གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆརཔ་གི་གནོད་སྐྱོན་བཀག་ཐབས་ལུ་ སྔོན་འགྲོའི་ཞིབ་འཚོལ་མཇུག་བསྡུ་ཡོདཔ།

༢༡/༣/༢༠༡༣   ༉ གནམ་བྱཱར་གྱི་དུས་ཚོད་ རན་དོ་ཡོད་མི་དང་འབྲེལ་ ས་གནས་ཐདམ་ཐད་ཁ་ལས་ཕར་ ཆུ་རུད་དང་ ས་རུད་ཆད་པའི་དཀའ་ངལ་ ལེ་ཤ་ཡོད་མི་ཚུ་གི་གྲས་ལས་ གཅིག་ རྒྱལ་ཁབ་ཀྱི་ ཚོང་འབྲེལ་རྒྱུན་ལམ་ ངོ་མ་ཅིག་ཨིན་མི་ ཕུན་ཚོགས་གླིང་གི་ལྟག་ལུ་ རིན་ཆེན་སྡིངས་ཀྱི་ས་ཁོངས་ནང་ ས་རུད་ཆད་དེ་ ལམ་བསུབ་ནིའི་ ཉེན་ཁ་ཡོད་མི་དེ་ སྦོམ་ཤོས་ཅིག་ཨིན་པས།
ས་རུད་ལུ་བརྟེན་ དཀའ་ངལ་སྦོམ་བྱུང་དོ་ཡོད་མི་ རེན་ཆེན་སྡིངས་ས་ཁོངས།


ས་རུད་ཆད་མི་ཚུ་ བཀག་ཐབས་འབད་ནིའི་དོན་ལུ་ ས་ཁམས་རིག་པ་དང་ ས་གཏེར་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ འཆར་གཞི་སྣ་ཚོགས་བརྩམས་ཐོག་ལས་ ལཱ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ལས་ཁུངས་ཀྱི་ ས་ཁམས་རིག་པའི་མཁས་མཆོག་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ན་ཧིང་གི་ ལོ་མཇུག་བསྡུ་ཁམས་ལུ་ འཕྱགས་བདའ་མི་ རིན་ཆེན་སྡིངས་ཀྱི་ ས་ཆ་གི་དོན་ལུ་ སྔོན་འགྲོའི་ཞིབ་འཚོལ་འབད་མི་དེ་ མཇུག་བསྡུ་ནིའི་གུ་ ལྷོད་དེ་ཡོད་ཟེར་ཨིནམ་ད་ ཞིབ་འཚོལ་དང་ བཀག་ཐབས་ཀྱི་དོན་ལུ་ ལས་ཁུངས་ཀྱིས་ རྒྱལ་སྤྱི་རང་བཞིན་གནས་སྟངས་མཐུན་རྐྱེན་ལས་སྡེ་ལས་ དངུལ་ཀྲམ་འབུམ་༥ ཐོབ་སྟེ་ ཡོད་ཟེར་ཨིན་པས།
ས་ཁམས་རིག་པའི་མཁས་མཆོག་ ཕུན་ཚོགས་དཔལ་རྒྱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཞིབ་འཚོལ་གྱི་སྙན་ཞུ་དེ་ཡང་ རྒྱལ་སྤྱི་རང་བཞིན་གནས་སྟངས་མཐུན་རྐྱེན་ལས་སྡེ་ལུ་ ཡིད་ཆེས་སྐྱེད་ཚུགསཔ་བཟོ་སྟེ་ མ་དངུལ་ ཡུ་ཨེསི་ཌོ་ལར་ ས་ཡ་༤ ཡོད་མི་དེ་ ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ནའི་སྐོར་ལས་ ཨིནམ་བཞིན་དུ་ ལས་སྡེ་གིས་ ས་གནས་གཞན་ཁར་ ས་རུད་ཆད་མི་ཚུ་ནང་ ཞིབ་འཚོལ་འབད་ནིའི་དོན་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༢.༥ བྱིན་ཏེ་ཡོད་ཟེར་ཨིན་པས།
ས་ཁམས་རིག་པའི་མཁས་མཆོག་གིས་ སླབ་དོ་བཟུམ་འབད་བ་ཅིན་ མ་དངུལ་ཚུ་ལྷོད་པའི་ཤུལ་ལུ་ སྟེགས་རྩིག་རྐྱབ་ནི་དང་ ཆུ་གཡུར་སེལ་ནི་གིས་མ་ཚད་པར་ ལཱ་གཞན་ཚུ་ཡང་ འབད་ནི་འགོ་བཙུགས་འོང་ཟེར་ཨིན་པས།
ས་ཁམས་མཁས་མཆོག་གཙོ་འཛིན་ ཨོ་རྒྱན་དབང་གྲགས་ཀྱིས་འབད་བ་ཅིན་ ཁོང་གིས་ ཟླ་ངོ་ཅིག་གི་ཧེ་མ་ལས་ ལཱ་ཚུ་ མཇུག་བསྡུ་སྟེ་ཡོདཔ་ལས་ ད་ལྟོ་ ས་དང་རྡོ་གི་སྤུས་ཚད་ཚུ་ལུ་ ཞིབ་འཚོལ་འབད་བའི་བསྒང་ཡོདཔ་ད དེ་གི་གནས་སྡུད་ཚུ་ བསྡུ་བཀོད་འབད་དོ་ཟེར་ཨིན་པས།
སྔོན་འགྲོའི་ཞིབ་འཚོལ་གྱི་ལཱ་ མཇུག་བསྡུ་བའི་ཤུལ་ལུ་ ཕུན་ཚོགས་གླིང་ཁྲོམ་སྡེ་གིས་ ལཱ་འགོ་བཙུགས་དགོ་ཟེར་ ཨིནམ་མ་ཚད་ ལཱ་འགོ་བཙུགས་ནིའི་དོན་ལུ་ རིན་བསྡུར་ཚུ་ འབད་དགོ་ནི་ཨིན་པས།
ཨོ་རྒྱན་དབང་གྲགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་འགུལ་ཚུ་ དུས་ཚོད་ཁར་ མཇུག་དགོ་པ་ཅིན་ ཡུ་ཨེན་ གོང་འཕེལ་ལས་རིམ་གྱིས་ མ་དངུལ་ཚུ་ དུས་ཚོད་ཁར་ བྱིན་དགོ་ཟེར་ཨིནམ་ད་ ས་ཁོངས་ཀྱི་ལཱ་ཚུ་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ལས་འགོ་བཙུགས་ཏེ་ ལོ་མཇུག་ལུ་ ལཱ་མཇུག་བསྡུ་ཚུགས་ནི་ཨིན་རུང་ མ་དངུལ་དུས་ཚོད་ཁར་ འཐོབ་མ་ཚུགས་མི་ལུ་བརྟེན་ ཐོགས་ལུས་སོ་ཡི་ཟེར་ཨིན་པས།
མཁས་མཆོག་ཚུ་གིས་ ཐིམ་ཕུ་དང་ ཕུན་ཚོགས་གླིང་གི་ གཞུང་ལམ་དེ་གིས་ གནམ་བྱཱར་གྱི་དུས་ཚོད་ཁར་ ལོ་ཨ་རྟག་ར་ དཀའ་ངལ་བྱིནམ་མས་ཟེར་ཨིནམ་ད་ ས་ཁོངས་དེ་ནང་ ནོར་བཟའ་སྤྱོད་འབད་སའི་རྩྭ་འབྲོག་དང་ ཆརཔ་མང་སུ་རྐྱབ་མི་ དེ་ལས་ ས་གཏེར་དང་ འཁོར་ལམ་གྱི་ལཱ་ཚུ་ འབད་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
རིན་ཆེན་སྡིངས་ཀྱི་ལས་འགུལ་དེ་ མཐར་འཁྱོལ་བྱུང་པ་ཅིན་ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་གཞན་ཚུ་ནང་ལས་ཕར་ དཀའ་ངལ་ཐོན་ཏེ་ཡོད་མི་ཚུ་ནང་ཡང་ ལས་འགུལ་གྱི་ལཱ་ འགོ་བཙུགས་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment