གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་རྫོང་ཁག་ལས་ གདམ་ངོ་གཞོནམ་༣ གྱིས་ དོ་འགྲན་འབད་ནི།

༢༦/༣/༢༠༡༣   ༉ ད་ལྟོ་ཚུན་ གླིང་བཞི་རྫོང་ཁག་ རྐྱངམ་གཅིག་ནང་མ་གཏོགས་ ཐིམ་ཕུའི་རྒེད་འོག་༧ དང་ ཁྲོམ་སྡེའི་ནང་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་གཏོན་ནིའི་དོན་ལུ་ འཛོམས་འདུ་ཚུ་ འགོ་འདྲེན་འཐབ་ཚར་ཡོདཔ་བཞིན་དུ་ བཙག་འཐུ་ངོ་མའི་སྐབས་ གདམ་ངོ་གཞོནམ་༣ གྱིས་ བཅའ་མར་གཏོགས་ནི་ཨིན་པས།


དེ་ཡང་ སྨད་ཝང་རྒེད་འོག་ལས་ སྐྱེས་ལོ་༢༦ ལང་མི་ ཚེ་རིང་བཀྲིས་དང་ ལྕང་རྒེད་འོག་ལས་ སྐྱེས་ལོ་༢༨ འབད་མི་ ཉི་མ་རྒྱལ་མཚན་ དེ་ལས་ ཁྲོམ་སྡེ་ལས་ སྐྱེས་ལོ་༣༠ ལང་མི་ ཚེ་རིང་ཚུ་ཨིན་པས།
གཞན་མི་རྒེད་འོག་༥ ནང་ལས་ བཙག་འཐུ་ནང་ དང་འདོད་སྐྱེད་མི་ ག་ཡང་མེདཔ་ད་ བཙག་འཐུའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་ལས་ཕར་ གླིང་བཞི་རྒེད་འོག་ནང་ལས་ཡང་ དང་འདོད་ཅན་ མི་འཐོན་འོང་ཟེར་ཨིན་པས།
ཁ་ཙ་ ཁྲོམ་སྡེའི་འཛོམས་འདུ་གི་སྐབས་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༦,༦༧༠ ལས་༡༦༥ གིས་མ་གཏོགས་ འབྲེལ་གཏོགས་མ་འབདཝ་ཨིན།
དེ་ཚུ་གི་གྲས་ལས་༡༤༩ གིས་ རྟ་བབ་ལས་ཨིན་མི་ ཚེ་རིང་ལུ་ དགོ་ཟེར་བའི་ཚོགས་རྒྱན་ བཙུགས་ཡོདཔ་ད་ མི་གྲངས་༡༦ གིས་ མ་དགོ་པའི་ ཚོགས་རྒྱན་བཙུགས་ཅི།
འཛོམས་འདུ་ནང་ བཅའ་མར་གཏོགས་མི་ ལ་ལུ་ཅིག་གིས་ ཚེ་རིང་དེ་ ངོ་མ་ཤེས་རུང་ ཁོང་རའི་ཆ་རོགས་ཚུ་དང་གཅིག་ཁར་ དགོ་པའི་ཚོགས་རྒྱན་བཙུགས་ཡོདཔ་ད་ བདེ་ཆེན་ཆོས་གླིང་ལས་ སྐྱེས་ལོ་༧༤ ལང་མི་ བསྟན་འཛིན་གྱིས་ཡང་ ཚེ་རིང་ངོ་མ་ཤེས་རུང་ དགོ་ཟེར་བའི་ཚོགས་རྒྱན་ བཙུགས་ཡོདཔ་ཨིན་པས།
འབྱུང་བཞི་ནང་ལས་ སྐྱེས་ལོ་༦༩ ལང་མི་ པདྨ་གིས་ཡང་ གདམ་ངོ་གསརཔ་དེ་གིས་ མི་སྡེའི་ནང་ ཆུ་དང་ ལམ་གྱི་དཀའ་ངལ་ཚུ་ བསལ་ཚུགས་འོང་མནོ་བའི་ རེ་བ་བསྐྱེད་ཐོག་ལས་ ཚེ་རིང་ལུ་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།
མི་ལ་ལུ་ཅིག་གིས་ ཚེ་རིང་གིས་ ངོ་སྤྲོད་གསལ་བཤད་འབད་མི་ལུ་ལྟ་སྟེ་ ཚོགས་རྒྱན་བཙུགས་ཡོདཔ་ད་ གསལ་བཤད་ཀྱི་སྐབས་ ཚེ་རིང་དེ་ ལྕོགས་གྲུབ་ཅན་ཅིག་སྦེ་ མཐོང་ཡི་ཟེར་ རྟ་བབ་ལས་ སྐྱེས་ལོ་༥༣ ལང་མི་ འཕྲིན་ལས་ཀྱིས་སླབ་ཅི།
འཛོམས་འདུའི་སྐབས་ མི་༢༡ གིས་ ངོས་འཛིན་འདྲ་པར་ རྙིངམ་ཚུ་ འབག་འོང་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་མ་ཚུགསཔ་ཨིན་པས།
ཁོང་གི་གྲས་ལས་ བསོད་ནམས་དཔལ་སྒྲོན་གྱིས་འབད་བ་ཅིན་ མོ་གིས་ ཁ་ཙ་ གདམ་འཐུ་དང་འབྲེལ་བའི་ འཛོམས་འདུ་ཅིག་ཨིན་པའི་ མནོ་བསམ་བཏང་ཡོདཔ་མ་གཏོགས་ ཚོགས་རྒྱན་བཙུགས་དགོ་པའི་སྐོར་ལས་ མ་ཤེས་ཟེར་ཨིནམ་ད་ མོ་གི་ཆ་རོགས་ཚུ་གིས་ཡང་ དེ་བཟུམ་མའི་ བསམ་འཆར་ཚུ་ བཀོད་ཡོདཔ་ཨིན།
ངོས་འཛིན་འདྲ་པར་ རྙིངམ་འབག་འོང་མི་ཚུ་གིས་འབད་བ་ཅིན་ ཁོང་ལུ་ འཛོམས་འདུའི་སྐོར་ལས་ ནུབམོ་ཅིག་གི་ ཧེ་མར་མ་གཏོགས་ བརྡ་མ་སླབ་ད་ འཛོམས་འདུའི་ནང་ བཅའ་མར་གཏོགས་མི་ཚུ་གིས་འབད་བ་ཅིན་ མི་སེར་ཚུ་གིས་ འཛོམས་འདུའི་སྐོར་ལས་ ཧ་གོ་ཚུགསཔ་བཟོ་ནིའི་དོན་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ གོ་བརྡའི་ལས་རིམ་ཚུ་ དུས་ཚོད་དང་བསྟུན་ འགོ་འདྲེན་འཐབ་དགོཔ་ འདུག་ཟེར་སླབ་ཅི།
ཐིམ་ཕུ་བཙག་འཐུའི་འགོ་དཔོན་ ཆོས་ཉིད་རྡོ་རྗེ་གིས་འབད་བ་ཅིན་ ཁོང་གིས་ འཛོམས་འདུའི་སྐོར་ལས་ ཉིནམ་༤ གི་ཧེ་མ་ལས་ རྒྱང་བསྒྲགས་ཐོག་ལས་ གསལ་བསྒྲགས་འབད་བའི་ཁར་ ཚོགས་པ་ཚུ་ལུ་ཡང་ བརྒྱུད་འཕྲིན་གྱི་ཐོག་ལས་ བརྡ་སྤྲོད་འབད་ཡོདཔ་མ་ཚད་ ཡི་གུ་ཡང་ བཏང་ཡི་ཟེར་ཨིན་པས།
ཚེ་རིང་གིས་ རྒྱ་གར་ མ་ད་རཱསི་གཙུག་ལག་སློབ་སྡེ་ལས་ མིག་མཐོང་བརྡ་དོན་ནང་ མཐོ་རིམ་ཤེས་ཚད་ མཇུག་བསྡུ་ཡོདཔ་ད་ དེ་གི་ཤུལ་ལས་ ལོ་༢ ཀྱི་རིང་ ཚོང་འབྲེལ་གྱི་ ལཱ་འབད་ཡོདཔ་མ་ཚད་ འབྲུག་རྒྱང་བསྒྲགས་ལས་འཛིན་ནང་ ལོ་༣ དེ་ཅིག་ ཞབས་ཏོག་ཞུ་ཡོདཔ་ཨིན་པས།
ཚེ་རིང་གིས་སླབ་མིའི་ནང་ གལ་སྲིད་ ཁོ་བཙག་འཐུ་འགྲུབ་པ་ཅིན་ འདས་པའི་སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ ཁོང་ར་གིས་ ཁས་ལེན་འབད་མི་ཚུ་ ཚུལ་མཐུན་སྦེ་ གྲུབ་ཡོད་མེད་ཀྱི་སྐོར་ལས་ བསྐྱར་ཞིབ་འབད་ནི་ཨིན་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment