གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནིའུ་ཡོག་ལུ་ རྒྱལ་སྤྱི་དགའ་སྐྱིད་ཀྱི་ ཉིནམ་བརྩི་སྲུང་།

༢༣/༣/༢༠༡༣   ༉ སྤྱི་ཟླ་༣ པའི་ཚེས་༢༠ ལུ་ འཛམ་གླིང་རྒྱལ་སྤྱི་དགའ་སྐྱིད་ཀྱི་ ཉིནམ་བརྩི་སྲུང་དང་པའི་ནང་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ བཱན་ཀི་མཱུན་གྱིས་ དགའ་སྐྱིད་ལུ་བརྩོན་ནིའི་དོན་ལས་ གཞི་རྟེན་ཞབས་ཏོག་མེད་མི་ཚུ་གི་ ཕན་བདེ་ཡར་དྲག་གཏང་ནི་ཨིན་མི་ ཡུན་བརྟན་གོང་འཕེལ་ལུ་ རྒྱལ་སྤྱི་མི་སྡེ་ཚུ་གིས་ ཁས་ལེན་འབད་དགོ་པའི་ དྲན་བསྐུལ་འབད་ཡོདཔ་ཨིན་པས།


ཁོ་གིས་འབད་བ་ཅིན་ འཛམ་གླིང་ནང་གི་ མི་སེར་ཚུ་གིས་ འཇིགས་སྣང་ག་ནི་ཡང་མེད་པར་ མི་ཚེ་དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་སྦེ་ སྡོད་ནི་དང་ རང་བཞིན་གནས་སྟངས་དང་མཐུནམ་སྦེ་ སྡོད་ནི་གི་ རེ་བ་བསྐྱེདཔ་ཨིན་རུང་ ཕན་བདེའི་དོན་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་ཡང་མེདཔ་ལས་ མི་མང་རབས་ཅིག་ དབུལ་ཕོངས་ཀྱི་ གནས་སྟངས་ནང་ གནས་ཡོད་ཟེར་ཨིན་པས།
དགའ་སྐྱིད་ཀྱི་ ཉིནམ་བརྩི་སྲུང་གི་དོན་ལུ་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་འཇགས་སྐུ་ཚབ་ཡིག་ཚང་གིས་ མ་འོངས་པའི་ཡུན་བརྟན་གྱི་དོན་ལུ་ ངེས་པར་དུ་ ཁག་ཆེ་ཟེར་ དགའ་སྐྱིད་དང་ ཕན་བདེ་གི་ བརྗོད་དོན་ཐོག་ལུ་ གྲོས་བསྡུར་ལས་རིམ་ཅིག་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་མི་དེ་ནང་ འཐུས་མི་རྒྱལ་ཁབ་དང་ འཛམ་གླིང་སྤྱི་ཚོགས་ཀྱི་ འགོ་དཔོན་ཚུ་གིས་གཙོས་པའི་ ཤེས་རིག་མཁན་དང་ གཞུང་མིན་ལས་ཚོགས་ སློབ་ཕྲུག་འབདཝ་ད་ མི་གྲངས་༥༠༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
འབྲུག་གི་གཏན་འཇགས་སྐུ་ཚབ་ ལྷ་ཕྲུག་དབང་ཕྱུག་གིས་ མ་འོངས་ཡུན་བརྟན་གྱི་དོན་ལུ་ དགའ་སྐྱིད་དང་ ཕན་བདེའི་དོན་དག་གཏིང་ཟབ་སྦེ་ ཧ་གོ་དགོཔ་ གལ་ཆེ་བའི་སྐོར་ལས་ གསལ་བཤད་འབད་ཡོད་པའི་གནས་ཚུལ།

No comments:

Post a Comment