![]() |
སངས་རྒྱས་བསྟན་འཛིན། |
![]() |
དྲགོས་ཌོག་ཊར་བསོད་ནམས་ཀུན་དགའ། |
དེ་ཡང་ དོ་འགྲན་མེད་པའི་ འཛོམས་འདུ་ནང་ འཐུས་མི་བགྲེསཔ་གིས་ དགོ་གི་ཚོགས་རྒྱན་༣༥༧ དང་ མི་དགོ་གི་ ཚོགས་རྒྱན་༤༠ ཐོབ་ནུག།
གཤོང་ཕུག་གི་ འཛོམས་འདུ་གིས་སྦེ་ བཀྲིས་སྒང་རྫོང་ཁག་གི་ རྒེད་འོག་ཚུ་ནང་ལས་ གདམ་ངོ་བཏོན་ནི་ མཇུག་བསྡུཝ་དང་འབྲེལ་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ རྫོང་ཁག་གནས་རིམ་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་བཙག་འཐུ་འབད་ནིའི་དོན་ལུ་ གདམ་ངོ་༢ ལས་བརྒལ་མེདཔ་ཨིན་པས།
དེ་གི་ཧེ་མར་ ར་སྡི་རྒེད་འོག་གིས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ དཔལ་འབྱོར་རིག་པའི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ སངས་རྒྱས་བསྟན་འཛིན་དེ་ གདམ་འཐུ་འབད་ཡོདཔ་ད་ ཁོ་ར་ རྒེད་འོག་ནང་ བྱ་གསོ་ཁང་གི་ ཚོང་འབྲེལ་འཐབ་སྡོད་མི་ལུ་བརྟེན་ སོ་ནམ་གྱི་ ལཱ་འབད་མི་ཨིན་ཟེར་སླབ་མི་ སངས་རྒྱས་བསྟན་འཛིན་གྱིས་ སླབ་མིའི་ནང་ རྒེད་འོག་དེ་གི་ མི་སེར་ཚུ་གིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ དོ་འགྲན་འབད་དགོ་པའི་ གྲོས་འཆར་བཀོད་ཅི་ཟེར་ཨིན་པས།
ཁོ་ར་ རྒེད་འོག་ནང་ ལཱ་འབད་མི་ལུ་བརྟེན་ མི་སེར་ཚུ་གི་ དགོས་མཁོ་ཚུ་ ལེགས་ཤོམ་སྦེ་ ཧ་གོ་མི་ཅིག་ཨིནམ་སྦེ་ འཆར་སྣང་བཀོད་དེ་ བཙག་འཐུའི་ནང་ འབྲེལ་གཏོགས་འབད་དགོ་པའི་ སེམས་ཤུགས་བསྐྱེད་ཅི་ཟེར་ སྐྱེས་ལོ་༣༣ ལང་མི་ སངས་རྒྱས་བསྟན་འཛིན་གྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་གི་བྱང་ཕྱད་ དྲགོས་ཌོག་ཊར་བསོད་ནམས་ཀུན་དགའ་དེ་ འདེམས་ངོ་ལེགས་ཤོམ་ཅིག་ཨིན་པའི་ཁར་ རྫོང་ཁག་ལུ་ ཕྱག་མ་བཏུབ་བཏུབ་སྦེ་ ཞུ་ཡོད་ཟེར་ཨིན་པས།
མི་ག་ར་གིས་ འཐུས་མི་བགྲེསཔ་དེ་ དོ་འགྲན་གྱི་དོན་ལུ་ འདེམས་ངོ་སྒྲིང་སྒྲིང་ཡོདཔ་སྦེ་ སླབ་དོ་ཡོདཔ་ཨིན་རུང་ ཁོ་ལུ་ གོ་སྐབས་ཐོབ་པ་ཅིན་ བྱང་ཕྱད་ཀྱིས་ ཕྱག་ཞུ་དོ་བཟུམ་ཅིག་ ཁོ་གིས་ཡང་ འབད་ཚུགས་ཟེར་ གདམ་ངོ་སངས་རྒྱས་བསྟན་འཛིན་གྱིས་ སླབ་ཨིན་པས།
དྲགོས་ཌོག་ཊར་བསོད་ནམས་ཀུན་དགའ་གིས་ཡང་ སངས་རྒྱས་བསྟན་འཛིན་ལུ་ ལེགས་སོ་འབདཝ་དང་གཅིག་ཁར་ བཙག་འཐུའི་དོན་ལུ་ དོ་འགྲན་པ་སྦེ་ ཐོན་མི་ལུ་ དགའ་ཚོར་ཡོད་ལུགས་ཚུ་བཤད་ཡོདཔ་ཨིན་པས།
ཁ་ཙའི་འཛོམས་འདུ་ནང་ ཁོ་ལུ་ ཚོགས་རྒྱན་བཙུགས་མིའི་ གྱངས་ཁ་ལུ་ལྟཝ་ད་ མི་སེར་ཚུ་ལས་ རྒྱབ་སྐྱོར་གནམ་མེད་ས་མེད་ཡོད་པའི་ གསལ་སྟོན་འབད་ཡི་ཟེར་ སྐྱེས་ལོ་༣༩ ལང་མི་ དྲགོས་ཌོག་ཊར་བསོད་ནམས་ཀུན་དགའ་གིས་ སླབ་ཨིན་པས།
རྒེད་འོག་གཉིས་ཆ་རའི་ འཛོམས་འདུ་ཚུ་ནང་ མི་སེར་ལེ་ཤ་ སྤུངས་འཛོམས་འབད་ཡོད་རུང་ ལེ་ཤ་ཅིག་གིས་ ཚོགས་རྒྱན་འདྲ་པར་འབག་མ་འོང་མི་ལུ་བརྟེན་ གདམ་ངོ་བཙག་འཐུ་ཚུ་ནང་ བཅར་མར་གཏོགས་མ་ཚུགསཔ་ཨིན་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།
No comments:
Post a Comment