གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཊག་གིས་ བུཚ་ཅིག་བསྣད་ཡོདཔ།

༨/༢/༢༠༡༣   ༉ ཁ་ཙ་ དབང་འདུས་ཕོ་བྲང་དང་ རྩི་རང་གི་གཞུང་ལམ་ཁར་ སྐྱེས་ལོ་༩ ལང་མི་བུཚ་ཅིག་ སྣུམ་འཁོར་ཊི་པར་གྱི་ འཁོར་ལོ་འོག་ལུ་ཚུད་མི་ལུ་བརྟེན་ ས་གནས་དེ་ཁ་ར་ ཁ་འཐུམ་མར་བསད་ཡོདཔ་ཨིན་པས།


རྐྱེན་ངན་དེ་ དྲོ་པའི་ཆུ་ཚོད་༧:༣༠ དེ་ཅིག་ལུ་ དབང་འདུས་རྫོང་ཁག་ དར་དཀར་རྒེད་འོག་ སྦྱིས་ཤུགས་ཁ་ལུ་ བྱུང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ སྙན་ཞུ་དང་འཁྲིལཝ་ད་ དེད་གཡོགཔ་དེ་གིས་ སྣུམ་འཁོར་རྒྱབ་བཤུད་རྐྱབ་པའི་སྐབས་ ཚེ་འདས་བུཚ་དེ་ འཁོར་ལོའི་འོག་ལུ་ ཚུད་ནུག་ཟེར་ཨིན་པས།
དེད་གཡོགཔ་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་བཀོད་མིའི་ནང་ ཁོ་གིས་ སྣུམ་འཁོར་རྒྱབ་བཤུད་རྐྱབ་སྟེ་ མི་ཊར་༥ དེ་ཅིག་གི་ས་ཁར་ ལྷོདཔ་ད་རྐྱངམ་གཅིག་ ཨ་ལུ་བུཚ་དེ་ འཁོར་ལོའི་འོག་ལུ་བསྣད་ཡོདཔ་ མཐོང་ཡི་ཟེར་ཨིན་པས།
དེད་གཡོགཔ་དེ་གིས་འབད་བ་ཅིན་ རྐྱེན་ངན་མ་བྱུང་པའི་ཧེ་མར་ ཚེ་འདས་བུཚ་དེ་གིས་ སྣུམ་འཁོར་གྱི་ སྒོ་སྒྲིག་བཅད་ནི་ལུ་ ཆ་རོགས་འབད་ཡི་ཟེར་ཨིན་པས།
ཁོ་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་བཀོད་མི་དང་འཁྲིལཝ་ད་ སྣུམ་འཁོར་ཊི་པར་ཊཱག་དེ་ འགྲོས་ཀྱིས་འབད་ རྒྱབ་བཤུད་རྐྱབ་སྟེ་ བཏང་ཡི་ཟེར་ཨིནམ་ད་ ཨིན་རུང་ ལ་ལུ་ཅིག་གིས་ སླབ་མིའི་ནང་ འགྲོས་ཀྱིས་འབད་ བཏང་བཏངམ་ཨིན་པ་ཅིན་ བུཚ་དེ་ ཚར་གཅིག་གུ་ འཁོར་ལོའི་འོག་ལུ་ མ་ཚུདཔ་འོང་ཟེར་ཨིན་པས།
ཚེ་འདས་བུཚ་དེ་གི་ མགུ་ཏོ་གུ་ ཊི་པར་ཊཱག་གི་ རྒྱབ་ཁའི་འཁོར་ལོ་གཡོནམ་གིས་ ཕོག་མི་ལུ་བརྟེན་ མགུ་ཏོ་སྦུག་བཀག་རྐྱབ་སྟེ་ ཀླདཔ་ག་ར་ ཕྱི་ཁར་བཏོན་བཏང་ཡོདཔ་ད་ ཚེ་འདས་བུཚ་དེ་ གཞལམ་སྒང་རྫོང་ཁག་ སྤང་མཁར་ལས་ཨིན་པས།
ཚེ་འདས་བུཚ་དེ་ སློབ་རིམ་༣ པའི་ནང་ལས་ མཐར་འཁྱོལ་མི་ཅིག་ཨིནམ་ད་ ཁོ་ར་ གནམ་དགུན་གྱི་ སློབ་གྲྭའི་ངལ་གསོ་སྐབས་ལུ་ ཨའི་དང་གཅིག་ཁར་སྡོད་ནི་སྦེ་ དབང་འདུས་ཕོ་བྲང་ལུ་ འོང་ཡོདཔ་ཨིན་པས།
ཨའི་དེ་ མོ་རའི་ ཕོ་རྒནམ་གིས་ ཚོང་ཁང་བཙུགས་བྱིན་ནིའི་དོན་ལུ་ གཡུས་ཁ་ལས་ ཁྱིད་འོང་ཡོདཔ་ད་ ཕོ་རྒནམ་དེ་ རྐྱེན་ངན་བྱུང་མི་ སྣུམ་འཁོར་ཊི་པར་ཊཱག་གི་ ཇོ་བདག་ཨིན་པས།
སྐྱེས་ལོ་༢༢ ལང་མི་ དེད་གཡོགཔ་དེ་ ད་ལྟོ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ཡོདཔ་ད་ ཁོ་ར་ དར་དཀར་ནང་ལས་ཨིན་པས།
དུས་ཅི་ ཟླཝ་༢ ཀྱི་ ནང་འཁོད་ལུ་ར་ དབང་འདུས་རྫོང་ཁག་ནང་ སྣུམ་འཁོར་གྱི་ ཐུག་རྐྱེན་ཁག་༣ བྱུང་མིའི་ནང་ མི་གྲངས་༣ ལུ་ ཤི་རྐྱེན་བྱུང་ཡོད་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment