གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དཔེ་མཛོད་ཀྱི་མཐུན་རྐྱེན་ཚུ་ ཆ་མཉམ་གྱིས་ སྤྱོད་ཚུགསཔ་བཟོ་ནི།

༥/༡༢/༢༠༡༢    ༉ བུམ་ཐང་ལུ་ དཔེ་མཛོད་ལས་རིམ་ འགོ་འདྲེན་འཐབ་མི་ ཨོ་རྒྱན་དབང་ཕྱུག་མཐའ་འཁོར་དང་ཉམས་སྲུང་སྤེལ་ཁང་གི་དཔེ་གཉེར་ བསོད་ནམས་དབང་འདུས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ལས་རིམ་དེ་ གཙོ་བོ་ར་ དཔེ་གཉེར་ཚུ་གི་ནང་འཁོད་ལུ་ འབྲེལ་བ་བཟོ་སྟེ་ གཙུག་སྡེ་ཁག་ཚུ་ནང་གི་ དཔེ་མཛོད་ཀྱི་མཐུན་རྐྱེན་ཚུ་ ག་ར་གིས་ སྤྱོད་ཚུགསཔ་བཟོ་ནི་གི་དོན་ལུ་ཨིན་པས།
དཔེ་མཛོད་ཀྱི་མཐུན་རྐྱེན་ཚུ་ ཡོངས་འབྲེལ་ཅིག་ནང་ལས་ འཐོབ་ཚུགསཔ་བཟོ་ནིའི་དོན་ལུ་ དཔེ་གཉེར་པ་ཚུ་ གྲོས་བསྡུར་འབད་བའི་བསྒང་།


ཁོ་གིས་ ལས་རིམ་དེ་གིས་ གཙུག་སྡེ་ཁག་ཚུ་ནང་ དཔེ་མཛོད་ཀྱི་ མཐུན་རྐྱེན་ལངམ་སྦེ་ མེད་པའི་དཀའ་ངལ་བསལ་ཚུགས་ཟེར་ཨིནམ་ད་ མཐུན་རྐྱེན་ཚུ་ཡང་ གློག་རིག་ཡོངས་འབྲེལ་ཐོག་ལས་ སྤྱོད་ཚུགསཔ་བཟོ་ནི་གི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཁོ་གིས་ སློབ་གྲྭ་ཁག་ནང་ཡོད་མི་ འབྲུག་པའི་དཔེ་གཉེར་ཚུ་གི་ ལྕོགས་གྲུབ་ཡར་སྐྱེད་གཏང་ནིའི་དོན་ལུ་ དེ་བཟུམ་མའི་ལས་རིམ་ཚུ་ འགོ་འདྲེན་འཐབ་སྟེ་མེད་པའི་ཁར་ དཔེ་གཉེར་ཚུ་ཡང་ དཔེ་མཛོད་ཀྱི་ བདག་འཛིན་འབད་མི་བཟུམ་སྦེ་ བཞག་སྟེ་འདུག་ཟེར་ཨིན་པས།
ཁ་ཙ་ ལས་རིམ་མཇུག་བསྡུ་མི་དང་འབྲེལ་ བསོད་ནམས་དབང་འདུས་ཀྱིས་ མ་འོངས་པའི་དོན་ལུ་ དེ་བཟུམ་མའི་ལས་རིམ་ འགོ་འདྲེན་འཐབ་ནི་གི་དོན་ལུ་ ཐབས་ཤེས་ག་བཟུམ་བཏོན་པ་ཅིན་ དྲག་ག་ཟེར་ གྲོས་བསྟུན་འབད་བའི་སྐབས་ མ་དངུལ་གྱི་དཀའ་ངལ་ཡོདཔ་ལས་ གཙུག་སྡེ་ག་གིས་ཡང་ ཁས་མ་ལེནམ་ལས་ འགོ་འདྲེན་འཐབ་མི་ཁོ་ར་གིས་ མ་དངུལ་གྱི་གྲོགས་རམ་འཚོལ་ནི་སྦེ་ ཁས་བླངས་འབད་ཡི།
ལས་རིམ་དེ་ནང་ དཔེ་མཛོད་ཀྱི་མཐུན་རྐྱེན་ཚུ་ ཡོངས་འབྲེལ་ཅིག་ནང་ལས་ འཐོབ་ཚུགསཔ་བཟོ་ནི་གི་དོན་ལུ་ ཐབས་ཤེས་ཀྱི་སྐོར་ལས་ གྲོས་བསྟུན་འབདཝ་ད་ བཅའ་མར་གཏོགས་མི་ཚུ་གིས་ གཙུག་སྡེ་ལ་ལུ་གིས་ སྲིད་བྱུས་དང་འབྲེལ་བའི་གནས་ཚུལ་ཚུ་ གསང་བཞག་ཐབས་ལུ་ མཐུན་རྐྱེན་ཚུ་ སྤྱོད་མ་ཚུགསཔ་སྦེ་ བཞག་ནི་འདུག་ཟེར་ཨིན་པས།
མ་འོངས་པའི་ནང་ དེ་བཟུམ་མའི་ ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་གི་དོན་ལུ་ མ་དངུལ་མེདཔ་ལས་ བཅའ་མར་གཏོགས་མི་ལ་ལུ་གིས་ ལས་རིམ་ནང་བཅའ་མར་གཏོགས་མི་ཚུ་ལས་ འཐུས་དུམ་གྲ་རེ་ བསྡུ་དགོ་པའི་ བསམ་འཆར་ཚུ་ཡང་བཀོད་ཅི།
ལས་རིམ་ནང་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་གི་འོག་ལུ་ཡོད་མི་ གཙུག་སྡེ་ཚུ་གི་ དཔེ་གཉེར་ཚུ་གིས་ བཅའ་མར་གཏོགས་ནི་གི་ དམིགས་གཏད་བསྐྱེད་ཡོད་རུང་ ཁོང་༩ གིས་རྐྱངམ་གཅིག་ བཅའ་མར་གཏོགས་ཡོདཔ་ད་ ལས་རིམ་དེ་ ཁ་ཙ་ མཇུག་བསྡུ་ཡོད་པའི་གནས་ཚུལ།


 
བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment