གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་ལས་ རྒྱལ་ཡོངས་ཚོགས་སྡེའི་གདམ་ངོ་ བཏོན་ཚར་ཡོདཔ།

༢༧/༣/༢༠༡༣   ༉ སྤྱི་ཚོགས་༢ པའི་རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་གཏོན་ནི་དོན་ལུ་ མོང་སྒར་རྫོང་ཁག་གི་རྒེད་འོག་༡༧ ཆ་མཉམ་ནང་འཛོམས་འདུ་མཇུག་བསྡུ་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ གཡུས་སྒོ་ཚུན་ནང་གི་མི་སེར་ཚུ་གིས་ རྒྱལ་ཡོངས་ཚོགས་སྡེ་དང་ ཚོགས་འདུ་༢ ཀྱི་བར་ན་ ཁྱད་པར་ཕྱེ་མ་ཚུགས་པར་ཡོདཔ་ཨིན་པས།


མི་སེར་ཚུ་དང་གཅིག་ཁར་ ཀུན་གསལ་གྱིས་ དྲི་ལན་འབད་བའི་སྐབས་ མི་སེར་ཚུ་གིས་ བསམ་འཆར་བཀོད་མིའི་ནང་ རྒྱལ་ཡོངས་ཚོགས་སྡེ་དང་ ཚོགས་འདུ་༢ ཀྱི་ དབྱེ་བ་ཕྱེ་མ་ཚུགས་རུང་ བཙག་འཐུ་འགྲུབ་ནིའི་དོན་ལུ་ མི་ངོ་དེ་ ལྕོགས་གྲུབ་ཅན་ཅིག་དགོ་ཟེར་ཨིན་མི་དེ་ཡང་ ཕྱག་ལཱ་ག་ཏེ་གནང་རུང་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་པའི་ ལཱ་འབད་དགོ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ས་གླིང་རྒེད་འོག་ བྱང་གདུང་གཡུས་ཚན་ལས་ སོ་ནམ་པ་ ཕྱག་རྡོར་གྱིས་ ཀུན་གསལ་ལུ་སླབ་མིའི་ནང་ རྒེད་འོག་གི་འགོ་ཁྲིདཔ་ཚུ་གིས་ མི་སེར་ཚུ་ འཛོམས་འདུའི་ནང་ཤོག་ཟེར་སླབ་སྟེ་འབད་རུང་ མི་ངོ་ཙམ་ཅིག་སྦེ་འོང་ནི་མ་གཏོགས་ སྡེ་ཚན་༢ ཀྱི་ དབྱེ་བ་ཕྱེ་མ་ཚུགས་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོགས་སྡེ་དང་ ཚོགས་འདུ་ག་ར་འབད་རུང་ སྤྱིར་བཏང་ གདམ་འཐུ་ཅན་གྱི་མི་ངོ་དེ་ ཤེས་ཡོན་ཅན་ དགོཔ་ཁག་ཆེ་ཟེར་ཨིན་པས།
ལྕགས་སི་མཁར་རྒེད་འོག་ལས་ ལྷ་མོ་གིས་འབད་རུང་ མི་སེར་ཚུ་གིས་ ཤེས་དགོཔ་དེ་ར་ གདམ་ངོ་ལྕོགས་གྲུབ་ཡོད་མེད་བལྟ་ནི་འདི་ཨིན་ཟེར་ སྤྱི་ལོ་༢༠༠༨ ཀྱི་བཙག་འཐུའི་ཤེས་ཡོན་ཉམས་མྱོང་ཐོབ་ནི་དེ་གིས་ཨིན་པས།
ཤེར་མུ་ཧུང་རྒེད་འོག་ལས་ བཀྲིས་ཀྱིས་འབད་རུང་ ལོ་༥ འི་བར་ན་ བཙག་འཐུ་ཚར་རེ་འགོ་འདྲེན་འཐབ་དོ་ཡོདཔ་ལས་ ཧེ་མའི་བཙག་འཐུ་དང་ཕྱདཔ་ད་ མི་སེར་ཚུ་ལུ་ ཤེས་ཡོན་དང་ ཉམས་མྱོང་སྦོམ་ཐོབ་སྟེ་ཡོདཔ་ལས་ ད་ལས་ཕར་ རྒྱལ་ཡོངས་ཚོགས་སྡེ་དང་ ཚོགས་འདུ་༢ ཀྱི་ དབྱེ་བ་ཕྱེ་མ་ཚུགས་རུང་ ཁོང་གིས་ འགན་ཁུར་འབག་ཚུགས་པའི་མི་ངོ་ གཏོན་ཚུགས་པའི་འོས་འབབ་ཡོད་ཟེར་ཨིན་པས།
ཞི་གཡོགཔ་ཚུ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ མི་སེར་ཚུ་གིས་ ཚོགས་ཁང་༢ ཀྱི་སྐོར་ལས་ ཧ་གོ་མ་ཚུགས་པའི་གནད་དོན་དེ་ཡང་ བཙག་འཐུ་ལྷན་ཚོགས་ཀྱི་ཁ་ཐུག་ལས་ གོ་བ་བརྡ་སྤྲོད་དེ་ བཙག་འཐུ་རན་པའི་སྐབས་ལུ་རྐྱངམ་གཅིག་ བྱིནམ་ཨིན་ཟེར་ཨིན་པས།
རྫོང་ཁག་བཙག་འཐུའི་འགོ་དཔོན་ སངས་རྒྱས་རྡོ་རྗེ་གིས་སླབ་མིའི་ནང་ ད་ལྟོ་ཚུན་ ཁོང་གིས་ གཡུས་སྒོ་ཚུ་ནང་ བཙག་འཐུའི་ཤེས་ཡོན་བྱིན་བཞིན་དུ་ར་འབད་རུང་ ནང་མི་བཟའ་ཚང་ག་ར་ འཛོམས་འདུའི་ནང་ བཅའ་མར་གཏོགས་མ་ཚུགསཔ་མ་ཚད་ བཅའ་མར་གཏོགས་མི་ཚུ་གིས་ བཟའ་ཚང་ཚུ་ལུ་ གསལ་བཤད་མ་འབད་མི་ལུ་བརྟེན་ ཨིན་ཟེར་སླབ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment