གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་གྱི་ ཁྲིམས་འདུན་ལུ་སྦེ་ སྙན་གསན་མཇུག་བསྡུ་ནི་ཨིནམ།

༤/༡༢/༢༠༡༢   ཁོང་ཆ་ཁྱབ་ འབྲུག་གི་ས་མཚམས་ཕྱི་ལས་ འཛིན་བཟུང་འབད་མི་ལུ་བརྟེན་ འབྲུག་གི་ཁྲིམས་སྲུང་འགག་པ་གིས་ འབྲེལ་གཏོགས་འབད་ཐབས་མིན་འདུག་ཟེར་ཨིན་པས།
༉ འབྲུག་ས་སྣུམ་ལས་འཛིན་གྱི་ ལས་བྱེདཔ་༢ དང་ བཀྲ་ཤིས་སྒང་ལས་ཨིན་མི་ དེད་གཡོགཔ་ཅིག་གི་ སྙན་གསན་དེ་ ད་རིས་ རྒྱ་གར་གྱི་ ཁྲིམས་འདུན་ལུ་སྦེ་ མཇུག་བསྡུ་སྟེ་ ཁོང་༣ ཆ་ར་ གཏང་ནི་ཨིན་པས།


ཁོང་༣ གྱིས་ ངང་ལམ་ས་མཚམས་སྒོ་ར་ལས་ ཀི་ལོ་མི་ཊར་༡༠ དེ་ཅིག་གི་ས་ཁར་ རྒྱ་གར་དའུ་དར་ཁྲོམ་ཁར་ རུ་པི་རྫུས་མ་༣,༠༠༠ ལག་ལེན་འཐབ་མི་ལུ་བརྟེན་ སྤྱི་ཟླ་༡༡ པའི་ཚེས་༡༩ ལུ་ རྒྱ་གར་ཨ་སམ་གྱི་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ནུག།
སྐྱེས་ལོ་༢༠ ཉེར་གྲངས་ནང་ཨིན་མི་ ངང་ལམ་ས་སྣུམ་བཀྲམ་སྤེལ་ཁང་གི་ ལས་བྱེདཔ་༢ དང་ སྣུམ་འཁོར་ཊཱག་གི་ དེད་གཡོགཔ་དེ་ ངང་ལམ་ལུ་སྡོད་མི་ཚུ་ ཉོ་ཚོང་རྐྱབ་སའི་ ཉེ་འདབས་ཁྲོམ་ དའུ་དར་ལུ་ ཉོ་ཚོང་རྐྱབ་པར་ སོང་ཡོདཔ་ཨིན་པས།
ངང་ལམ་འབྲུག་ས་སྣུམ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྒྱ་གར་གྱི་ཏི་རུ་ རྫུས་མ་ཚུ་ འཕྲལ་ཁམས་གསར་བཙུགས་འབད་མི་ ངང་ལམ་ས་སྣུམ་བཀྲམ་སྤེལ་ཁང་ནང་ སྤྱི་ཟླ་༡༡ པའི་ཚེས་༡༨ ལུ་ སྣུམ་འཁོར་ནང་ མར་ཁུ་བླུགས་པར་འོང་མི་ རྒྱ་གར་གྱི་ དེད་གཡོགཔ་ཚུ་ལས་ ལེན་ལེནམ་ཨིན་ཟེར་ཨིན་པས།
དེ་གི་ནངས་པ་ ཁོང་ཆ་ཁྱབ་ཀྱིས་ རྒྱ་གར་གྱི་ དེད་གཡོགཔ་ཚུ་ལས་ལེན་མི་ རུ་པི་ཚུ་འབག་སྟེ་ རྒྱ་གར་གྱི་ཁྲོམ་ཁར་ རྒྱགས་སྐལ་ཚུ་ ཉོ་བར་སོང་ཡོདཔ་ད་ ཁོང་གིས་ རུ་པི་ཚུ་ རྫུས་མ་ཨིནམ་མ་ཤེས་པའི་ཁར་ འཛིན་བཟུང་འབད་འོང་མནོ་བའི་ མནོ་བསམ་ཡང་མེད་ཟེར་ འབྲུག་ས་སྣུམ་ལས་འཛིན་གྱི་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
ད་རུང་ ཁོ་གིས་སླབ་མིའི་ནང་ ཉིནམ་དེ་ལུ་ རྒྱ་གར་གྱི་སྣུམ་འཁོར་༩༦ དེ་ཅིག་ མར་ཁུ་བླུགས་པར་འོང་ཡོདཔ་ད་ རུ་པི་རྫུས་མ་བྱིན་མི་ ག་ཨིན་ན་ ཤེས་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིན་པས།
ངང་ལམ་ལུ་ འབྲུག་དང་ རྒྱ་གར་མཐུན་འབྲེལ་ཚོགས་པའི་ ཁྲི་འཛིན་གསརཔ་ ཉི་ཟླ་གིས་ སླབ་མིའི་ནང་ ཁོང་གི་ཧོང་ལས་ རྒྱ་གར་གྱི་ ཁྲིམས་སྲུང་འགག་པ་ལུ་ ངག་ཐོག་ཞུ་བ་ ག་དེམ་ཅིག་འབད་ནིའི་ དཔའ་བཅམ་ཡོད་རུང་ དེ་བསྒང་ལས་ ཁྲིམས་ཁང་ནང་ བསྐྱལ་ཚར་ནུག་ཟེར་ཨིན་པས།
ཁོང་ལུ་ ཁྲིམས་ཁང་གི་རྩོད་བཤེར་དེ་ ཉིན་གྲངས་༡༤ འི་ནང་ མཇུག་བསྡུ་ཞིནམ་ལས་ གཏང་ནི་ཟེར་ སླབ་ཡོདཔ་ད་ དེ་མེན་པ་ཅིན་ རྒྱ་གར་གྱི་ གཞུང་ཚབ་ཡིག་ཚང་ལས་ གྲོགས་རམ་གྱི་ཞུ་ཡིག་ བཙུགས་ནི་ཟེར་ ངང་ལམ་འབྲུག་ས་སྣུམ་ལས་འཛིན་གྱི་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ ཁོང་གིས་ རྒྱ་གར་གྱི་ འགོ་དཔོན་ཚུ་དང་གཅིག་ཁར་ ཕྱད་ཡོད་རུང་ ཕོ་སྐྱེས་༣ ཆ་ར་ འབྲུག་གི་ས་མཚམས་ཕྱི་ལས་ འཛིན་བཟུང་འབད་ནི་དེ་གིས་ འབྲུག་གི་ཁྲིམས་སྲུང་འགག་པ་གིས་ འབྲེལ་གཏོགས་འབད་མི་ཆོག་པས་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment