གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤར་ཕྱོགས་དང་ དབུས་ཕྱོགས་རྫོང་ཁག་༡༠ ནང་ གློག་མེ་མེདཔ།

༧/༢/༢༠༡༣   ༉ ད་རེས་ནངས་པ་ རྒྱལ་ཁབ་ཀྱི་ཤར་ཕྱོགས་རྫོང་ཁག་༦ རྩིས་ཏེ་ རྫོང་ཁག་༡༠ ནང་ སྤྱི་ཟླ་༢ པའི་ཚེས་༡ ལས་འགོ་བཟུང་ དྲོ་པའི་ཆུ་ཚོད་༨ ལས་ ཕྱི་རུའི་ཆུ་ཚོད་༥ ཚུན་ གློག་མེ་ འཐོབ་མི་ཚུགས་ནི་ཨིན་མི་དེ་ཡང་ ལོ་བསྟར་གྱི་གློག་ཐག་དང་ ཀཝ་ཚུ་ལུ་ ཉམས་བཅོས་ཀྱི་ ལཱ་འགོ་བཙུགས་ནི་དེ་གིས་ཨིན་པས།
གློག་མེ་མེད་པར་ སྤྱ་རྩི་སྤེན་པ་བཏེགས་སྡོད་པའི་བསྒང་།


དེ་ཡང་ གློག་མེ་དེ་ ཤར་ཕྱོགས་རྫོང་ཁག་ བསམ་གྲུབ་ལྗོངས་མཁར་དང་ པདྨ་དགའ་ཚལ་ བཀྲིས་སྒང་ བཀྲིས་གཡང་རྩེ་ མོང་སྒར་ ལྷུན་རྩེ་ དབུས་ཕྱོགས་རྫོང་ཁག་ གཞལམ་སྒང་དང་ ཀྲོང་གསར་ བུམ་ཐང་ དེ་བཟུམ་སྦེ་ ལྷོ་ཕྱོགས་རྫོང་ཁག་ གསར་སྤང་ཚུ་ནང་ འཐོབ་མི་ཚུགས་ནི་ཨིནམ་ད་ གློག་མེ་ལྷོད་ནི་ལུ་ ད་རུང་ བདུན་ཕྲག་༡ དེ་ཅིག་ འགོར་འོང་ཟེར་ ཀུར་རི་ཆུ་ འབྲུག་གློག་མེ་ལས་འཛིན་གྱི་ ས་ཁོངས་བཟོ་རིག་འགོ་དཔོན་ འཇིགས་མེད་སེང་གེ་གིས་ སླབ་ཨིན་པས།
ད་ལྟོ་ཚུན་ པདྨ་དགའ་ཚལ་གྱི་ ལྡན་ཅི་ལུ་ཁྲོམ་ཆགས་ནིའི་ གོང་འཕེལ་གྱི་ལཱ་ལུ་བརྟེན་ གློག་མེའི་ཀཝ་ལུ་གནོད་སྐྱོན་ཆེ་བའི་ཀཝ་༦ དེ་ཅིག་ གཞན་ཕྱོགས་ལས་སྦེ་ སྤོ་ཡོདཔ་ད་ ད་རེས་ནངས་པ་ ལོ་བསྟར་ཉམས་བཅོས་ཀྱི་ལཱ་དེ་ཡང་ གློག་ཐག་མེདཔ་ཐལ་མི་ཚུ་ སྒྲིང་སྒྲི་བཟོ་དོ་ཡོདཔ་མ་ཚད་ ཀཝ་ཚུ་ཡང་ རེ་རེ་བཞིན་དུ་ཞིབ་དཔྱད་འབད་དེ་ གནམ་བྱཱར་ཆར་ཆུའི་དུས་ཚོད་ལུ་ གློག་ཤུགས་ཀྱི་འོང་འབབ་ལུ་ ཐོ་མི་ཕོག་ནིའི་དོན་ལུ་ ལོ་བསྟར་བཞིན་དུ་ ཉམས་བཅོས་ཀྱི་ལཱ་དེ་ ཉིན་གྲངས་༡༠ དང་༡༢ ཀྱི་བར་ན་འབདཝ་ཨིན་ཟེར་ ས་ཁོངས་ཀྱི་བཟོ་རིག་འགོ་དཔོན་གྱིས་ སླབ་ཨིན་པས།
ཤར་ཕྱོགས་རྫོང་ཁག་༦ དང་ དབུས་ཕྱོགས་རྫོང་ཁག་བུམ་ཐང་དང་ཀྲོང་གསར་ གཞལམ་སྒང་ དེ་ལས་ གསར་སྤང་ལུ་ གློག་མེ་དེ་ ཀུར་རི་ཆུ་གློག་མེ་འཕྲུལ་ཁང་ནང་ལས་ བཀྲམ་སྤེལ་འབད་དོ་ཡོདཔ་ད་ རྒྱལ་ཁབ་ནང་གི་ ཟོ་གྲྭ་ཁང་དང་ གྲོང་གསེབ་ནང་ སྤྱོད་ནིའི་དོན་ལུ་ གནམ་དགུན་ལུ་ གློག་ཤུགས་མེ་ག་ཝཊི་༣༠ དེ་ཅིག་དགོ་མི་དེ་ གློག་ཤུགས་མེ་ག་ཝཊ་༡༥ དེ་ཅིག་ལས་བརྒལ་བའི་ ནུས་ཤུགས་མེདཔ་ལས་ གློག་མེད་དེ་ རྒྱ་གར་ལས་ནང་འདྲེན་འབད་དགོཔ་ ཐོན་དོ་ཡོདཔ་ཨིན་པས།
