གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་པོ་སྐྱོན་ཅན་ཚུ་ལུ་ ཤེས་ཡོན་སློབ་སྟོན་གྱི་ ཐབས་ལམ་བཏོན་དགོཔ།

༦/༡༢/༢༠༡༢  ༉ རྒྱལ་ཁབ་ནང་ དབང་པོ་སྐྱོན་ཅན་གྱི་གྱངས་ཁ་ ལེ་ཤ་ཡོད་མི་དང་བསྟུན་ གཞུང་གིས་ཡང་ ཤེས་ཡོན་དང་ ལག་རྩལ་སྦྱོང་བརྡར་གྱི་མཐུན་རྐྱེན་ཚུ་ ལེ་ཤ་ཅིག་ར་ གཞི་བཙུགས་འབད་དེ་ཡོདཔ་ ཨིན་རུང་ ཤེས་ཡོན་ཅན་དང་ ཁྱད་རིག་ཅན་གྱི་ སློབ་སྟོན་པ་ཚུ་དཀོན་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
སྤ་རོ་འབྲུག་རྒྱལ་གྱི་ སློབ་ཕྲུག་ཨ་ལུ་ བྱ་རྡུགས་ཚུ།


དེ་ཡང་ ད་རེས་ནངས་པ་ སྤ་རོ་ལུ་ཡོད་པའི་ འབྲུག་རྒྱལ་སློབ་གྲྭ་ནང་ རྣམ་ཅོག་མ་གོ་མི་ བྱ་རྡུགས་ཚུ་གི་དོན་ལུ་ ཤེས་ཡོན་ཚུ་ བྱིན་དོ་ཡོདཔ་མ་ཚད་ ཐིམ་ཕུ་ལྕང་སྒང་ཁ་ འབྲིང་རིམ་སློབ་གྲྭ་བར་མའི་ནང་ཡང་ དབང་པོ་ལུ་ཐོ་ཕོག་མི་ཨ་ལུ་ཚུ་ལུ་ ཤེས་ཡོན་ཚུ་ བྱིན་དོ་ཡོདཔ་ཨིན་རུང་ དབང་པོ་སྐྱོན་ཅན་ཚུ་གི་ དགོས་མཁོ་དང་བསྟུན་པའི་ ཁྱད་རིག་སྒོ་ལས་ གོ་བརྡ་སྤྲོད་མ་ཚུགས་པའི་ དཀའ་ངལ་ཚུ་ བྱུང་དོ་ཡོདཔ་ཨིན་པས།
ཐིམ་ཕུ་ལྕང་སྒང་ཁ་ འབྲིང་རིམ་སློབ་གྲྭ་བར་མའི་ སློབ་དཔོན་པདྨ་ཆོས་སྒྲོན་གྱིས་ ད་རེས་ཁམས་ ཐིམ་ཕུ་ལུ་སྦེ་འཚོགས་མི་ ཞལ་འཛོམས་ཅིག་ནང་ གསལ་བཤད་འབད་མི་དང་འཁྲིལཝ་ད་ སློབ་གྲྭ་དེ་ནང་ སློབ་སྟོན་འབད་མི་ སློབ་དཔོན་ཚུ་གིས་ དབང་པོ་ལུ་ ཐོ་ཕོག་མི་སློབ་ཕྲུག་ཚུ་ལུ་ དཔེ་ཆ་ཚུ་ བཏོན་དགོཔ་ཨིན་རུང་ སྦྱོང་བརྡར་འབད་མི་ ག་ཡང་མེད་ཟེར་ སླབ་ཨིན་པས།
མོ་གིས་འབད་བ་ཅིན་ ད་རེས་ནངས་པ་ ཁོང་ཆ་ཁྱབ་ཀྱིས་ ཁོང་རའི་ ཉམས་མྱོང་གི་ཐོག་ལས་ སློབ་སྟོན་འབད་དོ་ཡོདཔ་ད་ རེས་ཅིག་སྐབས་ སློབ་ཕྲུག་ཚུ་གི་ དགོས་མཁོ་དང་འཁྲིལ་ བརྡ་སྤྲོད་འབད་མ་ཚུགས་པའི་སྐབས་ ཨ་ལུ་ཚུ་ དབུགས་འགམ་མ་ཚད་ རྩིགཔ་ཡང་བཟའ་ནི་ འདུག་ཟེར་ཨིན་པས།
གལ་སྲིད་ སློབ་དཔོན་ཚུ་ལུ་ ཤེས་ཡོན་དང་ སྦྱོང་བརྡར་ཡོད་པ་ཅིན་ དབང་པོ་ལུ་ཐོ་ཕོག་མི་ཨ་ལུ་ཚུ་ དབང་པོ་ལུ་ སྐྱོན་ག་ཅི་བཟུམ་བྱུང་སྟེ་ཡོདཔ་ཨིན་ན་ཚུ་དང་འཁྲིལ་ བརྡ་དོན་སྤྲོད་ཐབས་ མ་འདྲཝ་ཚུ་གི་སྒོ་ལས་ འབྲེལ་བ་འཐབ་དགོཔ་ཨིན་མས་ཟེར་ དབང་པོ་སྐྱོན་ཅན་ཚུ་ལུ་ སློབ་སྟོན་འབད་མི་ སློབ་དཔོན་ཅིག་གིས་ སླབ་ཨིན་པས།
ཤེས་རིག་ལྷན་ཁག་འོག་ལུ་ཡོད་པའི་ དམིགས་བསལ་ཤེས་རིག་སྡེ་ཚན་གྱི་ ལས་རིམ་འགོ་དཔོན་གཙོ་འཛིན་ ཀུན་ལེགས་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་ དབང་པོ་ལུ་ ཐོ་ཕོག་མི་ཨ་ལུ་ཚུ་ ཤེས་ཡོན་སྦྱང་སའི་ སློབ་སྦྱོང་སྤེལ་ཁང་དང་ སློབ་གྲྭ་༨ དེ་ཅིག་ཡོདཔ་ད་ ད་རེས་ དེ་ཚུ་ནང་ཡོད་པའི་ སློབ་དཔོན་ཚུ་ལུ་ དུས་ཐུང་གི་ སློབ་སྦྱོང་གོ་སྐབས་ཚུ་ བྱིན་དོ་ཡོདཔ་ལས་ གཞི་རྟེན་གྱི་ སློབ་སྦྱོང་འབད་མི་ གངམ་མེད་ཟེར་ཨིན་པས།
ཨིན་རུང་ རྒྱལ་ཁབ་ནང་ དམིགས་བསལ་ཤེས་ཡོན་ལམ་ལུགས་དེ་ ཁག་ཆེ་དྲགས་ཅིག་སྦེ་ར་ མཐོང་ཡོདཔ་ལས་ དམིགས་བསལ་ཤེས་ཡོན་སྲིད་བྱུས་ཚུ་ཡང་ ཟིན་བྲིས་བཏབ་སྟེ་ ཡོདཔ་མ་ཚད་ འཆར་གཞི་༡༡ པ་ལས་ འགོ་བཙུགས་ཏེ་ གོང་འཕེལ་གཏང་ཐབས་ཀྱི་ལཱ་ཚུ་ འབད་ནི་ཨིན་ཟེར་ ཁོ་གིས་སླབ་ཨིན་པས།
ཞལ་འཛོམས་ཀྱི་སྐབས་ གསལ་བཤད་པ་སྦེ་འོང་མི་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་མ་དངུལ་གྱི་ ལས་རིམ་འགོ་དཔོན་ བི་བི་ མིཤ་ར་གིས་འབད་བ་ཅིན་ ཁོང་གིས་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་དང་གཅིག་ཁར་ གྲོས་བསྟུན་འབད་ཞིནམ་ལས་ སང་ཕོད་ལས་འགོ་བཙུགས་ཏེ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ དམིགས་བསལ་ཤེས་ཡོན་སློབ་སྟོན་འབད་ཐངས་ཀྱི་ ཆོས་ཚན་ཅིག་ཡང་ འགོ་བཙུགས་ནི་གི་ ཁ་འཆམ་སྟེ་ཡོདཔ་ལས་ ལེགས་ཤོམ་སོང་ཡི་ཟེར་ སླབ་པའི་གནས་ཚུལ།་གཉེར་ཚུ་ཡང་ དཔེ་མཛོད་ཀྱི་ བདག་འཛིན་འབད་མི་བཟུམ་སྦེ་ བཞག་སྟེ་འདུག་ཟེར་ཨིན་པས།
ཁ་ཙ་ ལས་རིམ་མཇུག་བསྡུ་མི་དང་འབྲེལ་ བསོད་ནམས་དབང་འདུས་ཀྱིས་ མ་འོངས་པའི་དོན་ལུ་ དེ་བཟུམ་མའི་ལས་རིམ་ འགོ་འདྲེན་འཐབ་ནི་གི་དོན་ལུ་ ཐབས་ཤེས་ག་བཟུམ་བཏོན་པ་ཅིན་ དྲག་ག་ཟེར་ གྲོས་བསྟུན་འབད་བའི་སྐབས་ མ་དངུལ་གྱི་དཀའ་ངལ་ཡོདཔ་ལས་ གཙུག་སྡེ་ག་གིས་ཡང་ ཁས་མ་ལེནམ་ལས་ འགོ་འདྲེན་འཐབ་མི་ཁོ་ར་གིས་ མ་དངུལ་གྱི་གྲོགས་རམ་འཚོལ་ནི་སྦེ་ ཁས་བླངས་འབད་ཡི།
ལས་རིམ་དེ་ནང་ དཔེ་མཛོད་ཀྱི་མཐུན་རྐྱེན་ཚུ་ ཡོངས་འབྲེལ་ཅིག་ནང་ལས་ འཐོབ་ཚུགསཔ་བཟོ་ནི་གི་དོན་ལུ་ ཐབས་ཤེས་ཀྱི་སྐོར་ལས་ གྲོས་བསྟུན་འབདཝ་ད་ བཅའ་མར་གཏོགས་མི་ཚུ་གིས་ གཙུག་སྡེ་ལ་ལུ་གིས་ སྲིད་བྱུས་དང་འབྲེལ་བའི་གནས་ཚུལ་ཚུ་ གསང་བཞག་ཐབས་ལུ་ མཐུན་རྐྱེན་ཚུ་ སྤྱོད་མ་ཚུགསཔ་སྦེ་ བཞག་ནི་འདུག་ཟེར་ཨིན་པས།
མ་འོངས་པའི་ནང་ དེ་བཟུམ་མའི་ ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་གི་དོན་ལུ་ མ་དངུལ་མེདཔ་ལས་ བཅའ་མར་གཏོགས་མི་ལ་ལུ་གིས་ ལས་རིམ་ནང་བཅའ་མར་གཏོགས་མི་ཚུ་ལས་ འཐུས་དུམ་གྲ་རེ་ བསྡུ་དགོ་པའི་ བསམ་འཆར་ཚུ་ཡང་བཀོད་ཅི།
ལས་རིམ་ནང་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་གི་འོག་ལུ་ཡོད་མི་ གཙུག་སྡེ་ཚུ་གི་ དཔེ་གཉེར་ཚུ་གིས་ བཅའ་མར་གཏོགས་ནི་གི་ དམིགས་གཏད་བསྐྱེད་ཡོད་རུང་ ཁོང་༩ གིས་རྐྱངམ་གཅིག་ བཅའ་མར་གཏོགས་ཡོདཔ་ད་ ལས་རིམ་དེ་ ཁ་ཙ་ མཇུག་བསྡུ་ཡོད་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment