ཁ་ཙ་ ཕྱི་རུའི་ཆུ་ཚོད་༤.༣༠ དེ་ཅིག་ལུ་ མོང་སྒར་ཁྲོམ་ཁར་ གཞོང་སྒར་བཟའ་ཁང་གི་འོག་ལུ་ ཐོག་ཚད་༤ འབད་མི་ སྒྲིང་ཁྱིམ་ཅིག་གི་ ཤམ་བར་ནང་ལས་ མེ་འབར་ཏེ་ ཁྱིམ་གྱི་ཇོ་བདག་སྡོད་མི་ ཤམ་བར་ནང་དང་ ཅ་ཆས་ཚུ་ག་ར་འཚིགས་ཡོདཔ་ད་ མེ་རྐྱེན་དེ་ཡང་ ད་རེས་ནངས་པ་ གློག་མེ་བཀྲམ་སྤེལ་མེད་མི་ལུ་བརྟེན་ མཆོད་བཤམ་ནང་ དཀར་མེ་ཕུལ་མི་ལས་ བྱུང་ཡོད་པའི་ དོགས་པ་ཡོདཔ་ཨིན་པས། ཕྱི་རུའི་ཆུ་ཚོད་༧ དེ་ཅིག་ཁར་ ཁྲིམས་སྲུང་འགག་པའི་ མེ་བསད་སྡེ་ཚན་དང་ ཉེས་འདབས་ཀྱི་ མི་ཚུ་གིས་ བསད་ཚུགས་ཡོདཔ་ལས་ སྒྲིང་ཁྱིམ་གྱི་ སྟེང་ཐོག་མ་གཏོགས་ བར་ཐོག་དང་ འོག་ཐོག་ཚུ་ལུ་ གནོད་སྐྱོན་ག་ནི་ཡང་ མ་བྱུང་རུང་ སྟེང་ཐོག་ལུ་ མེ་འབར་བའི་སྐབས་ མེ་རླུང་རྒྱ་ཛི་གས་མི་ལུ་བརྟེན་ མི་ཅིག་ལུ་ རྨ་སྐྱོན་དུམ་གྲ་ཅིག་བྱུང་སྟེ་ མོང་སྒར་སྨན་ཁང་ནང་ བསྐྱལ་ཡོད་པའི་གནས་ཚུལ། |
No comments:
Post a Comment