གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནམ་དགུན་གྱི་ ཕུཊ་སཱལ་ཕུཊ་བཱོལ་འགྲན་བསྡུར་ འགོ་བཙུགས་ཡོདཔ།

༥/༢/༢༠༡༣    ༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ ཉེ་འདབས་ལུ་སྦེ་ འོད་ཟེར་ལས་སྡེ་གིས་ འགོ་འདྲེན་འཐབ་མི་ སྡེ་ཚན་༨ ཀྱི་བར་ནང་ ཕུཊ་སཱལ་ ཕུཊ་བཱོལ་འགྲན་བསྡུར་དེ་ སྤྱི་ཟླ་༢ པའི་ཚེས་༡ ལུ་ འགོ་བཙུགས་ཡོདཔ་ཨིན་པས།
ན་གཞོན་ཚུ་གིས་ ཕུཊ་སཱལ་རྩེད་འགྲན་འབད་བའི་བསྒང་།


ཁ་ཙ་ པེཌ་སི་ཊི་སྡེ་ཚན་གྱིས་ གཱོལ་༥ བཙུགས་ཏེ་ གཏེར་སྟོན་སྡེ་ཚན་ལས་ རྒྱལ་ཁ་ཐོབ་པའི་སྐབས་ གཏེར་སྟོན་སྡེ་ཚན་གྱིས་ གཱོལ་༡ བཙུགས་ཡོདཔ་ད་ མེ་བི་རིགསི་སྡེ་ཚན་གྱིས་ འབྱུང་བཞི་སྡེ་ཚན་ལུ་ གཱོལ་༦ བཙུགསཔ་ད་ འབྱུང་བཞི་སྡེ་ཚན་གྱིས་ གཱོལ་༣ ལས་བརྒལ་བཙུགས་མ་ཚུགསཔ་ལས་ ཕམ་སོཔ་ཨིན་པས།
དེ་བཟུམ་སྦེ་ བདག་འཛིན་༢༠༡༣ སྡེ་ཚན་དང་ ཀུན་འབྱུང་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཀུན་འབྱུང་གིས་ གཱོལ་༨ བཙུགས་པའི་སྐབས་སུ་ གཞན་མི་སྡེ་ཚན་གྱིས་ གཱོལ་༢ ལས་བརྒལ་བཙུགས་མ་ཚུགས་པའི་ཁར་ ཕུ་ཤཱན་སྡེ་ཚན་གྱིས་ གཱོལ་༣ བཙུགས་ཏེ་ ཕམ་འགྱོ་བའི་སྐབས་སུ་ ཡོན་གཱན་ནཱརསི་སྡེ་ཚན་གྱིས་ གཱོལ་༥ བཙུགས་ཡོདཔ་ཨིན་པས།
འགོ་བཙུགས་ཀྱི་ཉིནམ་དང་འབྲེལ་ པེཌ་སི་ཊི་སྡེ་ཚན་གྱིས་ ཧའི་ལེནཌ་ཌར་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ ཅངསི་ཊེལ་ཤཱན་གྱིས་ མར་བཱིགསི་ལས་ རྒྱལ་ཁབ་ཐོབ་ཡོདཔ་བཞིན་དུ་ རྒྱབ་ལྷསི་སྡེ་ཚན་དེ་ ཀུན་འབྱུང་སྡེ་ཚན་ལས་ ཕམ་ཡོདཔ་ཨིན་པས།
སྤྱིར་བཏང་ ཕུཊ་སཱལ་ཕུཊ་བཱོལ་འགྲན་བསྡུར་དེ་ སྒེར་སྡེ་ཁག་ཚུ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དུས་ཅི་ འོད་ཟེར་ལས་སྡེ་གིས་ འགོ་འདྲེན་འཐབ་མི་དེ་ཡང་ བཀོད་ཁྱབ་འགོ་དཔོན་བསོད་ནམས་ཆོས་སྒྲོན་གྱིས་ སླབ་མི་དང་འཁྲིལཝ་ད་ ལས་སྡེའི་དམིགས་ཡུལ་དེ་ ན་གཞོན་ཚུ་ལུ་ རྩེདམོ་གི་རིག་རྩལ་ ཡར་དྲག་གཏང་ནི་དང་  ལྕོགས་གྲུབ་ཅན་བཟོ་ནི་ དེ་ལས་ གནམ་དགུན་ངལ་གསོའི་སྐབས་ ན་གཞོན་ཚུ་ དེ་བཟུམ་གྱི་སྤྲོ་སྟོན་ལས་རིམ་ནང་ བཅའ་མར་གཏོགས་བཅུག་སྟེ་ མི་ཚེ་མཐར་འཁྱོལ་ཅན་བཟོ་ཐབས་ལུ་ཨིན་ཟེར་ སླབ་ཨིན་པས།
ལས་སྡེའི་དམིགས་གཏད་དང་འཁྲིལཝ་ད་ ལོ་བསྟར་བཞིན་དུ་ རྩེདམོ་གི་ལས་རིམ་ ཁག་མ་འདྲཝ་ཚུ་ འགོ་འདྲེན་འཐབ་ནི་ཨིནམ་མ་ཚད་ སྤྱི་ལོ་༢༠༡༣ སྤྱི་ཟླ་༡ པའི་ནང་ ན་གཞོན་ཚུ་ལུ་ སྒྲོ་རྩེད་ བེཌ་མཱན་ཊཱོན་འགྲན་བསྡུར་ཅིག་ འགོ་འདྲེན་འཐབ་པའི་ཤུལ་ལུ་ ཕུཊ་སཱལ་ཕུཊ་བཱོལ་འགྲན་བསྡུར་དེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཟླཝ་རིམ་བཞིན་དུ་ ལམ་སྲོལ་དང་འདྲ་བའི་ ཤེས་ཡོན་སྦྱོང་བརྡར་ལས་རིམ་དང་ དགའ་སྤྲོའི་ལས་རིམ་ དེ་ལས་ གཞན་གལ་གནད་ཅན་གྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནིའི་ལས་འཆར་ཡོདཔ་ཨིན་པས།
ད་རིས་ དྲོ་པའི་ཆུ་ཚོད་༡༡ ལས་ འགྲན་བསྡུར་འབད་ནི་འགོ་བཙུགས་ཏེ་ ཕྱི་རུའི་ཆུ་ཚོད་༣ ཚུན་ འབྱུང་བཞི་དང་ སྤྲིང་ཀེཌསི་ བདག་འཛིན་༢༠༡༣ དང་ གཏེར་སྟོན་ དེ་ལས་ ཕུ་ཤཱན་དང་ འབྲུག་དཀརསི་སྡེ་ཚན་ཚུ་གི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment