གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཟའ་ཚང་༥༤༠ ཤོང་པའི་སྒྲིང་ཁྱིམ་ཚུ་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ།

༤/༢/༢༠༡༣   ༉ དབང་འདུས་ཕོ་བྲང་ དགའ་གསེང་ཚོ་འོགམ་རྒེད་འོག་ འཇིགས་མེད་ཐང་ཁ་ལུ་ རྐྱབ་པའི་བསྒང་ཡོད་མི་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་༡ པའི་ ལས་བྱེདཔ་ཚུ་གི་སྡོད་ཁྱིམ་དེ་ རྫོང་ཁག་དེ་ནང་ སྒྲིང་ཁྱིམ་ཚུ་གི་གྲས་ལས་ སྦོམ་ཤོས་ཅིག་ འོང་ནི་ཨིནམ་ད་ དེ་ཡང་ སྡོད་ཁྱིམ་ས་ཁོངས་དེ་ནང་ བཟའ་ཚང་༥༤༠ ཤོང་ནི་ཨིན་པས།
དུས་ཅི་ སྤྱི་ཟླ་༨ པའི་ནང་ལས་ ཧ་ལམ་ བཟོ་སྐྲུན་འབད་ཚར་ནི་ཨིན་པའི་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་༡ པའི་ སྡོད་ཁྱིམ་ས་ཁོངས།


སྡོད་ཁྱིམ་དེ་ ལས་འགུལ་༡ པའི་ ཆུ་བྱག་བཟོ་སྐྲུན་འབད་སའི་ལྟག་ལུ་ རྐྱབ་པའི་བསྒང་ཡོདཔ་ད་ ཐོག་ཚད་༣ དང་༤ འབད་མི་སྒྲིང་ཁྱིམ་ཚུ་ ལ་ལུ་ཅིག་ དུས་ཅི་ སྤྱི་ཟླ་༨ པའི་ནང་ལས་ གྲ་སྒྲིག་འགྱོ་འོང་ཟེར་ སྤུ་ན་གཙང་ཆུ་ལས་འགུལ་༡ པའི་ བཟོ་རིག་སྡེ་ཚན་གྱི་འགོ་དཔོན་ ཨ་མཱེན་ཌ་ར་ ཀུ་རཱམ་སིང་གིས་ སླབ་ཨིན་པས།
སྡོད་ཁྱིམ་བཟོ་སྐྲུན་གྱི་ལཱ་དེ་ ཁག་འབགཔ་༨ ཀྱིས་ ལཱ་ཁག་༨ དབྱེ་ཞིནམ་ལས་ འབད་དོ་ཡོདཔ་ད་ དབྱེ་རིམ་༡ པའི་ སྡོད་ཁྱིམ་ནང་ ལས་འགུལ་གྱི་ འཛིན་མདོ་ཆེན་གྱིས་གཙོས་པའི་ ཆེ་རིམ་འགོ་དཔོན་དང་ དབྱེ་རིམ་ཆུང་བའི་ ལས་བྱེདཔ་ཚུ་སྡོད་ནི་ད་ སྡོད་ཁྱིམ་དེ་ མ་དངུལ་ དངུལ་ཀྲམ་ས་ཡ་༡,༡༠༠ ལྷགཔ་ཅིག་གི་ཐོག་ལས་ རྐྱབ་པའི་བསྒང་ཡོདཔ་ཨིན་པས།
སྡོད་ཁྱིམ་དེ་ སང་ཕོད་ ལོ་ཕྱེད་ཁམས་ཅིག་ཁར་ བསྒྲུབ་པའི་བསྒང་ལས་ ད་རེས་ སྤུ་ན་ཁ་ ལོད་སྦིས་ས་དང་ དབང་འདུས་ བ་འཇོ་ཁྲོམ་ཁར་སྡོད་མི་ ལས་འགུལ་གྱི་ ལས་བྱེདཔ་ཚུ་ ཟླ་རིམ་གྱི་ཁང་གླ་ དངུལ་ཀྲམ་༥,༠༠༠ ལས་༨,༠༠༠ གི་བར་ན་ སྤྲོད་དེ་ སྡོད་མི་དགོ་ནི་ཨིན་པས།
སྡོད་ཁྱིམ་དང་གཅིག་ཁར་ ལས་འགུལ་གྱི་ ཡིག་ཚང་དང་ དངུལ་འབྲེལ་ཡིག་ཚང་ དེ་ལས་ འགོ་དཔོན་ཚུ་གི་ སྡོད་ཁྱིམ་ཚུ་ དངུལ་ཀྲམ་ས་ཡ་༡༦༠ ལྷག་ཅིག་གི་ཐོག་ལས་ བཟོ་སྐྲུན་འབད་ནི་ཨིན་རུང་ ད་ལྟོ་ ལཱ་འགོ་མ་བཙུགས་པར་ཡོདཔ་ཨིན་པས།
གཞན་ཡང་ ལྷ་ཁང་དང་ མི་སྡེ་སློབ་གྲྭ་ དེ་ལས་ ཉེན་སྲུང་གི་དོན་ལུ་ མེ་བསད་ཁང་མིག་དང་ ཁྲིམས་སྲུང་འགག་པའི་དམག་སྒར་ སྤྲོ་སྟོན་ཁང་ དེ་ལས་ ཨ་ལུ་རྩེདམོ་རྩེད་སའི་ ས་ཁོངས་ཚུ་ཡང་ གཞི་བཙུགས་འབད་ནི་ཨིན་རུང་ ལས་འགུལ་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ དེ་ཚུ་ག་ར་ སྡོད་ཁྱིམ་བསྒྲུབ་ཚར་བའི་ཤུལ་ལས་ བཟོ་སྐྲུན་འབད་ནི་ཟེར་ཨིན་པས།
སྡོད་ཁྱིམ་བཟོ་སྐྲུན་འབད་མི་ ཁག་འབགཔ་༨ ཀྱི་གྲས་ལས་ བཀྲིས་ཀུན་འཛོམས་བཟོ་སྐྲུན་ལས་སྡེའི་ ལས་འགུལ་འཛིན་སྐྱོང་པ་ ཝིས་ཝ་ག་ཏི་ མཱན་ཌིར་གྱིས་ སླབ་མིའི་ནང་ ཁོང་གིས་ སྒྲིང་ཁྱིམ་༡༥ ལེན་མི་ཚུ་གི་དོན་ལུ་ ད་ལྟོ་ ལཱ་བརྒྱ་ཆ་༦༥ དེ་ཅིག་ མཇུག་བསྡུ་ཡི་ཟེར་ཨིནམ་ད་ སྒྲིང་ཁྱིམ་བཟོ་སྐྲུན་གྱི་ལཱ་ཚུ་ དངུལ་ཀྲམ་ས་ཡ་༡༥༤ ལྷགཔ་ཅིག་སྦེ་ ལེན་ཡོདཔ་ཨིན་པས།
སྡོད་ཁྱིམ་བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ལཱ་གི་གྲུབ་འབྲས་ལུ་ལྟ་སྟེ་ ལོད་སྦིས་ས་དང་ བ་འཇོ་ཁྲོམ་ཁར་ ཁང་གླར་སྡོད་མི་ ལས་འགུལ་གྱི་ལས་བྱེདཔ་ཚུ་ སེམས་དགའ་སྟེ་ ཡོདཔ་ཨིན་པས།
ད་ལྟོ་བཟུམ་འབད་བ་ཅིན་ ས་གནས་དེ་ཚུའི་ནང་ སྒྲིང་ཁྱིམ་གྱི་ཇོ་བདག་ཚུ་གིས་ འཕྲལ་འཕྲལ་སྦེ་ར་ ཁང་གླ་ཡར་སེང་འབད་མི་ལུ་བརྟེན་ ལས་འགུལ་ནང་ ལཱ་འབད་མི་ཚུ་ དབུགས་འགམ་བཅུག་དོ་ཡོདཔ་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment