གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཁྲོམ་གྱི་ ས་ཆ་བསྐྱར་འཇལ་གྱི་ལཱ་ བརྒྱ་ཆ་༧༥ དེ་ཅིག་ མཇུག་བསྡུ་ཡོདཔ།

༧/༡༢/༢༠༡༢   ༉ ད་རེས་ནངས་པ་ ཐིམ་ཕུ་ཁྲོམ་གྱི་ས་ཁོངས་ནང་ རྒྱལ་ཡོངས་ས་ཆ་བསྐྱར་འཇལ་གྱི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་བཞིན་དུ་ ད་ལྟོ་ཚུན་ ལུང་བསྟན་ཕུག་དང་ བར་སྦིས་ས་ དེ་ལས་ སེམས་རྟོགས་ཁ་ ས་གནས་གོང་འཕེལ་འཆར་ཞིའི་ ས་ཁོངས་ཚུ་ནང་ ས་ཆ་བསྐྱར་འཇལ་གྱི་ལཱ་ཚུ་ མཇུག་བསྡུ་སྟེ་ སྙན་ཞུ་ཚུ་ཡང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལུ་ ཕུལ་ཡོདཔ་ཨིན་པས།
ས་འཇལ་པ་གིས་ ཐིམ་ཁྲོམ་གྱི་ས་ཆ་འཇལ་བའི་བསྒང་།


དེ་མ་ཚད་ ཁྲོམ་སྡེ་གཞན་གྱི་ས་གནས་ ལེ་ཤ་ཅིག་ནང་ར་ ས་ཆ་བསྐྱར་འཇལ་གྱི་ལཱ་ཚུ་ འབད་ཚར་ཡོདཔ་ཨིན་རུང་ མཐའ་དག་ཀྱི་ལཱ་ཚུ་འབད་དེ་ སྙན་ཞུ་ཚུ་ ལྷན་ཚོགས་ནང་ ཕུལ་ནིའི་དོན་ལུ་ མི་སེར་ཚུ་དང་གཅིག་ཁར་ སྙན་གསན་གྱི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པས།
སྙན་གསན་གྱི་སྐབས་ལུ་ སའི་ཇོ་བདག་ཚུ་ འབོ་ཞིནམ་ལས་ ས་ཆའི་ས་མཚམས་ཚུ་ སྟོན་བྱིན་དགོཔ་བཞིན་དུ་ ཁོང་ཆ་ཁྱབ་ཀྱིས་ཡང་ དེ་ལུ་ ཁ་འཆམ་དགོཔ་ཨིན་ཟེར་ཨིན་པས།
ཐིམ་ཁྲོམ་ནང་ ས་ཆ་བསྐྱར་འཇལ་འབད་མི་ འབྲུག་ས་ཆ་ལྷན་ཚོགས་ཀྱི་ ལས་བྱེདཔ་སྡེ་ཚན་ལས་ ས་འཇལ་འཕྲུལ་རིག་འགོ་དཔོན་ ཚེ་རིང་དབང་ཕྱུག་གིས་ སླབ་མིའི་ནང་ གླང་རྒྱུག་ཕར་ཁའི་ ས་གནས་གོང་འཕེལ་འཆར་གཞི་དང་ ལམ་སྟོན་ཅན་གྱི་ ས་གནས་གོང་འཕེལ་ས་ཁོངས་ དེ་ལས་ གཟི་ལུང་ཁ་ཚུ་ནང་ཡང་ ས་ཆ་འཇལ་ནིའི་ལཱ་ཚུ་ མཇུག་བསྡུ་ཡོདཔ་ཨིན་རུང་ སྙན་གསན་ཚུ་ འབད་བའི་བསྒང་ཡོད་ཟེར་ཨིནམ་མ་ཚད་ རྟ་རྦབ་ས་གནས་གོང་འཕེལ་འཆར་གཞིའི་ས་ཁོངས་དང་ ལམ་སྟོན་ཅན་གྱི་ གོང་འཕེལ་ས་ཁོངས་ཚུ་ནང་ཡང་ སྙན་གསན་འགོ་བཙུགས་ནིའི་དོན་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ སེམས་རྟོགས་ཁ་དང་ བར་སྦིས་ས་ དེ་ལས་ ལུང་བསྟན་ཕུའི་ ས་གནས་གོང་འཕེལ་འཆར་གཞི་ནང་ མ་ཚུད་མི་ས་ཆ་ཚུ་ཡང་ འཇལ་ཚར་ཡོདཔ་མ་ཚད་ ས་ཆ་བསྐྱར་འཇལ་གྱི་སྐབས་ ལུས་མི་ས་ཆ་དག་པ་རེ་ ཡོད་མི་ཚུ་གི་ དཀའ་ངལ་ཚུ་ཡང་ སེལ་ཡི་ར་འབག་དོ་ཟེར་ ཚེ་རིང་དབང་ཕྱུག་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་ཆ་བསྐྱར་འཇལ་གྱི་ལཱ་དེ་ཡང་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་དང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ ལས་བྱེདཔ་ཚུ་ མཉམ་རུབ་ཐོག་ལས་ འབད་དོ་ཡོདཔ་ད་ རེ་ཚེ་སྐབས་ ས་ཆ་ཐེབས་རེ་ཐོན་པའི་སྐབས་ སའི་ཇོ་བདག་ཚུ་གིས་ ཁྲམ་ནང་ལས་ བཏོན་བཀོ་མི་བཅུག་དོ་ཡོདཔ་ལས་ དེ་ཚུ་ ཐོ་བཀོད་འབད་དེ་ གོང་ཚད་ཀྱི་དོན་ལུ་ ལྷན་ཚོགས་ཀྱི་ ཆེ་མཐོ་ཅན་གྱི་ཚོགས་ཆུང་ནང་ བཙུགས་དོ་ཟེར་ཨིན་པས།
དེ་ལས་ ད་རེས་ནངས་པ་ དགེ་ལེགས་ཕུག་གི་ ཁྲོམ་ཁར་ཡང་ ས་འཇལ་གྱི་ལཱ་ཚུ་ འགོ་འདྲེན་འཐབ་པའི་བསྒང་ ཡོདཔ་ཨིན་པས།
ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱི་ ས་འཇལ་བཟོ་རིག་འགོ་དཔོན་ བློ་བཟང་གིས་འབད་བ་ཅིན་ ད་རེས་ སར་སྦིས་ཐང་ ས་གནས་གོང་འཕེལ་གྱི་ས་ཁོངས་ནང་ ས་འཇལ་བའི་བསྒང་ཡོདཔ་མ་ཚད་ སྤྱི་ཟླ་༡༢ པའི་ཚེས་༡༥ ལས་ ལྕང་འབངས་འགྲོ་ས་གནས་གོང་འཕེལ་ས་ཁོངས་དང་ ལྕང་ཟམ་ཏོག་ས་གནས་གོང་འཕེལ་ས་ཁོངས་ དེ་ལས་ ལྕང་ཟམ་ཏོག་ སྟོད་དང་ སྨད་ཚུ་ནང་ ས་འཇལ་ནི་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ལྕང་སྒྱིད་དར་ཕུག་གི་ས་ཁོངས་ནང་ཡང་ ལཱ་ཚུ་འབད་བའི་བསྒང་ཡོདཔ་མ་ཚད་ ཧེ་འཇོ་དང་ བསམ་གཏན་གླིང་ ས་གནས་གོང་འཕེལ་འཆར་གཞི་ས་ཁོངས་ཚུ་ནང་ ལཱ་ཚུ་ ད་རིས་འགོ་བཙུགས་ནི་ཨིན་རུང་ ཧེ་འཇོ་ལུང་གཤོང་དང་ འབྱུང་བཞི་ནང་ས་གནས་གོང་འཕེལ་ས་ཁོངས་ འབྱུང་བཞི་ནང་ དེ་ལས་ པམ་མཚོ་ཚུ་ནང་ ལཱ་འགོ་བཙུགས་མ་ཚུགས་ཟེར་ ཚེ་རིང་དབང་ཕྱུག་གིས་ སླབ་ཨིན་པས།
ཚེ་རིང་གིས་འབད་བ་ཅིན་ ད་ལྟོ་ཚུན་ ཐིམ་ཁྲོམ་གྱི་ ས་ཆ་བསྐྱར་འཇལ་གྱི་ལཱ་ཚུ་ བརྒྱ་ཆ་༧༥ དེ་ཅིག་ མཇུག་བསྡུ་ཡོདཔ་ཨིན་རུང་ གཞན་མི་ལཱ་ཚུ་གི་དོན་ལུ་ མི་སྟོབས་མངམ་ དགོཔ་ཡོད་ཟེར་ཨིན་པས།
མ་གཞི་ ཐིམ་ཁྲོམ་གྱི་ས་ཆ་བསྐྱར་འཇལ་གྱི་ལཱ་དེ་ དུས་ཅི་ སྤྱི་ཟླ་༡༡ པའི་ ཟླ་མཇུག་ལས་༡༢ པའི་ བདུན་ཕྲག་དང་པ་དེ་ཅིག་ནང་ མཇུག་བསྡུ་དགོཔ་ཨིན་རུང་ ལཱ་འབད་བའི་སྐབས་ སའི་ཇོ་བདག་ཚུ་གིས་ དུས་ཚོད་ཁར་ འོང་མི་བཏུབ་དོ་ཡོདཔ་ལས་ སང་ཕོད་ སྤྱི་ཟླ་༢ པ་དེ་ཅིག་ནང་མ་གཏོགས་ མཇུག་བསྡུ་མི་ཚུགས་ནི་མས་ཟེར་ ཚེ་རིང་གིས་ སླབ་ཨིན་པས།
དེ་ལས་ བདེ་ཆེན་ཆོས་གླིང་གི་ས་ཆ་ཚུ་ ཧེ་མ་ མོ་བཏབ་ཀྱི་སྐབས་ལུ་ འཇལ་ཚར་ཡོདཔ་ད་ རྒྱལ་ཡོངས་ས་ཆ་བསྐྱར་འཇལ་གྱི་ལས་རིམ་མཇུག་དེ་ གཞལམ་སྒང་རྫོང་ཁག་ནང་ འགོ་འདྲེན་འཐབ་དོ་ཡོདཔ་བཞིན་དུ་ སྤྱི་ཟླ་༡༢ པའི་ཚེས་༡༥ ལུ་ མཇུག་བསྡུ་འོང་ཟེར་ གཞལམ་སྒང་ལུ་ཡོད་པའི་ ས་འཇལ་འགོ་དཔོན་ཅིག་གིས་ སླབ་ཡོད་པའི་གནས་ཚུལ།


 
ཉི་མ་དབང་འདུས།

No comments:

Post a Comment