གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་འཐུས་བཏབ་ནི་ལུ་ མཐོ་གཏུགས་ཕུལ་རུང་ འཁྲུན་ཆོད་བསྒྱུར་བཅོས་མེདཔ།

༩/༢/༢༠༡༣   ༉ ཉེས་འཛུགས་ཅན་ ལགཆི་མི་ཆེ་ཏི་རི་གིས་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་ལས་ ཏམ་ཁུ་ནག་ཚོང་འཐབ་མི་ལུ་ ཉེས་ཁྲིམས་ལོ་༣ བཀལ་མི་དེ་ ཁེ་རྒུད་མ་བཏུབ་པར་ ཁྲིམས་འཐུས་བཏབ་ནིའི་དོན་ལུ་ མཐོ་གཏུགས་ཕུལ་ཡོད་རུང་ མནོ་དོན་གྲུབ་མ་ཚུགསཔ་ཨིན་པས།


དེ་ཡང་ མཐོ་གཏུགས་པ་ ལགཆི་མི་ཆེ་ཏི་རི་གི་ ངོ་ཚབ་ཆོས་གྲགས་ཀྱིས་ ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དགོ་པའི་ གནད་དོན་ཞུ་མི་དང་འཁྲིལཝ་ད་ ཉེས་ཁྲིམས་ལོ་༣ བཀལ་མི་གིས་ གཉེན་ཡ་བྲལ་སོང་མི་ཨམ་སྲུ་ཅིག་ཨིནམ་མ་ཚད་ ཨ་ལུ་མཚེ་མ་སྐྱེས་ལོ་༩ ལང་མི་༢ ཆ་ར་ སློབ་ཕྲུག་ཨིནམ་ད་ ཁོང་༢ དཔེ་ཆ་འཕྲོ་མཐུད་ལྷབ་མ་ཚུགས་པའི་ཁར་ ཨའི་སྐྱེས་ལོ་༨༠ འབད་མི་རྒན་རྒས་༢ གསོ་དགོཔ་ཡོད་པའི་དཀའ་ངལ་ལུ་བརྟེན་ ཉེས་ཁྲིམས་ལོ་༣ གྱི་ ཁྲིམས་འཐུས་བཏབ་ཆོག་པའི་ཞུ་བ་ ཕུལ་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཀྱི་ ངོ་ཚབ་ཀྱིས་འབད་བ་ཅིན་ ཏམ་ཁུ་དང་ ཏམ་ཁུའི་ཐོན་སྐྱེད་ཚུ་ འཆང་སྤྱོད་འབད་ཡོདཔ་ངེས་བདེན་ཨིན་ཟེར་ ཐོག་མའི་ཁྲིམས་འདུན་ལུ་ ཞུ་ཡོདཔ་ལས་ ཉེས་ཁྲིམས་བཀལ་ཡོད་པའི་ཁར་ མོ་གིས་ ཏམ་ཁུ་ཅུ་དོ་༤༠༦༠ དང་ བཱ་བཱ་ག་རཱམ་༣༨༠༠ འབད་མི་ཚུ་ ཚད་གཞི་ལས་ བཞི་ལྟབ་ཀྱིས་ལྷག་སྟེ་ འཆང་སྤྱོད་འབདཝ་མ་ཚད་ ཅ་ཁྲལ་དང་ ནང་འདྲེན་ཚོང་ཁྲལ་ཚུ་ཡང་ མ་བཏབ་པས་ཟེར་ཨིན་པས།
མཐོ་གཏུགས་པའི་སྒེར་སྤྱོད་དང་ མོ་རའི་ཨའི་གི་དོན་ལུ་ འབག་འོངམ་ངེས་བདེན་བྱུང་ཡོདཔ་ལས་ ཉེས་ཁྲིམས་བཀལ་ཡོད་མི་དེ་ ཕྱིར་འབུད་མཛད་དེ་ ཐོག་མའི་འཁྲུན་ཆོད་བསྟར་སྤྱོད་མཛད་པ་ཅིན་ དེ་བཟུམ་མའི་གནས་སྟངས་ལུ་ ཤེས་བཞིན་དུ་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་ལས་འགལ་བའི་ ཉེས་ལས་འཐབ་པའི་ཁར་ ཨ་ལུའི་སྐྱིད་སྡུག་དང་ ཐོབ་དབང་ལུ་ གཞི་བཞག་ཐོག་ ཉེས་གྲོལ་དང་ ཁྲིམས་འཐུས་བཏབ་ནི་ཡོད་པ་ཅིན་ ཧེ་མ་ལས་ བཙོན་ཁྲིམས་སྨིན་ཡོད་མི་ཚུ་ལུ་ ཁེ་རྒུད་མི་བཏུབ་པས་ཟེར་ཞུ་ནུག།
ཁྲིམས་འོག་ དྲག་ཞན་དབྱེར་མེད་ཟེར་བའི་གཞི་རྩ་ལས་འགལ་ནི་དང་ ཁྲིམས་ལུགས་ལྟར་ དྲང་བདེན་འདྲ་མཉམ་སྦེ་ བདག་སྐྱོང་འཐབ་ནི་ལུ་ གནོད་ཉེན་འབྱུང་ནི་ཨིནམ་ལས་ ཆེ་མཐོ་ཁྲིམས་འདུན་ལས་ ཞིབ་པར་གཟིགས་གནང་དགོ་ཟེར་ཞུ་ནུག།
ཆེ་མཐོ་ཁྲིམས་ཁྲི་དང་པ་ལས་ ཐོག་མ་ཁྲིམས་འདུན་གྱིས་ དྲང་བཤེར་རྣམ་དག་གི་སྒོ་ལས་ དྲང་ཁྲིམས་གནད་དུ་ སྨིན་ཐོག་བདེན་རྫུན་ཤན་འབྱེད་མཛད་པའི་ མངོན་གསལ་བྱུང་ཡོདཔ་ལས་ མཐོ་གཏུགས་ཞུ་མི་དེ་ ཕྱིར་འབུད་མཛད་དེ་ ཐོག་མའི་འཁྲུན་ཆོད་བསྟར་སྤྱོད་འབད་དགོཔ་སྦེ་ སྤྱི་ཟླ་༢ པའི་ཚེས་༦ ལུ་ བཀའ་རྒྱ་གནང་ནུག།
སྤྱི་ལོ་༢༠༡༢ ཟླ་༨ པའི་ཚེས་༢ ལུ་ ལཆི་མི་ཆེ་ཏི་རི་གི་ ཚོང་ཁང་ནང་ འབྲུག་ཅ་དམ་དང་ བསྟན་རྒྱས་ལས་ཁུངས་ དེ་ལས་ འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེའི་འགོ་དཔོན་ཚུ་གིས་ ཞིབ་དཔྱད་འབད་བའི་སྐབས་ བདའ་ཟུན་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment