གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་པའི་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ ལག་ཁྱེར་གནང་ཡོདཔ།

༢//༢༠༡༣༉ སྤྱི་ཟླ་༡ པའི་ཚེས་༢༧ ལུ་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ གླང་ཆེན་ཕུག་ འཇམ་པ་ཎི་བདུད་འཇོམས་ཆོས་འཁོར་དགོན་པའི་ བཤད་གྲྭ་ནང་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ ལག་ཁྱེར་ཚུ་ གནང་ཡོདཔ་ཨིན་པས།
བློན་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་མཆོག་དང་ འཇམ་པ་ཎི་བདུད་འཇོམས་ཆོས་འཁོར་དགོན་པའི་ བཤད་གྲྭའི་མཁན་པོ་དང་ དགེ་སློང་ཚུ།


དེ་ཡང་ ཟངས་མདོག་དཔལ་རི་ལྷ་ཁང་ནང་སྦེ་ བདུན་ཕྲག་༡ གི་རིང་ ཕུར་པ་གནམ་ལྕགས་སྤུ་གྲིའི་ སྒྲུབ་ཆེན་གནངམ་དང་འབྲེལ་ གར་འཆམ་དང་བཅས་པའི་ ཚེས་བཅུའི་ཉིནམ་མཇུག་ལུ་ བཤད་གྲྭའི་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ དགེ་སློང་༥ ལུ་ ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་མཆོག་གིས་ ལག་ཁྱེར་ཚུ་ གནང་ཡོདཔ་ཨིན་པས།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཚེས་བཅུའི་སྐབས་ གར་འཆམ་ཚུ་ གཟིགས་ཡོདཔ་མ་ཚད་ བཤད་གྲྭའི་སློབ་དཔོན་དང་ མཁན་པོ་ དེ་ལས་ སློབ་ཕྲུག་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་མ་ཚད་ ལོ་༣ ཕྱོགས་༣ གྱི་ སྒྲུབ་པ་ཉམས་ལེན་གནང་ཚར་མི་ མཚམས་པ་རྒན་ཤོས་༣༡ ལུ་ ལེགས་དར་ཚུ་ གནང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ བློན་ཆེན་མཆོག་གིས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ དགེ་སློང་དང་ ཨ་ནེམོ་ དེ་ལས་ སྒོམ་ཆེན་བསྡོམས་༢༧༠ ལུ་ ཐུགས་ངལ་རངས་དང་ བཀྲིས་བདེ་ལེགས་ཀྱི་ གསུང་བཤད་ཚུ་ གནང་ཡོདཔ་ཨིན་པས།
འཇམ་པ་ཎི་ བདུད་འཇོམས་ཆོས་འཁོར་དགོན་པའི་བླ་མ་ པདྨ་ཨྱོན་རྣམ་གྲོལ་གྱིས་ ལོ་༢༠ ཚུན་ ཁོ་རའི་ སྐུ་སྒེར་གྱི་ གཞི་བཙུགས་གནང་སྟེ་ དགེ་སློང་དང་ ཨ་ནེམོ་ དེ་ལས་ སྒོམ་ཆེན་ཚུ་ལུ་ ལྟོ་གོས་ཆོས་༣ ཆ་མཉམ་ར་ གནང་ཡོདཔ་མ་ཚད་ ད་རེས་ བཤད་གྲྭ་དེ་ནང་ སློབ་དཔོན་༤ དང་ མཁན་པོ་༡ དེ་ལས་ ཨིང་སྐད་སློབ་དཔོན་༡ ཡོད་མི་ཚུ་ལུ་ཡང་ གནང་ཡོདཔ་ཨིན་པས།
བླམ་ཨྱོན་རྣམ་གྲོལ་གྱིས་ སླབ་མི་དང་འཁྲིལཝ་ད་ མི་ལོ་༢༠ ལྷགཔ་ཅིག་གི་ཧེ་མར་ ཟངས་མདོག་དཔལ་རི་ལྷ་ཁང་བཞེངས་ཏེ་ སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་གཏང་ནི་དང་ རྒྱལ་བློན་འབངས་༣ ལུ་ ཞབས་ཏོག་ཞུའི་དོན་ལུ་དམིགས་ཏེ་ དཀའཝ་སྦོམ་སྤྱད་པའི་གྲུབ་འབྲས་དེ་ ད་རེས་ འགོ་ཐོག་མཐོ་རིམ་ཤེས་ཚད་མཇུག་བསྡུ་སྟེ་ འགྱོ་ཚུགས་ནི་དེ་གིས་ བསམ་པ་རྫོགས་ཡི་ཟེར་ཨིན་པས།
ད་ལས་ཕར་ བླམ་ཨྱོན་རྣམ་གྲོལ་མཆོག་གིས་ བསྟན་པ་དང་སེམས་ཅན་གྱི་དོན་ལུ་ འཛིན་སྐྱོང་སྤེལ་༣ གནང་ཡོད་མི་ ས་གནས་སོ་སོའི་ ཆོས་སྡེ་ཁག་༡༡ གི་ སློབ་དཔོན་དང་ མཚམས་པ་ དེ་ལས་ བླ་ཚབ་ཚུ་གིས་ བླ་མའི་འགན་ཁུར་འབག་སྟེ་ ཕྱག་ཞུ་ནི་ལུ་ གྲོགས་རམ་འབད་དགོཔ་ཨིན་པས།
དུས་ཅི་ ཟངས་མདོག་དཔལ་རི་ལུ་སྦེ་ ཕུར་པ་གནམ་ལྕགས་སྤུ་གྲིའི་ སྒྲུབ་ཆེན་གནང་ཡོད་མི་དེ་ ཤར་ཕྱོགས་རྫོང་ཁག་ཚུ་གི་གྲས་ལས་ བསམ་གྲུབ་ལྗོངས་མཁར་ ལའུ་རི་རྒེད་འོག་དང་ གསེར་ཐིག་ དེ་ལས་ གླང་ཆེན་ཕུག་རྒེད་འོག་༣ དེ་ རྒྱ་འབྲུག་གཉིས་ཀྱི་ ས་མཚམས་ཁར་ གཞིས་ཆགས་ཡོད་ནི་དེ་གིས་ཨིན་ཟེར་ དྲུང་ཆེན་བསོད་ནམས་དབང་ཕྱུག་གིས་ སླབ་ཨིན་པས།

བླ་མ་ཨྱོན་རྒྱན་རྣམ་གྲོལ་གྱིས་ ཀུན་གསལ་ལུ་ སླབ་མི་དང་འཁྲིལཝ་ད་ བསྟན་པ་དང་སེམས་ཅན་དང་ མཐའ་ཟུར་གྱི་མི་སེར་ དེ་ལས་ རྒྱལ་ཁབ་ཀྱི་ སྐུ་རིམ་བཟུམ་སྦེ་ དུས་ཅི་ གནམ་ལྕགས་སྤུ་གྲིའི་སྒྲུབ་ཆེན་གནང་པའི་ཁར་ ཉིན་གྲངས་༣ གྱི་ ཚེས་བཅུའི་གར་འཆམ་གནང་ས་ལུ་ བློན་ཆེན་མཆོག་གིས་གཙོས་པའི་ ནང་སྲིད་བློན་པོ་དང་ ཆེ་མཐོའི་འགོ་དཔོན་ཚུ་གིས་ བྱོན་གནང་མི་དེ་ ག་ཅི་དེས་ སྐལ་བ་བཟང་ཡི་ཟེར་ཨིན་པས།
ལྷག་པར་དུ་ བཤད་གྲྭ་དེ་ནང་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་འགྱོ་མི་ཚུ་གིས་ ལོ་༣ གྱི་རིང་ ཆོས་སྡེ་ཁག་༡༡ གི་ སློབ་དཔོན་སྦེ་ཕྱག་ཞུ་ནི་དང་ གཡུས་སྒོ་ཚུ་གི་ མགོན་སྡེ་ཁག་ཚུ་ནང་ཡང་ སློབ་དཔོན་སྦེ་ སྡོད་པའི་ཤུལ་ལུ་ ཁོང་རའི་ ལྕོགས་གྲུབ་དང་བསྟུན་ མཁན་པོའི་ལེགས་དར་དང་ ལག་ཁྱེར་ཚུ་བྱིན་འོང་ཟེར་ བླ་མ་གིས་ གསུངསམ་ཨིན་པས།
སྤྱིར་བཏང་ རྒྱ་འབྲུག་གཉིས་ཀྱི་ས་མཚམས་ཁར་ རྒྱུན་མ་ཆད་པར་ ཞི་བདེ་དང་ དགའ་སྐྱིད་འབྱུང་ནི་དང་ རྒྱལ་ཁབ་ཀྱི་ བསྟན་སྲུང་གི་རིམ་གྲོ་བཟུམ་ཅིག་སྦེ་ སྤྱི་ཟླ་༡ པའི་ཚེས་༡༥ ལུ་ སྒྲུབ་ཆེན་གནང་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།        

No comments:

Post a Comment