གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསོ་བའི་བློ་གཏད་མ་དངུལ་གྱི་ དམིགས་དོན་གྲུབ་རུང་ ལཱ་ཤུལ་གངམ་མེདཔ།

༨/༢/༢༠༡༣   མ་དངུལ་ཡུ་ཨེསི་ཌོ་ལར་ས་ཡ་༢༤ ལས་ ཡར་སེང་འབད་ནིའི་དོན་ལུ་ མ་དངུལ་འཚོལ་དགོ་པའི་གྲོས་འདེབས།
 ༉ འབྲུག་གསོ་བའི་བློ་གཏད་མ་དངུལ་ལུ་ བསྐྱར་ཞིབ་འབད་མི་ སྡེ་ཚན་ཅིག་གིས་ གསོ་བའི་ལྷན་ཁག་ལུ་ མ་དངུལ་ལག་ལེན་གྱི་ ཐབས་ལམ་བཏོན་ནི་དང་ ཨ་ལུ་ཚུ་གི་ ནད་བཀག་སྨན་ཁབ་མངམ་ ཉོ་ནིའི་དོན་ལུ་ མ་དངུལ་ཧེང་སྐལ་བཟོ་ནི་ དེ་ལས་ ལྷན་ཁག་ལས་ སོ་སོར་གཏོན་ཏེ་ རང་སྐྱོང་ལས་སྡེ་ལུ་ བསྒྱུར་བཅོས་འབད་ནི་ཚུ་ གྲོས་འདེབས་གཙོ་ཅན་སྦེ་ བཀོད་ཡོདཔ་ཨིན་པས།


དེ་ཡང་ འཛམ་གླིང་གསོ་བའི་ལས་འགུལ་ ཌབ་ལུ་ཨེཆ་ཨོ་ལས་ མཁས་མཆོག་༣ དང་ ག་བཱི་ཟེར་མི་ འཛམ་གླིང་ལས་ཚོགས་ལས་ མཁས་མཆོག་༢ འབདཝ་ད་ འཐུས་མི་༥ འབད་མི་ སྡེ་ཚན་ཅིག་གིས་ བདུན་ཕྲག་༢ ཀྱི་རིང་ བསྐྱར་ཞིབ་འབད་བའི་སྐབས་ལུ་ གསོ་བའི་བློ་གཏད་མ་དངུལ་དེ་ དོན་སྨིན་ཅན་སྦེ་ ལག་ལེན་མ་འཐབ་པར་ གསོག་འཇོག་ནང་ར་ བཞག་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
ང་བཅས་ཀྱིས་ མ་དངུལ་དེ་ ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ན་དང་ མ་དངུལ་ཐེབས་ ག་དེ་སྦེ་ འཚོལ་ཐབས་འབད་ནི་ཨིན་ནའི་ གྲོས་འཆར་དག་པ་ཅིག་ བཀོད་ཅི་ཟེར་ འཛམ་གླིང་གསོ་བའི་ལས་འགུལ་ལས་ བསྐྱར་ཞིབ་སྡེ་ཚན་གྱི་འགོ་ཁྲིདཔ་ ཌོག་ཊར་བི་ཡཱོན་ མེལ་གཱཌ་གིས་ བཤད་པའི་ཁར་ མ་དངུལ་ཧེང་སྐལ་འཚོལ་ཐོག་ལས་ འབྲུག་གི་ཨ་ལུ་ཚུ་ལུ་ ནད་གཞི་འཐོབ་ཉེན་ཡོད་པའི་ ནད་བཀག་སྨན་རིགས་ཚུ་ མཁོ་སྒྲུབ་འབད་ནིའི་ནང་ ལག་ལེན་འཐབ་དགོཔ་འདུག་ཟེར་ སླབ་ཨིན་པས།
མ་གཞི་ གསོ་བའི་བློ་གཏད་དངུལ་གྱིས་ ཡུ་ཨེསི་ཌོ་ལར་ས་ཡ་༢༤ མ་དངུལ་བཟོ་ནི་གི་ དམིགས་གཏད་འབད་མི་དེ་ ལོ་ངོ་༢ ཀྱི་ཧེ་མར་ གྲུབ་ཡོདཔ་ཨིན་རུང་ མ་རྩ་གུ་ལས་ སྐྱེད་བརྒྱ་ཆ་༡༠ རྐྱངམ་གཅིག་ ལག་ལེན་འཐབ་སྟེ་ གཞན་ག་ར་ གསོག་འཇོག་ནང་ བཙུགས་བཞག་ནུག་ཟེར་ཨིན་པས།
ཌོག་ཊར་མེལ་གཱཌ་གིས་འབད་བ་ཅིན་ གསོ་བའི་བློན་པོ་བགྲེསཔ་ སངས་རྒྱས་དངོས་གྲུབ་ཀྱིས་ རྒྱལ་ཁབ་ནང་འཁོད་ལུ་ གསོ་བའི་འཕྲོད་བསྟེན་གྱི་ ལམ་འགྲུལ་འབད་བའི་ཤུལ་ལུ་ མ་དངུལ་མངམ་བཟོ་ནི་གི་ བརྩོན་ཤུགས་མ་བསྐྱེད་པས་ཟེར་ སྤྱི་ལོ་༡༩༩༠ གོ་གྲངས་ཀྱི་ ཕྱིས་ཁམས་ཅིག་ཁར་ ཐིམ་ཕུ་ལུ་ ཌེན་མཱག་མཉམ་འབྲེལ་ཡིག་ཚང་གི་ གནས་བཞུགས་འབྲེལ་འཛིན་པ་སྦེ་ ཕྱག་ཞུ་མི་ ཌོག་ཊར་བི་ཡཱོན་ མེལ་གཱཌ་གིས་ སླབ་ཨིན་པས།
ད་རུང་ བསྐྱར་ཞིབ་སྡེ་ཚན་གྱིས་ འབྲུག་གི་ ཨ་ལུ་ཚུ་ ནད་གཞི་འཐོབ་ནི་ལས་ བཀག་ཐབས་ལུ་ སྨན་ཁབ་མངམ་མཁོ་སྒྲུབ་འབད་ནི་གི་ འོས་འབབ་ཚུ་ཡང་ ལྟ་ཡོདཔ་ད་ གལ་སྲིད་ གསོ་བའི་འགོ་དཔོན་ཚུ་གིས་ ང་བཅས་ཀྱིས་ གྲོས་འདེབས་བཀོད་མི་ཚུ་ དང་ལེན་འབད་བ་ཅིན་ ཨ་ལུའི་གློ་བའི་ཚ་ནད་ལ་སོགས་པའི་ ནད་གཞི་ཚུ་ བཀག་ནི་གི་ ནུས་པ་ཡོད་མི་ སྨན་རིགས་མང་རབས་ཅིག་ མཁོ་སྒྲུབ་འབད་ཚུགས་ཟེར་ ཌོག་ཊར་མེལ་གཱཌ་གིས་ བཤད་ཡོདཔ་ད་ གྲོས་འདེབས་སྙན་ཞུ་དེ་ བདུན་ཕྲག་ཤུལ་མའི་ནང་ གསོ་བའི་ལྷན་ཁག་ལུ་ བསྐྱལ་ནི་ཨིན་པས།
འབྲུག་གསོ་བའི་བློ་གཏད་མ་དངུལ་གྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ མ་དངུལ་གཞི་བཙུགས་འབད་ཞིནམ་ལས་ ལཱ་སྦོམ་ཅིག་ ག་ནི་ཡང་ མ་འབད་བས་ཟེར་ བསྐྱར་ཞིབ་སྡེ་ཚན་གྱིས་ སླབ་མི་དེ་བདེན་ཟེར་ཨིནམ་ད་ ང་བཅས་ཀྱིས་ འཛིན་སྐྱོང་ལེགས་བཅོས་དང་ མ་དངུལ་ཡར་སེང་གི་ ཐབས་ལམ་ཚུ་ བཏོན་དགོཔ་ཡོད་ཟེར་ འབྲེལ་ཡོད་འགོ་དཔོན་ བསོད་ནམས་ཕུན་ཚོགས་ཀྱིས་ སླབ་ཨིན་པས།
གསོ་བའི་བློ་གཏད་མ་དངུལ་དེ་ སྤྱི་ལོ་༡༩༩༧ ལུ་ འབྲུག་མངའ་བདག་རྒྱལ་པོའི་ བཀའ་ཤོག་དང་འཁྲིལ་ གཞི་བཙུགས་འབད་མི་དེ་ཡང་ མ་འོངས་པ་ལུ་ མི་སེར་ཚུ་ལུ་ གསོ་བའི་ཞབས་ཏོག་དོན་སྨིན་ཅན་སྦེ་ འགྲུབ་ནི་དང་ གཞུང་ལུ་ ཕྱི་ཁ་ལས་ གྲོགས་རམ་འཚོལ་མ་དགོ་པར་ རང་གི་སྦེ་ ཟད་འགྲོ་བཏང་ཚུགསཔ་བཟོ་ཐབས་ལུ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment