གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་བཙོང་ལུས་འབྲེལ་འབད་བའི་དོགས་པ་ལུ་ ཕོ་སྐྱེས་ཅིག་ འཛིན་བཟུངའབད་ཡོདཔ།

༧/༢/༢༠༡༣  ༉ དབང་འདུས་ཕོ་བྲང་གི་ ཁྲིམས་སྲུང་འགག་སྡེ་གིས་ སྐྱེས་ལོ་༢༩ ལང་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༡༦ ལང་མི་ བུམོ་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་བའི་ དོགས་པ་ལུ་བརྟེན་ དོ་དམ་འོག་ལུ་ བཙུགས་ཡོདཔ་ད་ བྱུང་རྐྱེན་དེ་ སྤྱི་ཟླ་༢ པའི་ཚེས་༡ གི་ ནུབ་མོར་བྱུང་ཡོདཔ་ཨིན་པས།


བྱུང་ངན་དེ་ བ་འཇོ་ཐང་མགུ་ཟེར་ བ་འཇོ་ཁྲོམ་ལས་ སྤུ་ན་རྫོང་ཁག་ཁ་ཐུག་ ཀི་ལོ་མི་ཊར་༡ དེ་ཅིག་གི་ ས་ཁར་བྱུང་ཡོདཔ་ད་ དེ་ཡང་ བུམོ་དང་ དོགས་ཟོན་ཅན་དེ་ འགྲུལ་འཕྲིན་ཐོག་ལས་ བློ་སླབ་པའི་ཤུལ་ལུ་ ས་གནས་དེ་ཁར་ ནུབ་མོ་ཕྱད་དེ་ ལུས་འབྲེལ་འབད་ཡི་ཟེར་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
བུམོ་དེ་ དེ་ཚེ་ནུབ་མོ་ ཁྱིམ་ནང་ལས་ཐོན་སོང་པའི་ཤུལ་ལས་ ལོག་མ་འོང་ནི་དེ་གིས་ དེ་གི་ནངས་པ་དྲོ་པར་ མོ་རའི་ ཨ་ཞེམོ་གིས་ ཁྲིམས་སྲུང་འགག་པ་ལུ་ བྱང་སྟོར་ཤོར་བའི་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་པ་གིས་ འཚོལ་བའི་སྐབས་ བུམོ་དེ་ བ་འཇོ་ཐང་མགུ་ལུ་ བཟོ་སྐྲུན་ས་ཁོངས་ཅིག་ནང་ མཐོང་ཡི་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ དེ་བསྒང་ ཕོ་སྐྱེས་དེ་གིས་ མོ་དང་གཅིག་ཁར་ ལུས་འབྲེལ་འབད་བའི་དོགས་ལུ་བརྟེན་ བདེན་བརྟག་གི་དོན་ལུ་ མོ་རའི་ ཨ་ཞེམོ་གིས་ བ་འཇོ་སྨན་ཁང་ནང་ཁྱིད་དེ་ གསོ་བའི་ཞིབ་དཔྱད་འབད་བའི་སྐབས་ ལུས་འབྲེལ་འབད་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
མ་གཞི་ བུམོ་དེ་ ལོ་ན་མ་སྨིན་མི་ཅིག་ཨིན་རུང་ རྨགཔ་དང་གཅིག་ཁར་ ཡ་བྲལསོང་བའི་ཤུལ་ལས་ དབང་འདུས་ལུ་ ཨ་ཞེམོ་དང་གཅིག་ཁར་སྡོད་དེ་ བདུན་ཕྲག་༢ དེ་ཅིག་ ལང་ཡོདཔ་ད་ དེའི་ཧེ་མར་ མོ་རའི་གཡུས་ བཀྲིས་སྒང་གཡང་གཉེར་ལུ་ སྡོད་དོ་ཡོདཔ་ཨིན་པས།
མོ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་མིའི་ནང་ དོགས་ཅན་ ཕོ་སྐྱེས་དང་གཅིག་ཁར་ དེ་ཚེ་ནུབ་མོ་ འགོ་དང་པ་ ཕྱད་ཕྱདཔ་ཨིན་ཟེར་ཨིནམ་ད་ ཕོ་སྐྱེས་དེ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ནང་ ལཱ་འབད་མི་ཨིན་པས།
དོགས་ཅན་དེ་ སྤུ་ན་ཁ་ སྟོད་ཝང་རྒེད་འོག་ལས་ཨིནམ་ད་ ཁོ་ལུ་ ཨ་ལུ་༡ ཡོདཔ་མ་ཚད་ གནས་ཚང་དེ་ ཨ་ལུ་སྐྱེ་ནི་ཡོདཔ་ཨིན་པས།
འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལཝ་ད་ སྐྱེས་ལོ་༡༨ མན་ཆད་འབད་མི་ བུམོ་ཚུ་དང་གཅིག་ཁར་ ལུས་འབྲེལ་འབད་བ་ཅིན་ ཉེས་ཁྲིམས་བཙོན་ནང་ ཉུང་ཤོས་ལོ་༩ དང་ མཐོ་ཤོས་ལོ་༡༥ ཕོག་ནི་ཨིན་པས།
ད་རུང་ སྤྱི་ཟླ་༢ པའི་ཚེས་༡ ལུ་ དབང་འདུས་ཕོ་བྲང་ དྭངས་ཆུ་རྒེད་འོག་ལུ་ སྐྱེས་ལོ་༧༡ ལང་མི་ ཕོ་སྐྱེས་ཅིག་ ནོར་གྱི་ཆག་བཏོག་ནིའི་དོན་ལུ་ ཤིང་བརྡབ་པའི་སྐབས་ ཤིང་གཞན་མི་ལུ་རྐྱབ་སྟེ་ ལོག་འོང་བའི་སྐབས་ ཁོ་ལུ་ཕོག་སྟེ་ ས་གནས་དེ་ཁར་ར་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
རྐྱེན་ངན་དེ་ དྭགས་ཆུ་རྒེད་འོག་ལྟེ་བ་ལས་ ཁ་ཡར་ལྟག་ དུས་ཡུན་ཆུ་ཚོད་ཕྱད་དེ་ཅིག་ རྐང་ཐང་འགྱོ་དགོ་པའི་ས་གནས་ དགའ་བཟའ་སྤང་ཟེར་ས་ལུ་ བྱུང་ཡོདཔ་ད་ ཚེ་འདས་ལུ་ ཨ་ལུ་༢ ཡོདཔ་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment