གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཇོ་མོ་གཙང་ཁ་ལུ་ གནས་སྟངས་ཧ་ལམ་ལེགས་སྒྱུར་སོང་ཡོདཔ།

༦/༡༢/༢༠༡༢   འབྲུག་པའི་ས་ཁོངས་ནང་ ནགས་ཤིང་ཨར་རྐུན་འབད་བར་འོང་མི་ རྒྱ་གར་གྱི་མི་ཅིག་ ཀྲོབ་མདའ་རྐྱབ་སྟེ་ བསད་པའི་ཤུལ་ལུ་ ཉེན་འཚུབས་བྱུང་ནུག།
 ༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ཇོ་མོ་གཙང་ཁ་ལུ་ ས་མཚམས་ཀྱི་ ཕྱི་ཁའི་མི་ཚུ་གིས་ ཌའི་ཕམ་གྱི་ ས་མཚམས་འཛུལ་སྒོ་ཚུན་ཚོད་ རུ་སྒྲིག་ཐོག་འོང་སྟེ་ འབྲུག་གཞུང་དང་ ས་གནས་ཀྱི་ མི་སེར་ཚུ་ལུ་ འཇིགས་སྐྲག་དང་བཅསཔ་སྦེ་ ལོ་རྒྱུས་འདྲ་མིན་སྣ་ཚོགས་སླབ་ཐོག་ལས་ བར་ཆད་རྐྱབ་སྟེ་ ཧ་ལམ་ བདུན་ཕྲག་ཅིག་ ལང་པའི་ཤུལ་ལུ་ ཁ་ཙ་ལས་ གནས་སྟངས་ལེ་ཤ་གིས་ ལེགས་སྒྱུར་སོང་ཡོདཔ་ཨིན་པས།


ཌའི་ཕམ་དང་ གླང་ཆེན་ཕུག་ལུ་སྡོད་མི་ མི་སེར་ཚུ་ལུ་ དགའ་སྐྱིད་མེདཔ་བཟོ་སྟེ་ ཚ་གྱང་ལང་བཅུག་མི་དེ་ཡང་ སྤྱི་ཟླ་༡༡ པའི་བདུན་ཕྲག་༢ པའི་ནང་ འབྲུག་གི་ནགས་ཚལ་ལས་བྱེདཔ་ཚུ་གིས་ འབྲུག་གི་ནགས་ཚལ་ནང་ ནགས་ཤིང་ཨར་རྐུན་འབད་བར་འོང་མི་ རྒྱ་གར་གྱི་ མི་༡ ལུ་ཀྲོབ་མདའ་རྐྱབ་སྟེ་ བསད་པའི་ཤུལ་ལས་ རྒྱ་གར་གྱི་ མི་གཞན་ཚུ་གིས་ འཇིགས་སྐྲག་སྟོན་ཡོདཔ་ཨིན་པས།
རྐྱེན་ངན་དེ་ཡང་ གླང་ཆེན་ཕུག་རྒེད་འོག་ ཁའུ་རང་གཡུས་ཚན་ལས་ དུས་ཡུན་ཆུ་ཚོད་༢ དེ་ཅིག་དང་ ཌའི་ཕམ་ཁྲོམ་ལས་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ ལམ་འགྱོ་དགོ་པའི་ རྒྱ་འབྲུག་ས་མཚམས་ཀྱི་ ནགས་ཚལ་སྟུག་དྲགས་ཅིག་ནང་ བྱུང་ཡོདཔ་ཨིན་པས།
ཁའུ་རང་གི་ གྲོང་གསེབ་མི་སེར་ཚུ་གིས་ སླབ་མིའི་ནང་ སྟབས་ངན་དེ་ ག་དེ་སྦེ་ བྱུང་བྱུངམ་ཨིན་ན་ ཏན་ཏན་སྦེ་ ཧ་གོ་མ་ཚུགས་རུང་ རྒྱ་གར་གྱི་ ཆ་རོགས་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཚེ་འདས་དང་ ཁོ་གི་ཆ་རོགས་གཞན་ཚུ་ གསང་བའི་ཐོག་ལས་ འབྲུག་གི་ས་ཁོངས་ནང་ ཊིག་ཤིང་ཨར་རྐུན་འབད་བར་འོངམ་ད་ འབྲུག་གི་ནགས་ཚལ་ལས་བྱེདཔ་ཚུ་གིས་མཐོང་སྟེ་ ཀྲོབ་མདའ་རྐྱབ་ནི་ འགོ་བཙུགས་ནུག་ཟེར་ཨིན་པས།
ནགས་ཚལ་ལས་བྱེདཔ་ཚུ་གིས་ འབྲུག་པའི་ས་ཁོངས་ནང་ ཧམ་འཛུལ་འབད་མི་ རྒྱ་གར་གྱི་མི་ཚུ་ འདྲོག་བྱེལ་འཐབ་བཅུག་ནིའི་དོན་ལུ་ ཀྲོབ་མདའ་རྐྱབ་ནི་གི་ དཔའ་བཅམ་པའི་སྐབས་ གློ་བུར་དུ་ མི་ཅིག་ལུ་ཕོག་སྟེ་ བསད་ནུག་ཟེར་ སོ་ནམ་ཞིང་པ་ཅིག་གིས་ བཤད་ཡོདཔ་ད་ དེ་བསྒང་ ཊིག་ཤིང་ཨར་རྐུན་འབད་བར་འོང་མི་ ཆ་རོགས་གཞན་ཚུ་ བྱོག་སོང་ཡོད་རུང་ ཤུལ་ལས་ ཁོང་གི་ ཆ་རོགས་ཅིག་ མ་ཚངམ་ཨིནམ་ཤེས་ཏེ་ ལོག་ལྟ་བར་འོངམ་ད་ ཚེ་འདས་ཀྱི་ཕུངམ་དེ་ མཐོང་ནུག་ཟེར་ སླབ་ཨིན་པས།
གླང་ཆེན་ཕུག་གི་ ཚོགས་པ་ཅིག་གིས་ སླབ་མིའི་ནང་ བྱུང་རྐྱེན་གྱི་ཤུལ་ལས་ འབྲུག་གི་ས་མཚམས་ཕྱི་ཁར་ ཚེ་འདས་སྡོད་སའི་ ཀུ་མི་ཧོ་ལིང་གཡུས་ཚན་གྱི་ མི་སེར་ཚུ་ རུ་སྒྲིག་ཐོག་ལས་ ཌའི་ཕམ་གྱི་སྒོ་ར་ཚུན་ འོང་ཡི་ཟེར་ཨིནམ་ད་ གནས་སྟངས་དེ་ ཨ་རྟག་ཧར་ལུགས་མ་འགྱོ་ཚུན་ཚོད་ ང་བཅས་མི་སེར་ཚུ་ ས་མཚམས་ཀྱི་ཕྱི་ཁར་ མ་འགྱོ་བར་ སྡོད་དགོཔ་སྦེ་ བཀོད་བྱ་ཐོབ་ཅི་ཟེར་ ཁོ་གིས་ སླབ་ཨིན་པས།
དེ་ལས་ཚུར་ ཌའི་ཕམ་གྱི་སྒོ་ར་དེ་ སྒོ་བསྡམས་བཞག་ཡོདཔ་ད་ བྱུང་རྐྱེན་དེ་གི་སྐོར་ལས་ ནགས་ཚལ་འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་མ་ཚུགས་པའི་ཁར་ དྲུང་ཁག་འགོ་དཔོན་ཚུ་གིས་ཡང་ གནད་དོན་དེ་གི་སྐོར་ལས་ ག་ནི་ཡང་མི་ཤེས་ཟེར་ སླབ་མ་བཏུབ་ཨིན་པའི་གནས་ཚུལ།

No comments:

Post a Comment