ད་རེས་ནངས་པ་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ལཱ་འབད་བའི་བསྒང་ཡོདཔ་ལས་ བཟོ་སྐྲུན་གྱི་ལཱ་ལུ་ གློག་མེའི་བྱ་སྟབས་མ་བདེཝ་ ཐོན་མི་དེ་ཡང་ གློག་མེ་དེ་ རྒྱ་གར་ལས་ ནང་འདྲེན་འབད་མི་ལུ་བརྟེན་ཨིནམ་མ་ཚད་ གཞན་རྫོང་ཁག་ ལྷུན་རྩེ་དང་ བཀྲིས་སྒང་བཟུམ་ཅིག་ནང་འབད་རུང་ ཉིན་མ་ཡིག་ཚང་གི་དུས་ཚོད་ལུ་ གློག་མེ་དེ་ རྫོང་ཁག་ཚུ་ནང་ཡོད་པའི་ གློག་མེ་བཀྲམ་སྤེལ་ཁང་ཆུང་བ་ མི་ནི་ཧའི་ཌལ་ཡོད་ནི་དེ་གིས་ དེ་ཁ་ལས་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།
མོང་སྒར་རྫོང་ཁག་བཟུམ་ཅིག་ནང་འབད་རུང་ ཉིན་མ་ཡིག་ཚང་གི་དུས་ཚོད་ལུ་ རྫོང་ཁག་བདག་སྐྱོང་དང་ དངུལ་ཁང་ དེ་ལས་ སྨན་ཁང་ཚུ་ནང་ ཇེ་ནི་རེ་ཊར་ལག་ལེན་འཐབ་དོ་ཡོདཔ་ལས་ མི་མང་ཞབས་ཏོག་སྤྱོད་མི་དང་ སྤྲོད་མི་༢ ཆ་ར་ལུ་ སྟབས་མ་བདེཝ་མེད་རུང་ ད་རེས་ནངས་པ་ མོང་སྒར་རྫོང་ཁག་ཁྲིམས་འདུན་ལུ་ རྒྱལ་པོའི་ཞིང་གི་ས་ཆ་ བགོ་བཀྲམ་དང་འབྲེལ་བའི་ རྩོད་གཞི་གི་ སྙན་གསན་ཚུ་འབད་བའི་བསྒང་ཡོདཔ་ལས་ ཉིན་བསྟར་གྱི་ལཱ་འབད་ནི་ལུ་ བྱ་སྟབས་མ་བདེཝ་སྦོམ་ཡོདཔ་ཨིན་པས།
པདྨ་དགའ་ཚལ་ རྫོག་ཁག་བདག་སྐྱོང་དང་ སྨན་ཁང་ནང་ཡང་ ཇེ་ནི་རེ་ཊར་ལུ་བརྟེན་ སྟབས་མ་བདེཝ་མེད་རུང་ བསམ་གྲུབ་ལྗོངས་མཁར་ སྨན་ཁང་དང་ བུ་ཊན་ཕེ་རོ་སི་ལི་ཀཱོན་བཟོ་གྲྭ་འཕྲུལ་ཁང་གི་ ཐོན་ཤུགས་ལུ་ བར་ཆད་རྐྱབ་དོ་ཡོདཔ་ད་ གློག་མེ་དེ་ དུས་རྒྱུན་བཀྲམ་སྤེལ་འབད་ནི་ལུ་ ད་རུང་ བདུན་ཕྲག་༡ འགོར་ནི་ཨིནམ་བཞིན་དུ་ སྤྱི་ཟླ་འདི་གི་ཚེས་༡༢ ལས་ ལོག་བཀྲམ་སྤེལ་འབད་ཚུགས་ཟེར་ ཀུར་རི་ཆུ་ལུ་ཡོད་པའི་ འབྲུག་གློག་མེ་བཀྲམ་སྤེལ་ལས་འཛིན་གྱི་ ས་ཁོངས་བཟོ་རིག་འགོ་དཔོན་ འཇིགས་མེད་སེང་གེ་གིས་ སླབ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment