གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་ཅིག་ མའོ་ཁ་ལ་གཙང་ཆུའི་ནང་ཐིམ་ཡོདཔ།

༨/༢/༢༠༡༣    ༉ སྤྱི་ཟླ་༢ པའི་ཚེས་༦ གི་ཉིན་མར་ སྐྱེས་ལོ་༥༢ ལང་མི་ ཕོ་སྐྱེས་ཅིག་ དགེ་ལེགས་ཕུག་ གསེར་གཞོང་གཡུས་ཚན་གྱི་འོག་ལུ་ མའོ་ཁོ་ལ་གཙང་ཆུའི་ནང་བྱིངམ་སྟེ་ ཤི་སོཔ་ཨིན་པས།


བརྒྱལ་ནད་ཡོད་མི་ ཚེ་འདས་དེ་ དེ་ཚེ་ཉིན་མར་ གཙང་ཆུ་ནང་ གཟུགས་འཁྱུ་བར་ སོང་ཡོདཔ་ཨིན་རུང་ ཕྱི་རུའི་ཆུ་ཚོད་༤ འབྱིད་སོང་པའི་ཤུལ་ལས་ཡང་ ལོག་ཁྱིམ་ནང་ མ་ལྷོདཔ་ལས་ བཟའ་ཚང་ཚུ་ ཁོ་འཚོལ་བར་ སོང་ཡོདཔ་ཨིན་པས།
ཚེ་འདས་ཀྱི་ བུམོ་གི་རྨགཔ་ བཀྲིས་ཀྱིས་ སླབ་མིའི་ནང་ ཁོང་གིས་ ས་གནས་ག་ཏེ་ལུ་ར་འཚོལ་རུང་ འཚོལ་མ་ཐོབ་ལས་ ཕྱི་རུའི་ཆུ་ཚོད་༧.༣༠ དེ་ཅིག་ཁར་ འཚོལ་ཐོབ་པའི་བསྒང་ལས་ གཙང་ཆུའི་ནང་ ཐིམ་སོ་ནུག་ཟེར་ཨིན་པས།
ཚེ་འདས་ལུ་ བུམོ་༤ ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment