![]() |
མགར་ས་ཁ་སྨད་རྒེད་འོག་གི་གདམ་ངོ་ ཡེ་ཤེས་རྡོ་རྗེ། |
![]() |
མགར་ས་ཁ་སྟོད་རྒེད་འོག་གི་གདམ་ངོ་ སངས་རྒྱས་མཁའ་འགྲོ། |
![]() |
དབང་འདུས་རུ་སྦིས་ས་རྒེད་འོག་གི་གདམ་ངོ་ བཀྲིས་རྡོ་རྗེ། |
![]() |
སྤུ་ན་ཁ་སྟོད་དབང་རྒེད་འོག་གི་གདམ་ངོ་ རིག་འཛིན་རྡོ་རྗེ། |
![]() |
དབང་འདུས་བ་འཇོ་ཁྲོམ་གྱི་གདམ་ངོ་ ཕྱག་རྡོར་རྣམ་རྒྱལ། |
ཁོ་གི་དོན་ལུ་ སྤྱི་ཟླ་༣ པའི་ཚེས་༢༤ དང་༢༥ ལུ་ རྒེད་འགོ་འཛོམས་འདུ་འཚོགས་པའི་སྐབས་ ཁོ་གིས་ དགོ་ཟེར་བའི་ཚོགས་རྒྱན་ ༡༡༢ དང་ མེན་དགོ་ཟེར་བའི་ཚོགས་རྒྱན་༡༨ ཐོབ་ཡོདཔ་ཨིན་པས།
དེ་ལས་ རྒྱལ་ཡོངས་ཚེགས་སྡེའི་འཐུས་མི་བགྲེསཔ་ སངས་རྒྱས་མཁའ་འགྲོ་གི་དོན་ལུ་ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ ཁ་སྟོད་རྒེད་འོག་གི་ འཛོམས་འདུ་འཚོགས་པའི་སྐབས་ ཚོགས་རྒྱན་བཙུགས་མི་བསྡོམས་༡༡༦ ལས་ དགོ་ཟེར་བའི་ཚོགས་རྒྱན་༡༠༧ ཐོབ་སྟེ་རྒྱལ་ཁ་ཐོབ་ཡོདཔ་ད་ ཁོང་༢ ཀྱིས་ ལ་ཡ་རྒེད་འོག་གི་ བསྟན་འཛིན་དང་གཅིག་ཁར་ དོ་འགྲན་འབད་ནི་ཨིན་པས།
བསྟན་འཛིན་གྱི་དོན་ལུ་ རྒེད་འོག་འཛོམས་འདུ་དེ་ སྤྱི་ཟླ་༣ པའི་ཚེས་༢༧ དང་༢༨ ལུ་ འགོ་འདྲེན་འཐབ་ནི་ཨིནམ་ད་ དེ་ཡང་ རྒེད་འོག་དེ་ སྦོམ་ནི་དེ་གིས་ འཛོམས་འདུ་ཁག་༢ སྦེ་ འགོ་འདྲེན་འཐབ་ནི་ཨིན་པས།
མ་གཞི་ མགར་ས་རྫོང་ཁག་དེ་ མཐའ་ཟུར་ཅིག་ཨིན་རུང་ མི་མང་ཤོས་ཅིག་གིས་ འཛོམས་འདུའི་སྐོར་ལས་ ཧ་གོ་བའི་ཁར་ བཅའ་མར་གཏོགས་མི་ཡང་ ཨམ་སྲུ་དང་ ཕོ་སྐྱེས་ཚུ་ འདྲན་འདྲ་སྦེ་ར་ འོང་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དབང་འདུས་ཕོ་བྲང་ ཉི་ཤོ་རྒེད་ཀྱི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ བསོད་ནམས་དབྱངས་ཅན་དེ་ གདམ་ངོ་གྲུབ་ཡོདཔ་ད་ མོ་ལུ་ཚོགས་རྒྱན་བཙུགས་མི་༤༤༩ ལས་ དགོ་ཟེར་བའི་ཚོགས་རྒྱན་༣༨༦ བཙུགས་ཡོདཔ་ད་ རྒེད་འོག་འཛོམས་འདུ་དེ་ སྤྱི་ཟླ་༣ པའི་ཚེས་༢༥ ལུ་ འགོ་འདྲེན་འཐབ་ནུག།
བསོད་ནམས་དབྱངས་ཅན་གྱིས་ རུ་སྦིས་ས་རྒེད་འོག་ལས་ གདམ་ངོ་གྲུབ་མི་ བཀྲིས་རྡོ་རྗེ་དང་ བ་འཇོ་ཁྲོམ་ལས་ གདམ་ངོ་གྲུབ་མི་ ཕྱག་རྡོར་རྣམ་རྒྱལ་གཅིག་ཁར་ དོ་འགྲན་འབད་ནི་ཨིན་པས།
བཀྲིས་རྡོ་རྗེ་གིས་ རུ་སྦིས་ས་རྒེད་འོག་ལས་ དགོ་ཟེར་བའི་ཚོགས་རྒྱན་༢༥༨ ཐོབ་ཡོདཔ་ད་ ཕྱག་རྡོར་རྣམ་རྒྱལ་གྱིས་ བ་འཇོ་ཁྲོམ་ལས་ ཚོགས་རྒྱན་༦༢ ཐོབ་སྟེ་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་སྦེ་ དོ་འགྲན་འབད་ཆོག་པའི་ གནང་བ་གྲུབ་ཡོདཔ་ཨིན་པས།
དེ་ལས་ སྤུ་ན་ཁ་རྫོང་ཁག་ སྟོད་དབང་རྒེད་འོག་གི་དོན་ལུ་ གདམ་ངོ་དེ་ རིག་འཛིན་རྡོ་རྗེ་ཨིནམ་ད་ ཁོ་གི་དོན་ལུ་ སྤྱི་ཟླ་༣ པའི་ཚེས་༡༨ ཀྱི་ འཛོམས་འདུའི་སྐབས་ གསང་བའི་ཚོགས་རྒྱན་བསྡོམས་༢༩༤ ལས་ དགོ་ཟེར་བའི་ཚོགས་རྒྱན་༢༢༣ ཐོབ་ཡོདཔ་ད་ རྟ་ལོག་རྒེད་འོག་དོན་ལུ་འབད་བ་ཅིན་ རིག་འཛིན་ཨར་རྡོ་རྗེ་གིས་ དགོ་ཟེར་བའི་ཚོགས་རྒྱན་༡༣༠ ཐོབ་སྟེ་ གདམ་ངོ་སྦེ་ གྲུབ་ཡོདཔ་ད་ ཁོ་ལུ་ མེན་དགོ་ཟེར་བའི་ཚོགས་རྒྱན་༢༤ བཙུགས་ཡོདཔ་ཨིན་པས།
ད་ཚུན་གྱི་བར་ན་ རྒེད་འོག་འཛོམས་འདུ་དེ་ དབང་འདུས་དང་ སྤུ་ན་ཁ་རྫོང་ཁག་༢ ནང་ མཇུག་བསྡུ་ཡོདཔ་ད་ མགར་ས་རྫོང་ཁག་གི་དོན་ལུ་ཡང་ རྒེད་འོག་འཛོམས་འདུ་དེ་ ད་རིས་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།
མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment