གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་དོན་འགོ་དཔོན་ ཨམ་སྲུ་ཅིག་ལུ་ ཉེས་ཁྲིམས་ཟླཝ་༢ བཀལ་ཡོདཔ།

༢/༢/༢༠༡༣   ༉ ཁྲིམས་དོན་འགོ་དཔོན་ ཨམ་སྲུ་ཅིག་གིས་ ཁྲིམས་དོན་འགོ་དཔོན་གཞན་ཅིག་གི་ ཨམ་སྲུ་ལུ་ བརྡབ་གསིག་རྐྱབ་མི་ལུ་བརྟེན་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༥ པ་གིས་ ཉེས་ཁྲིམས་ཟླཝ་༢ བཀལ་ཡོདཔ་ཨིན་པས།


དེ་ཡང་ སྤྱི་ལོ་༢༠༡༢ ཟླ་༡༠ པའི་ཚེས་༣༡ གི་ ནུབ་མོའི་ཆུ་ཚོད་༡༠ དེ་ཅིག་ཁར་ དོགས་ཟོན་ཅན་ ཁྲིམས་དོན་འགོ་དཔོན་ ཨམ་སྲུ་དེ་གིས་ ཁྲིམས་དོན་འགོ་དཔོན་གཞན་མི་དེ་ལུ་ འགྲུལ་འཕྲིན་ཐོག་ལས་ འཕྲིན་ཡིག་ཅིག་ བསྐྱལ་མིའི་ནང་ མོ་གི་ རྨགཔ་དང་གཅིག་ཁར་ དགའ་མཐུན་བྱུང་ཡོད་པའི་སྐོར་ལས་ ངོ་ཚ་དང་འབྲེལ་བའི་ གཏམ་དང་ལོ་རྒྱུས་སྣ་ཚོགས་ བྲིས་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ ད་རུང་ སྤྱི་ལོ་༢༠༡༢ ཟླ་༡༡ པའི་ཚེས་༣༡ ལུ་ ཡང་བསྐྱུར་དུ་ ཁྲིམས་དོན་འགོ་དཔོན་ ཨམ་སྲུ་དེ་གིས་ ཁྲིམས་དོན་འགོ་དཔོན་གཞན་མི་དེ་ལུ་ འཕྲིན་ཡིག་ནང་ ངོ་ཚ་སི་སི་གི་ གཏམ་ལེ་ཤ་ཅིག་ར་བྲིས་ཏེ་ བཏང་ནུག་ཟེར་ཨིན་པས།
འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚད་༤༦༢ པ་དང་འཁྲིལཝ་ད་ ག་དེམ་ཅིག་སྦེ་ རྩོད་ཟླ་དེ་གིས་ མི་གཞན་ཅིག་ལུ་ དྲན་ཤེས་དང་ ཚོར་སྣང་གི་ཐོག་ལས་ སེམས་སྡུག་བྱིན་པའི་ལཱ་འབད་བ་ཅིན་ རྩོད་ཟླ་དེ་ བརྡབ་གསིག་གི་ ཉེས་སྐྱོན་ཨིནམ་སྦེ་ བརྩི་དགོ་ཟེར་མི་དང་འཁྲིལ་ རྩོད་ཟླ་ཁྲིམས་དོན་འགོ་དཔོན་དེ་ལུ་ ཉེས་ཁྲིམས་ཟླཝ་༢ བཀལ་ཡོདཔ་ཨིན་པས།
རྩོད་ཟླ་དེ་གིས་ མོ་རའི་ ཁྲིམས་ཚད་ཀྱི་དོན་ལུ་ ཉིན་གྲངས་༡༠ གྱི་ནང་འཁོད་ལུ་ ཁྲིམས་འཐུས་བཏབ་ཆོགཔ་སྦེ་ཨིནམ་ད་ གལ་སྲིད་ ག་དེམ་ཅིག་སྦེ་ འཁྲུན་ཆོད་བཏོན་མི་དེ་ལུ་ བསམ་པ་མ་རྫོགས་པ་ཅིན་ ཉིན་གྲངས་༡༠ གྱི་ནང་འཁོད་ལུ་ ཐོག་མའི་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཆོགཔ་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment