གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཇུག་བསྡུའི་ཚོགས་ཐེངས་ནང་ མི་དབང་མཆོག་གིས་ གསུང་བཤད་གནང་ནི།

༧/༢/༢༠༡༣   ༉ འབྲུག་གི་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་མཇུག་ སྤྱི་ཟླ་༢ པའི་ཚེས་༨ ལས་ སྤྱི་ཟླ་༣ པའི་ཚེས་༦ ཚུན་ འཚོགས་གནང་ནི་ཨིནམ་བཞིན་དུ་ ཚོགས་ཐེངས་༡༠ པའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གསུང་བཤད་ཚུ་ གནང་ནི་ཨིན་པས།


སྤྱི་ཟླ་༢ པའི་ཚེས་༡༡ ལས་༡༢ ཚུན་ ལོ་གསར་གྱི་ ངལ་གསོ་དང་ ཚེས་༡༣ ལས་ གྲོས་གཞི་ཚུ་དང་འཁྲིལ་ཏེ་ གསུང་གྲོས་ཚུ་ འགོ་བཙུགས་གནང་ནི་ཨིན་པས།
དེ་བསྒང་ རྒྱལ་ཡོངས་ཚོགས་འདུ་ནང་ འབྲུག་གི་འགན་འཛིན་དཔྱད་ཡིག་༢༠༡༢ ཅན་མ་དང་ འབྲུག་གི་འགན་འཛིན་དཔྱད་ཡིག་སྤྱི་ལོ་༢༠༡༢ ཅན་མ་ དེ་ལས་ འབྲུག་གི་ གདམ་ཁ་ཅན་གྱི་འཁོན་དུམ་དཔྱད་ཡིག་༢༠༡༢ ཅན་མ་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་གནང་ཐོག་ལས་ ཆ་འཇོག་འགྲུབ་ནི་ཨིན་པས།
དེ་བཟུམ་སྦེ་ འགུལ་ཅན་གྱི་ མཁོ་ཆས་དང་འབྲེལ་བའི་ རྒྱལ་སྤྱིའི་མཐུན་གྲོས་དང་ དམངས་རྩིས་ཚོགས་ཆུང་གིས་ སྤྱི་ལོ་༢༠༠༨ དང་༢༠༠༩ དེ་ལས་༢༠༡༠ གྱི་ ལོ་བསྟར་རྩིས་ཞིབ་ཀྱི་ བསྐྱར་ཞིབ་སྙན་ཞུའི་གསལ་ཞུ་ ཕུལ་ནི་ཨིན་པས།
དེ་ལས་ སྤྱི་ཟླ་༢ པའི་ཚེས་༢༡ ལས་༢༣ ཚུན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་ཆེན་ བརྩི་སྲུང་ཞུ་བའི་ཤུལ་ལས་ སྤྱི་ཟླ་༢ པའི་ཚེས་༢༥ ལུ་ འབྲུག་གི་ལམ་ཡིག་དཔྱད་ཡིག་དང་ འབྲུག་གི་ ནང་འཁོད་རྩུབ་སྤྱོད་དཔྱད་ཡིག་༢༠༡༢ ཅན་མའི་སྐོར་ལས་ གསུང་གྲོས་གནང་ནི་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཡོངས་ཚོགས་སྡེའི་ནང་ཡང་ འབྲུག་གི་ལམ་ཡིག་དཔྱད་ཡིག་༢༠༡༢ ཅན་མ་དང་ འབྲུག་གི་ནང་འཁོད་རྩུབ་སྤྱོད་དཔྱད་ཡིག་༢༠༡༢ ཅན་མའི་ཐོག་ལུ་ གསུང་གྲོས་གནང་སྟེ་ ཆ་འཇོག་མཛད་གནང་ནི་ཨིན་པས།
དེ་དང་གཅིག་ཁར་ སཱག་ལུང་ཕྱོགས་གནས་ཚད་ཀྱི་ ཆིངས་ཡིག་ལག་ལེན་དང་ སཱག་གི་མ་དངུལ་གཞི་རྟེན་དངུལ་ཁང་ གཞི་བཙུགས་ཀྱི་ཆིངས་ཡིག་ དེ་ལས་ སཱག་ཕན་ཚུན་བདེ་འགྲིག་ཐོག་གི་ ཟུང་ཕྱོགས་ལྟ་རྟོག་ཆིངས་ཡིག་ཚུ་ལུ་ དག་བཅོས་གནང་ནི་ཨིན་པས།
ལས་རིམ་ནང་ རྒྱལ་ཁབ་ཀྱི་ གཏེར་ཁ་བཏོན་ནིའི་ ལས་སྣ་ཚུ་གི་སྐོར་ལས་ གྲོས་བསྡུར་གནང་ནི་དང་ དམངས་རྩིས་ཚོགས་ཆུང་གིས་ སྤྱི་ལོ་༢༠༡༢ འི་ སྙན་ཞུ་ཕུལ་ནི་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་ དཀའ་ངལ་བྱུང་མིའི་སྐོར་ལས་ གསལ་བཤད་གནང་ནི་ཚུ་ ཚུད་དེ་འདུག།
སྤྱི་ཟླ་༢ པའི་ཚེས་༢༧ ལས་ སྤྱི་ཟླ་༣ པའི་ཚེས་༤ ཚུན་ ཚོགས་ཁང་གོང་འོག་༢ ལྷན་ཞུགས་གནང་ནི་དང་ དེ་བསྒང་ འབྲུག་གི་རྐྱེན་ངན་འཛིན་སྐྱོང་དཔྱད་ཡིག་༢༠༡༡ ཅན་མ་ལུ་ གསུང་གྲོས་གནང་སྟེ་ ཆ་འཇོག་གནང་ནི་ཨིན་པའི་ཁར་ དེ་གི་ཤུལ་ལས་ གཞན་མི་དཔྱད་ཡིག་ཚུ་ཡོད་པ་ཅིན་ གསུང་གྲོས་གནང་ནི་ཨིན་པས།
ལས་རིམ་དང་འཁྲིལཝ་ད་ བློན་ཆེན་གྱིས་ འདས་པའི་ལོ་༥ འི་ ནང་འཁོད་ལུ་ འགོ་འདྲེན་འཐབ་ཡོད་པའི་ ལས་སྣའི་གྲུབ་འབྲས་ཚུ་གི་སྐོར་ལས་ སྙན་ཞུ་ཕུལ་ནི་དང་ ཚེས་༥ ལུ་ གྲོས་ཆོད་དག་བཅོས་འབད་ནི་ དེ་ལས་ སྤྱི་ཟླ་༣ པའི་ཚེས་༦ ལུ་ ཚོགས་ཐེངས་མཇུག་བསྡུ་གནང་ནི་དང་ དེ་བསྒང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ཡང་ འབྱོན་གནང་སྟེ་ གསུང་བཤད་ཚུ་ གནང་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment