༢/༢/༢༠༡༣ ༉ ད་ལྟོ་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་ ཡུན་བརྟན་གོང་འཕེལ་གྱི་ ཞལ་འཛོམས་འཚོགས་པའི་བསྒང་ཡོད་མིའི་ཞོར་ཁར་ ཁ་ཙ་ འབྲུག་གིས་ ནོར་ཝེ་དང་ ཨེ་ཤི་ཡཱན་ གོང་འཕེལ་དངུལ་ཁང་ (ཨེ་ཌི་བི)དང་གཅིག་ཁར་ ནུས་ཤུགས་ནང་ མཉམ་འབྲེལ་གྱི་ འཆར་བཀོད་ཅིག་གུ་ མཚན་རྟགས་བཀོད་མི་དང་འཁྲིལ་ འབྲུག་རྒྱལ་ཁབ་འདི་ ཨེ་ཤི་ཡའི་ ལུང་ཕྱོགས་ནང་ ནུས་ཤུགས་དངོས་པོ་ཐོབ་སྤྱོད་ཡར་སེང་གི་ མཉམ་རོགས་འབད་མི་ རྒྱལ་ཁབ་དང་པ་ཨིན་པས།
གཟིགས་གནང་མི་ལུ་བཀའ་དྲིན་ཆེ།
༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་
ཡོངས་འབྲེལ་འཆར་སྒོ་འདི་ནང་
གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།
We update at the earliest possible for you!རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།
ཁྲིམས་དོན་འགོ་དཔོན་ ཨམ་སྲུ་ཅིག་ལུ་ ཉེས་ཁྲིམས་ཟླཝ་༢ བཀལ་ཡོདཔ།
༢/༢/༢༠༡༣ ༉ ཁྲིམས་དོན་འགོ་དཔོན་ ཨམ་སྲུ་ཅིག་གིས་ ཁྲིམས་དོན་འགོ་དཔོན་གཞན་ཅིག་གི་ ཨམ་སྲུ་ལུ་ བརྡབ་གསིག་རྐྱབ་མི་ལུ་བརྟེན་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༥ པ་གིས་ ཉེས་ཁྲིམས་ཟླཝ་༢ བཀལ་ཡོདཔ་ཨིན་པས།
རྒྱ་གར་གྱི་བརྡ་བརྒྱུད་དང་ ལྟ་བཤལ་ལག་ལེན་འཐབ་མི་ཚུ་ལུ་ གོམས་འདྲིས་སློབ་སྦྱོང་བྱིན་ནིའི་འཆར་གཞི།
༢/༢/༢༠༡༣ ༉ ལུང་ཕྱོགས་ ལྟ་བཤལཔ་གི་གྲས་ལས་ འབྲུག་རྒྱལ་ཁབ་ནང་འོང་མི་ མང་ཤོས་ར་ རྒྱ་གར་རྒྱལ་ཁབ་ནང་ལས་ཨིནམ་ལས་ དུས་ཅི་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ རྒྱ་གར་གྱི་ བརྡ་བརྒྱུད་ཚུ་དང་ ལྟ་བཤལ་ལག་ལེན་འཐབ་མི་ཚུ་ལུ་ གོམས་འདྲིས་ལྟ་བཤལ་ལས་རིམ་ཅིག་ འགོ་འདྲེན་འཐབ་ནིའི་ འཆར་གཞི་ཚུ་ཡོདཔ་ཨིན་པས།
མགྲོན་སྐྱོང་འཛིན་སྐྱོང་གི་ སྦྱོང་བརྡར་འབད་མི་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་སྦོམ་ཡོདཔ།
༢/༢/༢༠༡༣ ༉ འབྲུག་རྒྱལ་སྤྱི་མགྲོན་སྐྱོང་དང་ ལྟ་བཤལ་སྤེལ་ཁང་ནང་ གཙུག་ལག་འོག་མའི་ མཐོ་རིམ་ཤེས་ཚད་ཡོད་མི་ཚུ་གིས་ མགྱོནམོ་འཛིན་སྐྱོང་འཐབ་ནིའི་ནང་ སྦྱོང་བརྡར་འབད་དེ་ ལས་རིམ་མཇུག་མ་བསྡུཝ་ལས་ ལཱ་གཡོག་ཚུ་ འཐོབ་ཚུགས་དོ་ཡོདཔ་ཨིན་པས།
![]() |
| ལས་གཡོག་དྲུང་ཆེན་ པདྨ་དབང་གྲགས་ཀྱིས་ སྦྱོང་བརྡར་མཇུག་བསྡུ་མི་ཚུ་ལུ་ ལག་ཁྱེར་བྱིན་པའི་བསྒང་། |
ནང་པའི་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ ལག་ཁྱེར་གནང་ཡོདཔ།
༢/༢/༢༠༡༣༉ སྤྱི་ཟླ་༡ པའི་ཚེས་༢༧ ལུ་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ གླང་ཆེན་ཕུག་ འཇམ་པ་ཎི་བདུད་འཇོམས་ཆོས་འཁོར་དགོན་པའི་ བཤད་གྲྭ་ནང་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ ལག་ཁྱེར་ཚུ་ གནང་ཡོདཔ་ཨིན་པས།
![]() |
| བློན་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་མཆོག་དང་ འཇམ་པ་ཎི་བདུད་འཇོམས་ཆོས་འཁོར་དགོན་པའི་ བཤད་གྲྭའི་མཁན་པོ་དང་ དགེ་སློང་ཚུ། |
སྲོལ་ཁྱུན་བཟོ་བཀོད་ཚུ་ ཁུངས་ལྡན་བཞག་ནི་ལུ་ བཙོན་ཤུགས་བསྐྱེད་དགོཔ།
༢/༢/༢༠༡༣ ༉ ཁ་ཙ་ ཐིམ་ཕུ་ལུ་སྦེ་ འབྲུག་པའི་སྲོལ་ཁྱུན་གྱི་ བཟོ་བཀོད་ཚུ་ ཁུངས་དང་ལྡནམ་སྦེ་ བཞག་ཐབས་ཀྱི་སྐོར་ལས་ གྲོས་བསྟུན་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ ཧེ་མ་འབད་བ་ཅིན་ འབྲུག་ལུ་ རང་སོའི་ཁྱིམ་ནང་ མཆོད་བཤམ་ཚུ་ ཁག་ཆེཝ་སྦེ་ བརྩི་འཇོག་འབད་ཡོདཔ་ཨིན་རུང་ ད་རེས་ནངས་པ་ རང་སོ་སྡོད་སའི་ཁང་མིག་དང་ གསང་སྤྱོད་ཚུ་ ཁག་ཆེཝ་སྦེ་ བརྩིཝ་ཨིན་མས་ཟེར་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་དྲུང་ཆེན་ དྲགོས་ཤེས་རབ་རྒྱལ་མཚན་གྱིས་ སླབ་ཨིན་པས།
གནས་ཚུལ་མདོར་བསྡུས།
༡/༢/༢༠༡༣
![]() |
| དབང་འདུས་ཕོ་བྲང་རྫོང་ཁག་གི་ས་གནས་ ཕོབ་སྦྱིས་ཁ་ལུ་ ཨམ་དཔལམོ་གིས་ མོ་རའི་ ཚོད་ཞིང་ནང་ལས་ གནམ་དགུན་གྱི་ཚོད་བསྲེ་ གཡུང་རྡོག་ཚུ་ ར་འབལ་བའི་བསྒང་། |
དབང་ཚད་ལོག་སྤྱོད་ཐོག་ ས་ཆ་བགོ་བཀྲམ།
༡/༢/༢༠༡༣ ༉ ཁ་ཙ་ མོང་སྒར་རྫོང་ཁག་གི་ ཁྲིམས་འདུན་ལུ་ ནང་སྲིན་བློན་པོ་ མི་འགྱུར་རྡོ་རྗེ་གི་ བརྒལ་ལན་སྙན་གསན་ཐེངས་༣ པ་ མཛད་པའི་སྐབས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞུ་མིའི་ནང་ ཉེས་དོགས་པའི་ཧོངས་ལས་ དོན་ཁུངས་མེད་པའི་ ཡང་བསྐྱར་གྱི་ཞུ་བ་ཚུ་ ཕུལ་ནི་འདུག་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་འབད་བ་ཅིན་ དབང་ཚད་ཟེར་མི་དེ་ གཞུང་གིས་གནང་མི་ དབང་ཚད་ལུ་གོ་ནི་ཨིནམ་ལས་ དབང་ཚད་དེ་ ཁྲིམས་མཐུན་ལག་ལེན་མ་འཐབ་པར་ ལོག་སྤྱོད་འབད་བ་ཅིན་ གཞུང་གིས་གནང་མི་ དབང་ཚད་ལས་འགལཝ་ཨིན་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་འབད་བ་ཅིན་ དབང་ཚད་ཟེར་མི་དེ་ གཞུང་གིས་གནང་མི་ དབང་ཚད་ལུ་གོ་ནི་ཨིནམ་ལས་ དབང་ཚད་དེ་ ཁྲིམས་མཐུན་ལག་ལེན་མ་འཐབ་པར་ ལོག་སྤྱོད་འབད་བ་ཅིན་ གཞུང་གིས་གནང་མི་ དབང་ཚད་ལས་འགལཝ་ཨིན་ཟེར་ཨིན་པས།
སྣུམ་འཁོར་བདའ་སོང་མིའི་ འཁྲུན་ཆོད་ལུ་ བསྒྱུར་བཅོས་མེདཔ།
༡/༢/༢༠༡༣ ༉ གནང་བ་མེད་པར་ སྣུམ་འཁོར་བདའ་སོང་མི་ལུ་བརྟེན་ ཉེས་འཛུགས་ཅན་མགོན་པོ་ལུ་ ཐིམ་ཕུ་རྫོང་ཁག་ཁྲིམས་ཁྲི་༣ པ་ལས་ ཉེས་ཁྲིམས་ལོ་༡ དང་ཟླ་༣ བཀལ་ཡོད་མི་ལུ་ ཁ་ཙ་ ཆེ་མཐོ་ཁྲིམས་ཁྲི་༡ པ་ལས་ བསྒྱུར་བཅོས་མེད་པའི་འཁྲུན་ཆོད་གནང་ཡི།
ཕྱི་འབྲེལ་བློན་པོ་ལུ་ངོས་འཛིན་རྟཊ་མ།
༡/༢/༢༠༡༣ ༉ བང་ལ་དེཤ་རྒྱལ་ཁབ་ཀྱི་ རང་དབང་དམག་འཐབ་སྐབས་ ལྷན་ཐབས་འབད་ཡོད་པའི་ ངོས་འཛིན་རྟགས་མ་དེ་ ཁ་ཙ་ ཕྱི་འབྲེལ་ལྷན་ཁག་གི་ ཞལ་འཛོམས་ཁང་ནང་སྦེ་ བློན་པོ་ཨྱོན་ཚེ་རིང་ལུ་ ཕུལ་ཡོདཔ་ཨིན།
![]() |
| བང་ལ་དེཤ་གི་གཞུང་ཚབ་ ཨིམ་ཏི་ཡཱཛ་ ཨ་མེཌ་གིས་ ཕྱི་འབྲེལ་བློན་པོ་ ཨྱོན་ཚེ་རིང་ལུ་ ངོས་འཛིན་རྟགས་མ་ ཕུལ་བའི་བསྒང་། |
སྟོང་ཕུ་ཤིང་ཨེ་ཀར་༦,༠༠༠ ལྷགཔ་ཅིག་མེདཔ་བཏང་ཡོདཔ།
༡/༢/༢༠༡༣ ༉ དབང་འདུས་ཕོ་བྲང་ ཕོབ་སྦྱིས་རྒེད་འོག་གི་ ཀུན་དགའ་ཐང་གཡུས་ཚན་ནང་ ཉིན་གྲངས་༣ གྱི་རིང་ ནགས་ཚལ་མེ་རྐྱེན་ཤོར་མིའི་ནང་ སྟོང་ཕུ་ཤིང་གི་ས་ཆ་ ཨེ་ཀར་༦,༠༠༠ ལྷགཔ་ཅིག་འཚིགས་པའི་ཤུལ་ལས་ མེ་དེ་ ཁ་ཙ་ དྲོ་པའི་ཆུ་ཚོད་༩ དེ་ཅིག་ལུ་ བསད་ཚུགས་ཡོདཔ་ཨིན་པས།
![]() |
| ཁས་བླངས་པ་ཅིག་གིས་ ནགས་མེ་བསད་པའི་བསྒང་། |
ཁ་ཙ་ཚུན་ ནགས་ཚལ་ཨེ་ཀར་༢༥ དེ་ཅིག་ མེ་གིས་འཚིགས་ཡོདཔ།
༡/༢/༢༠༡༣ ༉ སྤྱི་ཟླ་༡ པའི་ ཚེས་༢༨ ལས་ འགོ་བཙུགས་ བུམ་ཐང་ཐར་པ་གླིང་དགོན་པའི་ ས་ཁོངས་ནང་ལས་ ནགས་ཚལ་མེ་རྐྱེན་ཤོར་མི་དེ་ ཁ་ཙ་ བསད་ཚུགས་ཡོདཔ་ཨིན་པས།
བུམ་ཐང་གི་ ལུང་ཕྱོགས་ནགས་ཚལ་ལས་ཁུངས་ཀྱི་ ནགས་ཚལ་གཙོ་འཛིན་འགོ་དཔོན་ དོན་གྲུབ་ཚེ་རིང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ནགས་ཚལ་མེ་རྐྱེན་དེ་ ཐར་པ་གླིང་དགོན་པའི་ ལྟག་ལུ་ཡོད་མི་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ སྐུ་འདྲ་ཡོད་སའི་ ཉེ་འདབས་ལས་ འབར་ནུག་ཟེར་ཨིནམ་ད་ དེ་ཡང་ སྐུ་འདྲ་མཇལ་བར་འགྱོ་མི་ཚུ་གིས་ སྤོས་བཏེགས་བཞག་མི་ལས་ བྱུང་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།
བུམ་ཐང་གི་ ལུང་ཕྱོགས་ནགས་ཚལ་ལས་ཁུངས་ཀྱི་ ནགས་ཚལ་གཙོ་འཛིན་འགོ་དཔོན་ དོན་གྲུབ་ཚེ་རིང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ནགས་ཚལ་མེ་རྐྱེན་དེ་ ཐར་པ་གླིང་དགོན་པའི་ ལྟག་ལུ་ཡོད་མི་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ སྐུ་འདྲ་ཡོད་སའི་ ཉེ་འདབས་ལས་ འབར་ནུག་ཟེར་ཨིནམ་ད་ དེ་ཡང་ སྐུ་འདྲ་མཇལ་བར་འགྱོ་མི་ཚུ་གིས་ སྤོས་བཏེགས་བཞག་མི་ལས་ བྱུང་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།
![]() |
| ཐར་པ་གླིང་དགོན་པའི་ ས་ཁོངས་ནང་ལས་ ནགས་ཚལ་མེ་རྐྱེན་ཤོར་བའི་བསྒང་། |
གནས་ཚུལ་མདོར་བསྡུས།
༡/༢/༢༠༡༣
ཨེ་ཊི་ཨེམ་ཀཱཌ་ ཐོགས་ལུས་མི་ལུ་བརྟེན་ འཕྲུལ་ཆས་བཅག་དཀྲུམ་བཏང་ཡོདཔ།
༡/༢/༢༠༡༣ ༉ ཁ་ཙ་ དྲོ་པའི་ཆུ་ཚོད་༡:༤༥ དེ་ཅིག་ཁར་ ཕོ་སྐྱེས་ཅིག་གིས་ ཐིམ་ཕུ་ཁྲོམ་གྱི་སྦུག་ལུ་ འབྲུག་གི་དངུལ་ཁང་རྙིངམ་གི་ སྒོ་ར་ལུ་ཡོད་པའི་ དངུལ་བཏོན་འཕྲུལ་ཆས་ ཨེ་ཊི་ཨེམ་ཅིག་ བཅག་དཀྲུམ་བཏང་ཡོདཔ་ཨིན་པས།
![]() |
| བཅག་དཀྲུམ་བཏང་མི་ ཨེ་ཊི་ཨེམ་འཕྲུལ་ཆས། |
རང་ལུགས་ཀྱི་ མདའ་གཞུ་མཁོ་མངགས་འབད་མི་ ཡར་འཕར་སོང་ཡོདཔ།
༡/༢/༢༠༡༣ ༉ རྒྱལ་ཁབ་ནང་ ད་རེས་ནངས་པ་ རང་ལུགས་ཀྱི་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་མི་ ཡར་འཕར་འགྱོཝ་དང་འབྲེལ་ མདའ་གཞུ་མཁོ་མངགས་འབད་མི་ཡང་ ལེ་ཤ་གིས་ ཡར་སེང་སོང་ཡོདཔ་ཨིན་རུང་ མདའ་དང་ གཞུ་བཟོ་ནི་དེ་ དོ་འགྲན་ཅན་ཅིག་ཨིན་པས།
![]() |
| ཀརྨ་དབང་གྲགས་ཀྱིས་ མདའ་ཕྲང་པའི་བསྒང་། |
རྒྱ་གར་ལུ་ དགེ་སློང་༡ ལུ་ ཤི་རྐྱེན་དང་ གཞན་༦ ལུ་རྨ་སྐྱོན།
༡/༢/༢༠༡༣ གནོད་སྐྱོན་བྱུང་མི་ཚུ་གི་གྲས་ལས་༢ ཨ་ལུ་ཨིནཔས།
༉ ཁ་ཙ་ཉིན་མར་ འབྲུག་གི་སྣུམ་འཁོར་མ་རུ་ཏི་བེན་ཅིག་ རྒྱ་གར་ཨ་སམ་གྱི་ཁྲོམ་སྡེ་ བོང་གའི་གཱོན་ལུ་ ཐུག་རྐྱེན་བྱུངམ་ལས་ སྐྱེས་ལོ་༢༨ ལང་མི་ དགེ་སློང་ཅིག་ ཁ་འཐུམ་མར་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ལམ་འགྲུལཔ་གཞན་༦ ལུ་ རྨ་སྐྱོན་ཚབས་ཆེན་བྱུང་ཡོདཔ་ཨིན་པས།
༉ ཁ་ཙ་ཉིན་མར་ འབྲུག་གི་སྣུམ་འཁོར་མ་རུ་ཏི་བེན་ཅིག་ རྒྱ་གར་ཨ་སམ་གྱི་ཁྲོམ་སྡེ་ བོང་གའི་གཱོན་ལུ་ ཐུག་རྐྱེན་བྱུངམ་ལས་ སྐྱེས་ལོ་༢༨ ལང་མི་ དགེ་སློང་ཅིག་ ཁ་འཐུམ་མར་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ལམ་འགྲུལཔ་གཞན་༦ ལུ་ རྨ་སྐྱོན་ཚབས་ཆེན་བྱུང་ཡོདཔ་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་དམིགས་དོན་གཙོ་བོ་ ན་གཞོན་ལཱ་གཡོག་མེད་མི་ཚུ་ལུ་ཨིནམ།
༡/༢/༢༠༡༣ ༉ འབྲུག་སྤྱིར་དབང་ཚོགས་པའི་ དམིགས་དོན་འགྲུབ་ནི་ལུ་ གལ་གནད་ཅན་གྱི་རྩ་དོན་༢༥ ཡོད་མིའི་གྲས་ལས་ གཅིག་ མ་འོངས་རྒྱལ་ཁབ་ སྒྲིང་སྒྲིང་བཟོ་ཐབས་ལུ་ ན་གཞོན་ཚུ་ ཁག་ཆེ་ཤོས་ཅིག་སྦེ་ ཡོད་ནི་དེ་གིས་ ན་གཞོན་ལུ་ དབང་ཆ་བྱིན་ནི་དེ་ཨིན་ཟེར་ ཁ་ཙ་ བརྡ་བརྒྱུད་ཀྱི་ཞལ་འཛོམས་ཐེངས་༣ པ་ འགོ་འདྲེན་འཐབ་པའི་སྐབས་ལུ་ བཤདཔ་ཨིན་པས།
![]() |
| གཙོ་འཛིན་ལི་ལི་དབང་ཕྱུད་དང་ ན་གཞོན་ཚུ། |
Subscribe to:
Posts (Atom)









