གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ལྟ་བཤལ་ཚོགས་སྡེ་ ལྟ་བཤལ་ཚོགས་སྡེ་དྲག་ཤོས་༣ ནང་ཚུད་ཡོདཔ།

༨/༢/༢༠༡༣   ༉ འབྲུག་ལྟ་བཤལ་ཚོགས་སྡེ་དེ་ མ་འོངས་ལྟ་བཤལ་ཟེར་བའི་ རྟགས་མའི་དོན་ལུ་ ངོས་འཛིན་འབད་ཡོད་མི་དང་བསྟུན་ སྤྱི་ཟླ་༢ པའི་ཚེས་༡༡ ལུ་ འཛམ་གླིང་འགྲུལ་བསྐྱོད་དང་ ལྟ་བཤལ་ཚོགས་སྡེ་ལས་ འགོ་དཔོན་ཚུ་ དབྱེ་ཞིབ་ཀྱི་དོན་ལུ་ རྒྱལ་ཁབ་ནང་ འོང་ནི་ཨིན་པས།


ངོས་འཛིན་རྟགས་མ་ཚུ་ཡང་ ཚོང་འབྲེལ་གྱི་དོན་ལུ་ ཡུན་བརྟན་ལཱ་བྱ་འཐབ་མི་དང་ འཛམགླིང་ལྟ་བཤལ་ཚོང་འབྲེལ་ ཉམས་སྲུང་ཐོག་ལུ་ ལཱ་འབད་མི་ དེ་ལས་ མི་སྡེ་ལུ་ ཕན་ཐོགས་ཡོད་པའི་ རྟགས་མ་ཚུ་འབདཝ་ད་ དབྱེ་ཁག་༤ གི་ཐོག་ལས་ བྱིན་ནི་ཨིན་པས།
འབྲུག་དང་ ཀོ་སོ་བོ་ དེ་ལས་ སིངྒ་པོར་ཚུ་ ཡུན་བརྟན་བྱ་སྒོའི་ཐོག་ལུ་ ཚོང་འབྲེལ་འཐབ་མིའི་ དབྱེ་རིམ་ དྲག་ཤོས་༣ ནང་ ཚུད་ཡོདཔ་ཨིན་པས།
དེ་དང་འབྲེལ་ འཛམ་གླིང་ལྟ་བཤལ་ཚོང་འབྲེལ་རྟགས་མའི་དོན་ལུ་ ཡུ་ཨེསི་ཨེ་དང་ ནིའུ་ཟི་ལེནཌི་ དེ་ལས་ རྒྱ་གར་རྒྱལ་ཁབ་ཚུ་ གདམ་འཐུ་འབད་ཡོདཔ་ད་ ཉམས་སྲུང་རྟགས་མའི་དོན་ལུ་ ལྷོ་ཨཕི་རི་ཀ་དང་ ཟོམ་བི་ཡ་ དེ་ལས་ ཨསི་ཊེ་ལི་ཡ་ཚུ་ ཚུད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ མི་སྡེ་ལུ་ ཕན་ཐོགས་ཅན་གྱི་ ལཱ་འབད་མིའི་དབྱེ་རིམ་ནང་ ཨིན་ཌོ་ནེ་ཤི་ཡ་ པེ་ལེསི་ཊེན་ དེ་ལས་ ཕི་ལི་པིནསི་ཚུ་ ཚུད་ཡོདཔ་ཨིན་པས།
ངོས་འཛིན་རྟགས་མའི་དོན་ལུ་ རྒྱལ་ཁབ་༤༦ ཡོད་མི་ལས་ ཞུ་ཡིག་༡༣༣ ལྷོད་ཡོད་པའི་གྲས་ལས་ དབྱེ་ཁག་རེའི་ནང་ དྲག་ཤོས་༣ རེ་འབདཝ་ད་ ཞུ་ཡིག་ལྷོད་མི་ཚུ་ལས་ རྒྱལ་ཁབ་༡༢ དྲག་ཤོས་ཀྱི་ གདམ་འཐུ་འབད་ཡོདཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ག་དེམ་ཅིག་སྦེ་ འབྲུག་གིས་ རྟགས་མ་དེ་ འཐོབ་ཚུགས་པ་ཅིན་ འཛམ་གླིང་འགྲུལ་སྐྱོད་ལྟ་བཤལ་ཚོགས་སྡེ་ལས་ འབྲུག་གི་ལྟ་བཤལ་ལས་སྡེ་ གོང་འཕེལ་གཏང་ནིའི་ནང་ཡང་ གྲོགས་རམ་ཚུ་ ཐོབ་ཚུགས་ཟེར་ཨིན་པས།
ད་རེས་ཀྱི་ རྒྱལ་ཁབ་དྲག་ཤོས་ཚུ་ རྒྱལ་སྤྱིའི་ངོས་འཛིན་ཅན་གྱི་ རང་དབང་དྲང་དཔོན་ཚུ་གིས་སྦེ་ གདམ་འཐུ་འབད་ཡོདཔ་ད་ ངོས་འཛིན་རྟགས་མ་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༩ ལས་༡༠ ཚུན་ ཨ་བུ་ད་བི་ལུ་ འཚོགས་ནི་ཨིན་མི་ འཛམ་གླིང་འགྲུལ་བསྐྱོད་ལྟ་བཤལ་ཚོགས་སྡེའི་ ལོ་བསྟར་ཞལ་འཛོམས་ཀྱི་སྐབས་ བྱིན་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment

Post a Comment