གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བློན་ཆེན་མཆོག་ རྒྱ་གར་ལུ་ གཞུང་དོན་གཟིགས་སྐོར་གནང་ནི།

༦/༢/༢༠༡༣   ༉ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་ ཉིན་གྲངས་༣ གྱི་རིང་ གཞུང་འབྲེལ་གཟིགས་སྐོར་གྱི་དོན་ལུ་ ནངས་པ་རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་ འབྱོན་ནི་ཨིན་པས།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག།


དེ་ཡང་ སྤྱི་ཟླ་༢ པའི་ཚེས་༧ ལས་༩ ཚུན་ གཟིགས་སྐོར་གནངམ་ད་ བློན་ཆེན་མཆོག་གིས་ རྒྱ་གར་གྱི་སྲིད་འཛིན་ པར་ནཱབ་མུ་ཁར་ཇི་དང་ སྲིད་འཛིན་འོག་མ་ མོ་ཧ་མཱཌ་ ཧ་མིཌ་ཨཱན་ས་རི་༢ དང་ མཇལ་ཕྲད་ཞུ་ནི་ཨིནམ་མ་ཚད་ སྲིད་བློན་ཌོག་ཌར་མཱན་མོ་ཧཱན་སིང་དང་ དངུལ་རྩིས་བློན་པོ་ པི་ ཅི་དམ་བ་རམ་ དེ་ལས་ རྒྱ་གར་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་དང་ མཇལ་ཕྲད་གནང་ནི་ཨིན་པས།
རྒྱ་གར་གྱི་ དབུ་ཁྲིད་ཚུ་དང་ མཇལ་ཕྲད་གནང་པའི་སྐབས་ལུ་ བློན་ཆེན་མཆོག་གིས་ ཕན་ཚུན་གཉིས་ལུ་ཕན་པའི་ ཟུང་ཕྱོགས་མཐའ་དོན་ཚུ་ལས་འགོ་བཙུགས་ ལོ་ལྔའི་འཆར་གཞི་༡༠ པའི་ གྲུབ་འབྲས་ཚུ་དང་ ཆུ་ལུ་བརྟེན་པའི་ གློག་མེ་སྡེ་ཚན་ནང་ མཉམ་འབྲེལ་འབད་ནི་ འབྲུག་གཞུང་གི་ འཆར་གཞི་༡༡ པའི་ གདན་དོན་ལ་སོགས་པ་ཚུ་གི་སྐོར་ལས་ གསུང་གྲོས་གནང་འོང་ཟེར་ ཁ་ཙ་ ཕྱི་འབྲེལ་ལྷན་ཁག་གིས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ གསལ་བཀོད་འབད་ནུག།
ཆེ་མཐོའི་གནས་རིམ་ནང་ ཕན་ཚུན་ལྟ་སྐོར་འབད་སྲོལ་ཡོད་མི་ ལམ་ལུགས་དང་འཁྲིལ་ཨིན་མི་ བློན་ཆེན་གྱི་ གཟིགས་སྐོར་ལས་རིམ་དེ་གིས་ རྒྱ་འབྲུག་རྒྱལ་ཁབ་གཉིས་ཀྱི་བར་ན་ཡོད་པའི་ མཐུན་ལམ་དམ་ཟབ་དང་ གོ་བརྡ་ཚུ་ ལྷག་པར་དུ་ རྩ་བརྟན་བཟོ་ནི་ལུ་ ཕན་ཐོགས་སྦོམ་འབྱུང་འོང་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
བདུན་ཕྲག་ཧེ་མའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ཡང་ རྒྱ་གར་ལུ་ སྐུ་ཞག་༡༠ གྱི་རིང་ རྒྱལ་ཁམས་ཀྱི་ གཟིགས་སྐོར་བྱོན་གནང་མི་དེ་གིས་ རྒྱ་འབྲུག་གི་ མཐུན་འབྲེལ་ལྷག་པར་དུ་ དམ་ཟབ་བཟོ་གནང་ཡི།
རྒྱ་གར་གཞུང་གི་ མགྲོན་བརྡ་ཐོག་ལུ་ གཟིགས་སྐོར་ལུ་བྱོན་མི་ བློན་ཆེན་མཆོག་དང་ ཕྱག་ཞུ་སྟེ་ ཕྱི་འབྲེལ་བློན་པོའི་འགན་འཛིན་པ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་དང་ ཕྱི་འབྲེལ་དྲུང་ཆེན་ ཡེ་ཤེས་རྡོ་རྗེ་ དེ་ལས་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་ འབྱོན་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment