གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་འདུས་ཕོ་བྲང་རྫོང་ཁག་ལུ་ ས་ཁྲམ་གསརཔ་ཚུ་རྩིས་སྤྲོད།

༨/༢/༢༠༡༣   ༉ ཁ་ཙ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒེད་འོག་༥ ལུ་ ཆ་བཞག་ས་ཁྲམ་དང་ ལག་ཁྲམ་གསརཔ་ ས་ཁྲ་ཚུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
མདོས་བསྡམ་བཞག་མི་ ལག་ཁྲམ་དང་ ས་ཁྲ་གསརཔ་ཚུ།


ས་ཁྲམ་དང་ ས་ཁྲ་གསརཔ་ཚུ་ རྒྱལ་ཡོངས་ས་ཆ་བསྐྱར་འཇལ་འབདཝ་ད་ ས་ཐེབས་ཐོན་མི་ཚུ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ན་ཧིང་ སྤྱི་ཟླ་༨ པའི་ནང་ སྐྱིད་སྡུག་སྦེ་ གནང་པའི་ཤུལ་ལུ་ བཟོ་ཡི་ཟེར་ ས་ཆ་ལྷན་ཚོགས་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།
ས་ཁྲམ་དང་ ལག་ཁྲམ་ཚུ་ དབང་འདུས་ཕོ་བྲང་གི་ རྫོང་བདག་ལུ་ རྩིས་སྤྲོད་པའི་སྐབས་ ས་ཆ་ལྷན་ཚོགས་ཀྱི་དྲུན་ཆེན་ དྲགོས་སངས་རྒྱས་མཁའ་འགྲོ་གིས་ བཤད་མིའི་ནང་ ས་ཆའི་ཇོ་བདག་ཚུ་ལུ་ ལག་ཁྲམ་གསརཔ་སྤྲོད་པའི་ཉིནམ་ལས་ སའི་བཅའ་ཁྲིམས་༢༠༠༧ ཅན་མའི་ དགོངས་དོན་ཆ་མཉམ་ར་ ལག་ལེན་འཐབ་འོང་ཟེར་ཨིན་པས།
དྲུང་ཆེན་གྱིས་འབད་བ་ཅིན་ ས་ཁྲམ་ནང་ ཁྱད་པར་དང་ ཆ་མཐུནམ་རེ་ཡོད་པ་ཅིན་ སའི་ཇོ་བདག་དང་ ས་གནས་ཀྱི་ དབང་འཛིན་འགོ་དཔོན་ཚུ་གིས་ ལོ་ངོ་༥ གི་ནང་འཁོད་ལུ་ སྙན་ཞུ་འབད་དགོཔ་མ་ཚད་ སའི་ཇོ་བདག་ ཚེ་ལས་འདས་མི་ཚུ་གི་ཐད་ལུ་ དུས་ཡུན་ལོ་ངོ་༡ གི་ནང་འཁོད་ལུ་ ས་ཁྲམ་སྤོ་དགོཔ་བཞིན་དུ་ ས་ཁྲལ་ཚུ་ཡང་ ས་ཁྲམ་གསརཔ་དང་འཁྲིལ་ བཀལ་འོང་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment