གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་སྨན་ལྗོངས་སྡེ་ཚན་གྱིས་ ཁུ་རུའི་རྩེད་འགྲན་ལས་ རྒྱལ་ཁ་ཐོབ་ཡོདཔ།

༢༡/༣/༢༠༡༣   ༉ ཁ་ཙ་ ཁུ་རུའི་མཐའ་བཅད་འགྲན་བསྡུར་ འབད་བའི་སྐབས་ འབྲུག་སྨན་ལྗོངས་སྡེ་ཚན་གྱིས་ སྡེ་ཚན་གཞན་མི་གཉིས་ལས་ རྒྱལ་ཁ་ཐོབ་སྟེ་ ཨང་དང་པ་ཐོན་ཡོདཔ་ཨིན་པས།
དེ་ཡང་ འབྲུག་སྨན་ལྗོངས་དང་ མཉམ་རོགས་གཞོནམ་ དེ་ལས་ ཊྲག་དེད་གཡོགཔ་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབདཝ་ད་ འབྲུག་སྨན་ལྗོངས་ཀྱིས་ སྐུགས་༢ ཆོད་པའི་སྐབས་ མཉམ་རོགས་གཞོནམ་གིས་ སྐུགས་ཐེངས་༡ ཆོད་ཡོད་རུང་ ཊག་དེད་གཡོགཔ་སྡེ་ཚན་གྱིས་ སྐུགས་༡ ཡང་ ཆོད་མ་ཚུགས།

འབྲུག་སྨན་ལྗོངས་ སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་སྟེ་ དགའ་སྤྲོའི་བརྩི་སྲུང་ འབད་བའི་བསྒང་།


མཉམ་རོགས་གཞོནམ་གིས་ སྐོར་ཐེངས་༨ པའི་ནང་ སྐུགས་དང་པམ་དེ་ ཆོད་པའི་སྐབས་ འབྲུག་སྨན་ལྗོངས་ཀྱིས་ སྐུགས་༡ དང་ ཊག་དེད་གཡོགཔ་སྡེ་ཚན་གྱིས་ སྐུགས་ཐོབ་མ་ཚུགས་པའི་ཁར་ སྐོར་ཐེངས་༡༧ ནང་ འབྲུག་སྨན་ལྗོངས་ཀྱིས་ སྐུགས་༢ པམ་དེ་ ཆོད་པའི་སྐབས་ སྡེ་ཚན་གཉིས་ཆ་ར་གིས་ སྐུགས་༢ རེ་ཐོབ་ཡོདཔ་ཨིན།
འབྲུག་སྨན་ལྗོངས་སྡེ་ཚན་གྱིས་ སྐོར་ཐེངས་༢༤ པའི་ནང་ སྐུགས་༣ པམ་དེ་ཆོད་དཔ་ལས་ བྱང་ཕྱད་སྡེ་ཚན་༢ ཀྱིས་ སྐོར་ཐེངས་༣༠ ཚང་རུང་ སྐུགས་ཆོད་ཐོག་ལས་ དོ་འགྲན་འབད་མ་ཚུགས་མི་ལུ་བརྟེན་ རྒྱལ་ཁ་ཐོབ་ཅི།
འགོ་འདྲེན་པ་ འོད་ཟེར་ལས་སྡེའི་ཁ་ཐུག་ལས་ དུས་ཅི་རྒྱལ་ཁབ་ནང་ འཛམ་གླིང་རྒྱལ་སྤྱི་དགའ་སྐྱིད་ཀྱི་ ཉིནམ་བརྩི་སྲུང་ཞུཝ་དང་འབྲེལ་ ཁུ་རུའི་རྩེད་འགྲན་ནང་ལས་ ཨང་དང་པ་ཐོན་མི་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༣༥,༠༠༠ དང་ ཨང་༢ པ་ལུ་ དངུལ་ཀྲམ་༢༥,༠༠༠ ཨང་༣ པ་ལུ་ དངུལ་ཀྲམ་༡༥,༠༠༠ བྱིན་ཡོདཔ་མ་ཚད་ ངོ་རྐྱང་གི་གསོལ་རས་དང་ ལག་ཁྱེར་ཚུ་ཡང་བྱིན་ཡི།
མཐའ་བཅད་འགྲན་བསྡུར་གྱི་ རྩེད་འགྲན་དྲག་ཤོས་དེ་ བཀག་རེག་༥ ཕོག་མི་ ཤར་ཚེ་རིང་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༢,༥༠༠ དང་ སྐོར་ཐེངས་༩༠ འི་ནང་ དོ་སྦྱེལ་༢ ཕོག་མི་ འཆི་མེད་རིག་འཛིན་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༢,༥༠༠ རེ་བྱིན་ཡི།
ཊག་སྡེ་ཚན་ལས་ བཀྲིས་ཀྱིས་ སྐོར་ཐེངས་༩༠ འི་ནང་ ཡོངས་བསྡོམས་བཀག་རེག་༡༧ ཕོག་ཡོདཔ་ལས་ རྩེད་འགྲན་པ་དྲག་ཤོས་ཀྱི་གསོལ་རས་ དངུལ་ཀྲམ་༥༠༠༠ དང་ ཀུན་བཟང་འཕྲིན་ལས་ཀྱིས་ སྒོར་ཐིག་གུ་ བཀག་རེག་༤ ཕོག་སྟེ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༢,༥༠༠ ཐོབ་ཅི།
ཁུ་རུའི་རྩེད་འགྲན་ནང་ བཅའ་མར་གཏོགས་མི་ སྡེ་ཚན་༡༢ ཀྱི་གྲས་ལས་ སྡེ་ཚན་ཚུལ་ལྡན་ཡོད་མི་ མཉམ་རོགས་གཞོནམ་ལུ་ གསོལ་རས་དངུལ་ཀྲམ་༥༠༠༠ བྱིན་ཡི།
རྩེད་འགྲན་འགོ་འདྲེན་འཐབ་མི་ འོད་ཟེར་ལས་སྡེ་གིས་ སྤྱི་ཟླ་༤ པའི་ནང་ རང་ལུགས་ཀྱི་རྩེདམོ་ རྡོས་སྒོར་གྱི་འགྲན་བསྡུར་ཡང་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment