞིབ་འཚོལ་གྱི་ཐོ་བཀོད་དང་ གནད་སྡུད་ཚུ་ གསལ་ཏོག་ཏོ་ཅིག་ ག་ཅི་ཡང་མེདཔ་ཨིན་པས།
དེ་འབད་ནི་དེ་གིས་ བསྟན་རྒྱས་ལྷན་ཁག་འོག་གི་ ཆུ་དང་གནམ་གཤིས་བརྟག་དཔྱད་ཞབས་ཏོག་སྡེ་ཚན་འོག་ལུ་ ཁྱེགས་དང་ ཁཝ་ལྟ་རྟོག་སྡེ་ཚན་གསརཔ་ཅིག་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ སྡེ་ཚན་དེ་གིས་ ལོ་བསྟར་གྱི་ ཁཝ་ཚུ་གི་སྐོར་ལས་ ཞིབ་འཚོལ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

ཚན་རིག་མཁས་མཆོག་ཚུ་གིས་ ཁཝ་གི་སྟུག་ཚད་ལྟ་བའི་བསྒང་།


སྡེ་ཚན་དེ་གིས་ ཁཝ་རྐྱབ་སའི་ ས་ཁོངས་ཚུ་ནང་ ད་ལས་ཕར་ ལོ་བསྟར་བཞིན་དུ་ ཁཝ་གི་སྟུག་ཚད་དང་ ཁཝ་རྐྱབ་པའི་དུས་ཚོད་ དེ་ལས་ ཁཝ་མ་ཞུ་བར་ དུས་ཡུན་ག་དེམ་ཅིག་ སྡོད་དོ་ཡོདཔ་ཨིན་ནའི་སྐོར་ལས་ གནད་སྡུད་ཚུ་ ལེགས་ཤོམ་སྦེ་ བསྡུ་བཀོད་འབད་ནི་ཨིན་པས།
བསྟན་རྒྱས་ལྷན་ཁག་འོག་གི་ ཆུ་དང་གནམ་གཤིས་ཞབས་ཏོག་སྡེད་ཚན་གྱི་འོག་ལུ གསརཔ་གཞི་བཙུགས་འབད་ཡོད་པའི་ ཁྱེགས་དང་ཁཝ་བརྟག་དཔྱད་སྡེ་ཚན་གྱི་ གཙོ་འཛིན་ངོ་ཚབ་ འཆི་མེད་རྡོ་རྗེ་གིས་འབད་བ་ཅིན་ ད་ལྟོ་ཚུན་ ཁཝ་གི་སྐོར་ལས་ ཞིབ་འཚོལ་གནད་སྡུད་ཚུ་ ལས་སྡེ་ག་གི་ནང་ཡང་ མིན་འདུག་ཟེར་ཨིནམ་ད་ ད་རེས་ ཁོང་གིས་ ཞིབ་འཚོལ་འབད་བའི་སྐབས་ ས་གནས་ལ་ལུ་ཅིག་ནང་ འདས་པའི་ལོ་ཚུ་ནང་ ཁཝ་རྩ་ལས་ར་ མ་རྐྱབ་པར་ ལུས་ཡོདཔ་ལས་ ཧ་གོ་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ འདས་པའི་ལོ་ངོ་༡༠ གྱི་རིང་ལུ་ ཆུ་དང་གནམ་གཤིས་བརྟག་དཔྱད་ཞབས་ཏོག་སྡེ་ཚན་གྱིས་ གཙང་ཆུ་ཚུ་གི་ གནས་སྟངས་ཚུ་གི་སྐོར་ལས་ ལྟ་རྟོག་འབད་ཡོད་མི་ལུ་བརྟེན་ གཙང་ཆུ་ཚུ་གི་ ཡུན་བརྟན་སྐོར་ལས་ ལེགས་ཤོམ་སྦེ་ར་ ཧ་གོ་ཚུགས་དོ་བཟུམ་སྦེ་ ད་ལས་ཕར་ ཁཝ་གི་སྐོར་ལས་ཡང་ ཞིབ་འཚོལ་འབད་བའི་ཤུལ་ལུ་ གནད་སྡུད་ཚུ་ ཚང་སྒྲིག་ཐོག་ བཞག་ཚུགས་ཟེར་ཨིན་པས།
འབྲུག་ལུ་ ཁཝ་གི་ཞིབ་འཚོལ་འབད་བར་འོང་མི་ ཨ་མི་རི་ཀ་ལུ་ཡོད་པའི་ བི་རི་གཱལ་ཡོང་ གཙུག་ལག་སློབ་སྡེའི་ ས་གཏེར་དགེ་བཤེས་ ས་མར་ རུ་པར་གྱིས་ ནིའུ་ཡཱོག་ཊ་འེམསི་ལུ་ སླབ་མི་དང་འཁྲིལཝ་ད་ མ་གཞི་ འབྲུག་ལུ་ ཁྱེགས་ཚུ་ཞུ་མ་བཅུག་པར་ བཞག་དགོ་པ་ཅིན་ ད་རེས་རྐྱབ་དོ་ཡོད་པའི་ ཁཝ་གི་ཚད་གཞི་ལས་ ལོག་ལྟབ་སྦེ་ དགོཔ་ཨིན་རུང་ དེང་སང་ ཚ་དྲོད་ཚུ་ ཡར་སེང་འགྱོ་མི་དང་འཁྲིལ་ ཁཝ་མེན་པར་ ཆརཔ་མངམ་སྦེ་ རྐྱབ་དོ་ཡོད་མི་ལུ་བརྟེན་ ཉེན་ཁ་ཡོདཔ་སྦེ་ སླབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ད་རེས་ འབྲུག་གི་ས་གནས་ཚུ་ནང་ ཁྱེགས་ཆགས་མི་ལས་མངམ་སྦེ་ བཞུ་འགྱོ་དོ་ཡོདཔ་བཞིན་དུ་ ཆུ་རྒྱ་ཆེ་དྲགས་སྦེ་ འབབ་དོ་ཡོད་མི་ལུ་བརྟེན་ ཆུ་རུད་ཀྱི་ཉེན་ཁ་ཚུ་ སྦོམ་སྦེ་ར་ བྱུངམ་ཨིན་པས།
ཞིབ་འཚོལ་དེ་ཡང་ རུ་པར་དང་ ཀོ་ལམ་བི་ཡ་གཙུག་ལག་སློབ་སྡེའི་ནང་ལས་ ཞིབ་འཚོལ་སློབ་སྤྱོང་མཐར་འཁྱོལ་མི་ སློབ་ཕྲུག་ཚུ་ དེ་ལས་ བསྟན་རྒྱས་ལྷན་ཁག་འོག་གི་ ཆུ་དང་གནམ་གཤིས་ཞིབ་འཚོལ་ཞབས་ཏོག་སྡེ་ཚན་གྱིས་ ན་ཧིང་ སྤྱི་ཟླ་༡༠ པ་དེ་ཅིག་ཁར་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཞིབ་འཚོལ་གྱི་ སྙན་ཞུ་དང་འཁྲིལཝ་ད་ འབྲུག་ལུ་ ཚ་དྲོད་ཀྱི་ གནས་ཚད་དེ་ ད་རེས་བཟུམ་ཅིག་སྦེ་ར་ཡོད་རུང་ འབྲུག་གི་ཁྱེགས་ལྡན་ས་ཁོངས་ བརྒྱ་ཆ་༣༠ དེ་ཅིག་མར་ཉམས་འགྱོ་ནི་དང་ དེ་བཟུམ་སྦེ་ དྲོག་ཤུགས་བརྒྱ་ཆ་༡ ཡར་སེང་སོང་ཡོད་རུང་ ཁྱེགས་ལྡན་ས་ཁོངས་ བརྒྱ་ཆ་༢༥ མར་འབབ་འགྱོ་ནི་ཨིན་པས།
འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ཁཝ་གི་སྐོར་ལས་ ཞིབ་འཚོལ་འབད་ནིའི་དོན་ལུ་ ད་རེས་ དབང་འདུས་ཕོ་བྲང་ རིན་ཆེན་མཛོད་ལ་དང་ བུམ་ཐང་ ཆུ་བདའ་མཚོ་ཚུ་ནང་ ཞིབ་འཚོལ་འགོ་འདྲེན་འཐབ་ཅི་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment