གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བློན་ཆེན་མཆོག་གིས་ རྒྱ་གར་གཞུང་དང་ མི་སེར་ལུ་ བཀྲིན་དགའ་ཚོར།

༨/༢/༢༠༡༣   ༉ ཁ་ཙ་ རྒྱ་གར་ནིའུ་ལྡི་ལི་ལུ་ ཉིན་གྲངས་༢ ཀྱི་དོན་ལས་ གཞུང་དོན་གཟིགས་སྐོར་ལུ་བྱོན་མི་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་ རཱན་ཇཱན་ མ་ཐའི་དང་ མཇལ་ཕྲད་གནངམ་ད་ ཁོ་ རྒྱ་གར་ལུ་ འོང་དགོ་མིའི་ གནད་དོན་གཙོ་བོ་ར་ རྒྱ་གཞུང་དང་ མི་སེར་ལུ་ བཀྲིན་དགའ་ཚོར་ཞུ་བར་ཨིན་ཟེར་ གསུངས་ཡོདཔ་ཨིན་པས།
ཁ་ཙ་ཕྱི་རུ་ བློན་ཆེན་མཆོག་གིས་ ཕྱི་འབྲེལ་དྲུང་ཆེན་ རཱན་ཇཱན་མ་ཐའི་དང་ མཇལ་ཕྲད་གནང་པའི་བསྒང་།


རྒྱ་གར་གཞུང་གིས་ འབྲུག་གི་ལོ་ལྔའི་འཆར་གཞི་༡༠ པ་ མཐར་འཁྱོལ་ཅན་སྦེ་ ལག་ལེན་འཐབ་ནིའི་ནང་ བརྩེ་བའི་གྲོགས་རམ་འབད་མི་ལུ་ བློན་ཆེན་མཆོག་གིས་ འབྲུག་གཞུང་དང་ མི་སེར་གྱི་ ཁ་ཐུག་ལས་ ངལ་རངས་དང་ དགའ་ཚོར་སྦོམ་ཡོད་ཟེར་ གསུངས་ནུག།
བློན་ཆེན་གྱིས་ གསུངས་མིའི་ནང་ རྒྱ་གར་གྱི་ རྒྱབ་སྐྱོར་དང་ གྲོགས་རམ་ལུ་བརྟེན་ ལས་དོན་གཞན་ཚུ་གི་གྲས་ལས་ འབྲུག་གི་ དབུལ་ཕོངས་གནས་ཚད་དེ་ བརྒྱ་ཆ་༢༣ ལས་༡༢.༠༤ དེ་ཅིག་ལུ་ མར་བབས་སོང་སྟེ་ཡོད་ཟེར་ཨིན་པས།
བློན་ཆེན་འཇིགས་མེད་འཕྲིན་ལས་མཆོག་གིས་ དམངས་གཙོའི་ཐོག་ལས་ བཙག་འཐུ་གྲུབ་མི་ གཞུང་དང་པའི་ གནས་ཡུན་དེ་ ཚང་རན་མི་དང་བསྟུན་ རྒྱ་གར་གཞུང་གིས་ འབྲུག་གི་དམངས་གཙོའི་བྱ་རིམ་ལུ་ རྒྱབ་སྐྱོར་འབད་བའི་ བཀྲིན་བསམ་ནི་དང་འབྲེལ་ འབྲུག་དང་གཅིག་ཁར་ མཐུན་འབྲེལ་ལུ་ བརྩི་མཐོང་སྦོམ་བསྐྱེད་མི་ལུ་ཡང་ བཀྲིན་དགའ་ཚོར་ཡོད་ཟེར་གསུངས་ནུག།
བློན་ཆེན་གྱིས་ ཕྱི་འབྲེལ་དྲུང་ཆེན་ལུ་ གནས་ཚུལ་དང་འདྲཝ་སྦེ་ གསུངས་མིའི་ནང་ ལོ་ལྔའི་འཆར་གཞི་༡༠ པ་དེ་ སྤྱི་ལོ་༢༠༡༣ ཟླཝ་༦ པའི་ནང་ མཇུག་བསྡུཝ་བཞིན་དུ་ འཆར་གཞི་༡༡ པའི་ འཆར་བཀོད་ཀྱི་ལཱ་ཚུ་ འགོ་བཙུགས་ཡོད་ཟེར་ཨིན་པས།
ད་རིས་ཉིན་མར་ བློན་ཆེན་མཆོག་གིས་ རྒྱ་གར་གྱི་ སྲིད་འཛིན་པར་ ནཱབ་མུ་ཁར་ཇི་དང་ སྲིད་འཛིན་འོག་མ་ ཨེམ་ཧ་མིཌ་ ཨཱན་ས་རི་ སྲིད་བློན་ཌོག་ཌར་མཱན་མོ་ཧཱན་སིང་དང་ མཇལ་ཕྲད་གནང་ནི་ཨིན་པས།
བློན་ཆེན་དང་ ཕྱག་ཞུ་སྟེ་ ཕྱི་འབྲེལ་བློན་པོའི་འགན་འཛིན་པ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་དང་ ཕྱི་འབྲེལ་དྲུང་ཆེན་ ཡེ་ཤེས་རྡོ་རྗེ་ བྱོན་ཡོདཔ་བཞིན་དུ་ བློན་ཆེན་མཆོག་ ཁ་ཙ་ ནིའུ་ལྡི་ལི་ ཨིན་ད་ར་གཱན་དྷི་རྒྱལ་སྤྱི་གནམ་ཐང་ནང་ཕེབས་ད་ ཚོང་འབྲེལ་དང་ བཟོ་གྲྭའི་མངའ་སྡེའི་བློན་པོ་ ཨམ་ཌ་གུ་བ་ཊི་ པུ་རཱན་དེསི་ཝ་རི་དང་ ཕྱི་འབྲེལ་དྲུང་ཆེན་ རཱན་ཇཱན་ མ་ཐའི་ བྱང་ཕྱོགས་ཀྱི་ མཉམ་འབྲེལ་དྲུང་ཆེན་ ཨ་ཁི་ལེཤ་ མིཤ་ར་དང་ མགྲོན་སྐྱོང་གཙོ་འཛིན་ངོ་ཚབ་ ཨ་ནུབ་ ཀེ་ མུཌ་གཱལ་ཚུ་གིས་ ཕེབས་བསུ་ཞུ་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment