གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་༡༡ གི་ཤེལ་ཚུ་ བཅག་དཀྲུམ་བཏང་ཡོདཔ།

༦/༢/༢༠༡༣    ༉ ཁ་ཙ་ དྲོ་པ་ཁམས་ཅིག་ཁར་ ཐིམ་ཕུ་ཨོ་ལ་ཁའི་ ས་ཁོངས་ནང་ བཀྲ་མ་ཤིསཔ་ཚུ་གིས་ སྣུམ་འཁོར་༡༡ གི་ཤེལ་ཚུ་ བཅག་དཀྲུམ་བཏང་སྟེ་ སྣུམ་འཁོར་ནང་ལས་ ཏི་རུ་དང་ ཅ་ཆས་ཚུ་ བཏོན་འབག་སོང་ཡོདཔ་ཨིན་པས།


སྣུམ་འཁོར་པ་རཱ་ཌོ་༢ དང་ སཱན་ཊ་ཕི་༥ ཊ༌ཊ་ཧའི་ལགསི་༡ ཨའེ་ཊོ་ཡིན་ཊི་༡ དེ་ལས་ སུ་འིཕ་ཀཱར་གྱི་ཤེལ་ཚུ་ བཅག་དཀྲུམ་བཏང་ཡོདཔ་ཨིན་པས།
སྣུམ་འཁོར་པ་རཱ་ཌོ་ནང་ལས་ རྒྱ་གར་གྱི་ཏི་རུ་ རུ་པི་༣༠,༠༠༠ དང་ དངུལ་ཀྲམ་༡༥,༠༠༠ ཨའེ་པེཌ་༡ པར་ཆས་༢ དེ་ལས་ ལེབ་ཊོབ་༡ ཨར་རྐུན་འབད་ཡོདཔ་ད་ སྣུམ་འཁོར་སཱན་ཊ་ཕི་ནང་ལས་ དངུལ་ཀྲམ་༥,༠༠༠ དེ་བཟུམ་སྦེ་ སུ་འིཕ་ཀཱར་ནང་ལས་ པར་ཆས་༡ བཏོན་འབག་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨོ་ལ་ཁའི་ས་ཁོངས་ནང་ ནུབ་མོ་ལྟ་རྟོག་འབད་མི་ ཁྲིམས་སྲུང་འགག་པ་ སྡེ་ཚན་ཅིག་ ཡོད་ཟེར་ཨིནམ་ད་ བྱ་ངན་དེ་ ས་ཁོངས་སོ་སོར་ནང་ བྱུང་ནུག་ཟེར་ཨིན་པས།
མ་གཞི་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་ ཕྱི་རུའི་ཆུ་ཚོད་༧ ལས་ འགོ་བཙུགས་ཏེ་ དྲོ་པའི་ཆུ་ཚོད་༧ ཚུན་ དུས་རྒྱུན་དུ་ ལྟ་རྟོག་འབད་དོ་ཡོདཔ་ཨིན་པས།
སྣུམ་འཁོར་ཚུ་གི་ ཤེལ་ཚུ་ཡང་ དེད་གཡོགཔ་སྡོད་ས་ལས་མེན་པར་ གཡོན་ཁ་ཐུག་གི་ཤེལ་ཚུ་ རྡོ་ལག་ལེན་འཐབ་སྟེ་ དཀྲུམ་བཏང་ནུག་ཟེར་ཨིནམ་ད་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ སྣུམ་འཁོར་ཚུ་ནང་ལས་ མི་ངན་ཚུ་གི་ ལག་པའི་པར་ཚུ་ བསྡུ་བཞག་ཡི་ཟེར་ བཤདཔ་ཨིན་པས།
བྱ་ངན་དེ་ དྲོ་པའི་ཆུ་ཚོད་༢ དང་༣ དེ་ཅིག་ཁར་ བྱུང་བྱུངམ་བཟུམ་ཅིག་འདུག་ཟེར་ཨིནམ་ད་ ཁྲིམས་སྲུང་འགག་པའི་ ཡིག་ཚང་ནང་ དྲོ་པའི་ཆུ་ཚོད་༨ དེ་ཅིག་ཁར་ སྣུམ་འཁོར་གྱི་ ཇོ་བདག་ཚུ་གིས་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཨིན་རུང་ གནད་དོན་དེ་ ཁྲིམས་སྲུང་འགག་པའི་ ཡིག་ཚང་གིས་ ཞིབ་དཔྱད་ཚུ་ འབད་བའི་བསྒང་ཡོད་ཟེར་ ལྕང་ཇི་ཇི་ཁྲིམས་སྲུང་འགག་སྡེའི་ ཡག་ལག་ཡིག་ཚང་གི་ འགོ་དཔོན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment