གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་ཆའི་སྐྱིད་སྡུག་ལུ་བརྟེན་ རང་མགོ་རང་འདྲོངས་སྦེ་ སྡོད་ཚུགས་ནི།

༢༥/༣/༢༠༡༣   ༉ སྐྱེས་ལོ་༥༠ ལང་མི་ དབྱངས་ཅན་མཚོ་མོ་དང་ སྐྱེས་ལོ་༤༦ ལང་མི་ པདྨ་བསྟན་འཛིན་༢ ཀྱིས་ ཁོང་རའི་ཨ་ལུ་༡༢ གསོ་སྐྱོང་འཐབ་ནིའི་དོན་ལུ་ ལཱ་རྩ་འགེངས་འབད་ནིའི་ མནོ་བསམ་ཡོད་རུང་ ས་ཞིང་མེདཔ་ལས་ མི་ཚེ་ག་དེ་སྦེ་ རྫོགས་ཚུགས་ག་ཟེར་བའི་ ཚ་གྱང་ལང་དགོཔ་བྱུང་ནུག།
གནས་གཡུས་ཚན་གྱི་ལྟག་ལུ་ སྐྱིད་སྡུག་སྦེ་གནང་མི་ ས་ཆའི་མཐོང་སྣང་།


ཨིན་རུང་ དུས་ཅི་ལས་ ཁོང་བཟང་ཚང་༢ ཀྱིས་ མནོ་བསམ་བཏང་མི་དེ་ དངོས་སུ་སྦེ་ དོན་གྲུབ་ཚུགས་ནི་དེ་གིས་ ཨ་རྟག་དང་མ་འདྲ་བའི་ དགའ་སྤྲོ་བྱུང་མི་དེ་ཡང་ སའི་སྐྱིད་སྡུག་ཐོབ་ནི་དེ་གིས་ཨིན་པས།
དེ་ཡང་ ད་རེས་ནངས་པ་ ལྷུན་རྩེ་རྫོང་ཁག་ སྒང་ཟུར་རྒེད་འོག་ གནས་གཡུས་ཚན་གྱི་ལྟག་ལུ་ ས་ཆ་ཀེ་ཨར་༡༨༠ དེ་ཅིག་གི་ཁྱབ་ཚད་ནང་ ས་གནས་དགའ་ཏོག་ཏོ་ཅིག་ནང་ ལྷུན་རྩེ་རྫོང་ཁག་གི་ རྒེད་འོག་༨ ཀྱི་མི་སེར་ ཁྱིམ་གུང་པ་༥༥ དེ་ཅིག་ལས་ ས་ཆ་མེད་མི་ཚུ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གཞིས་གསར་གྱི་ སྐྱིད་སྡུག་གནང་ཡོདཔ་ལས་ མི་སེར་ཚུ་ གནམ་མེད་ས་མེད་སེམས་དགའ་ནུག།
སའི་སྐྱིད་སྡུག་ཐོབ་མི་ པདྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ ས་ཆའི་སྐྱིད་སྡུག་ཐོབ་ཡོད་མི་ལུ་བརྟེན་ ད་ལས་ཕར་ མི་ཚེའི་གནས་སྟངས་ ལེགས་འགྱུར་འགྱོ་ཚུགས་ནི་ལུ་ སོ་ནམ་ཞིང་ལཱ་ རྩ་འགེངས་འབད་ཞིནམ་ལས་ རང་མགོ་རང་འདྲོངས་སྦེ་ སྡོད་ཚུགསཔ་འབད་ནི་ཟེར་ཨིན་པས།
ཁོ་ར་ ཀུར་སྟོད་དུང་དཀར་ ཨྱོན་ཕུག་ལས་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ ཨ་ལུ་༡༢ དེ་ཅིག་ཡོད་རུང་ ས་ཆ་ཅིག་མེད་པར་ དཀའ་སྡུག་མྱོང་ཡོད་རུང་ མི་དབང་མཆོག་གིས་ སའི་སྐྱིད་སྡུག་གནང་མི་དེ་ལུ་ ནམ་ཡང་བརྗེད་མ་ཚུགས་པའི་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གནས་གཡུས་ཚན་ནང་ ལོ་ཐོག་ག་ཅི་ཡང་ འཚོ་དོ་ཡོད་པའི་ཁར་ གཡུས་ཚན་ནང་ འཁོར་ལམ་གྱི་མཐུན་རྐྱེན་ཡོདཔ་ལས་ ཀེ་བ་ཚུ་འཛུགས་སྐྱོང་འབད་ཞིནམ་ལས་ ཀེ་བའི་ཚོང་འབྲེལ་འཐབ་ནི་གི་ མནོ་བསམ་ཡོད་ཟེར་ཨིནམ་ད་ ད་རེས་ནངས་པ་ ཁྱིམ་ཅིག་རྐྱབ་ནི་གི་ གྲ་སྒྲིག་འབདཝ་་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༦༠ ལང་མི་ ཆོས་སྒྲོན་ཡང་ སའི་སྐྱིད་སྡུག་ཐོབ་མི་ཅིག་ཨིནམ་ད་ མོ་གིས་ སླབ་མིའི་ནང་ མོ་ར་ལོ་ན་རྒས་སོ་རུང་ ལཱ་འབད་དགོ་མནོ་མི་དེ་ཡང་ ས་ཆ་ཉམས་དགའ་ཏོག་ཏོ་སྦེ་ ཡོད་ནི་དེ་གིས་ཨིནམ་ད་ མོ་རའི་ཨ་ལུ་༢ གསོ་སྐྱོང་འཐབ་ནིའི་དོན་ལུ་ སོ་ནམ་གྱི་ལཱ་ རྩ་འགེངས་འབད་ནི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ལྷུན་རྩེ་རྫོང་ཁག་ནང་ ས་ཆ་མེད་མི་ཚུ་ལུ་ མི་དབང་མཆོག་གིས་ ཐུགས་ཀྱི་བརྩེ་བ་གཟིགས་ཏེ་ སྐྱིད་སྡུག་གནང་མི་དེ་ལུ་ དགའ་སྤྲོ་ཚད་མེད་བྱུང་སྟེ་ཡོད་ཟེར་ཨིན་པས།
ཁོ་ར་ ལྷུན་རྩེ་ངར་གཡུས་ཚན་ལས་ཨིནམ་ད་ ཧེ་མ་འབད་བ་ཅིན་ ས་ཞིང་མེདཔ་ལས་ དཀའ་ངལ་སྦོམ་བྱུང་ཡོད་རུང་ ད་ལས་ཕར་ མོ་རའི་བུམོ་༢ ཀྱི་མི་ཚེ་དེ་ ག་ནི་བ་ ཉམས་དགའ་བའི་ཐོག་ལུ་ སྡོད་ཚུགས་ནི་མས་ཟེར་ཨིན་པས།
ས་གནས་དེ་ཁར་ སྣུམ་འཁོར་གྱི་ལམ་ལྷོད་ཡོདཔ་མ་ཚད་ ད་རེས་ནངས་པ་ སྡོད་སའི་ཁྱིམ་བཟོ་ནི་དང་ འཐུང་ཆུའི་ལཱ་འབད་ནི་ དེ་ལས་ ས་ཞིང་བསལ་ཏེ་ ཀེ་བ་བཙུགས་ནིའི་ལཱ་ཚུ་ འགོ་བཙུགས་ཡོདཔ་མ་ཚད་ ལ་ལུ་ཅིག་གིས་ ཨེ་མའི་སོན་བཏབ་སྟེ་ཡོདཔ་ཨིན་པས།
གཞིས་གསརཔ་ཆགས་མི་ལུ་བརྟེན་ གནས་གཡུས་ཚན་གྱི་ མི་སེར་ཚུ་གིས་ ད་ལས་ཕར་ ལཱ་ག་ཅི་བཟུམ་འབད་དགོ་རུང་ ཆ་རོགས་འབད་ཚུགས་པའི་ གོ་སྐབས་ཡོདཔ་ད་ གནས་གཡུས་ཚན་ནང་ ལོ་ཐོ་གཙོ་བོ་ར་ གེ་ཟ་དང་ འབྱ་འཛུགས་སྐྱོང་འབད་དོ་ཡོདཔ་མ་ཚད་ ཀེ་བའི་ལཱ་ཡང་ འབད་དོ་ཡོདཔ་ཨིན་པས།
གཡུས་ཚན་དེ་ ལྷུན་རྩེ་ སྟོང་ཀ་ལ་ལས་ ཀི་ལོ་མི་ཊར་༣༧ དེ་ཅིག་ལུ་ཨིན་པས།
སྒང་ཟུར་རྒཔོ་ ཀརྨ་གིས་ སླབ་མིའི་ནང་ གཡུས་ཚན་དེ་ནང་ ད་རེས་ནངས་པ་ ཁྱིམ་གུང་པ་༦༠ དེ་ཅིག་ཡོདཔ་བཞིན་དུ་ མི་སྡེ་སློབ་གྲྭ་ཆུང་བ་ཅིག་དང་ སྨན་ཁང་ཆུང་བ་ཅིག་ དེ་ལས་ གློག་མེ་དང་ འཁོར་ལམ་གྱི་མཐུན་རྐྱེན་ཚུ་ ལྷོད་དེ་ཡོདཔ་ལས་ མི་སེར་ཚུ་ལུ་ སྟབས་མ་བདེཝ་ག་ནི་ཡང་མེད་ཟེར་ ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང།

No comments:

Post a Comment